མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ནས་བོད་ཀྱི་བདེན་མཐའ་གསལ་ན་བོད་ཀྱིས་རྒྱ་དཀར་ནག་བར་གྱི་ཟམ་པ་ལྟ་བུ་བྱེད་ཐུབ་སྐོར་གསུངས།

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༧ ཉིན་རྒྱ་གར་ཨེ་བྷི་ཕི་(ABP) གསར་ཁང་གིས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་དོན་བྱེད་ཕྱོགས་ཐད་བཅར་འདྲི་ཞིག་བྱས་ཡོད་པའི་ནང་དུ། གསར་འགོད་པས་ཁྱེད་ཀྱིས་རང་དབང་གཙང་མ་འདོད་ཀྱི་ཡོད་དམ། བོད་དེ་རྒྱ་ནག་ནང་གི་རང་སྐྱོང་ས་ཁུལ་ཞིག་འདོད་ཀྱི་ཡོད། དེ་གཉིས་བར་ཁྱད་པར་ག་རེ་ཡོད་མེད་དྲིས་པར་སྲིད་སྐྱོང་མཆོག་གིས། རང་དབང་ནི་བདག་དབང་ཆ་ཚང་ཡོད་པའི་ཐོག་ནས་ཆེས་སྤྱིར་བཏང་དང་སྒེར་ཚུགས་ཅན་གྱི་དམིགས་བསལ་གྱི་ཐ་སྙད་ཅིག་རེད། ༧གོང་ས་རྒྱལ་བ་རིན་པ་ཆེ་མཆོག་གིས་བོད་པ་དང་ཕྱོགས་མང་པོའི་ཐོག་ནས་ཁེ་ཕན་ཡོད་མིན་ཐད་དགོངས་པ་ཆེན་པོ་བཞེས་ཏེ། དབུ་མའི་ལམ་གྱི་སྲིད་ཇུས་བརྒྱུད་ནས་རང་སྐྱོང་ཐོབ་འདོད་ཡོད་པ་ལས་རང་བཙན་རྩོད་འདོད་མེད་ཅེས་གསུངས་འདུག

དེང་སྐབས་རྒྱ་གར་གྱིས་བོད་དོན་ལ་འཛིན་པའི་ལྟ་སྟངས་ག་འདྲ་ཡོད་མེད་དྲིས་པར་ཁོང་གིས། ཚོར་བ་རྣོ་བོའི་ཐོག་ནས་ལྟ་ཞིབ་བྱས་ཚེ་འགྱུར་བ་ཕྲན་བུ་མཐོང་ཐུབ་པ་ཞིག་རེད། སྤྱིར་བཏང་གི་ཐོག་ནས་བལྟས་པ་ཡིན་ན་དེ་འདྲའི་གསལ་བོ་ཞིག་མ་རེད། རྒྱ་གར་གྱི་གཞུང་ཁོངས་མིན་པའི་ཤེས་ཡོན་ཅན་མང་པོས་བོད་དོན་ཐོག་རྩོམ་ཡིག་མང་པོ་བྲིས་ཡོད། མང་ཆེ་ཤོས་ནི་ཕྱོགས་འགལ་ཚོགས་པའི་ཕྱོགས་ནས་ཡོང་གི་ཡོད་པས། སྤྱི་ཡོངས་ནས་བོད་རྒྱའི་དཀའ་རྙོག་ལ་ཁེ་ཕན་ཡོད་ཀྱང་། རྒྱ་གར་རྒྱང་དུ་བཀྱེད་ཡོད་པ་ནི་དྲི་བ་ཞིག་ཡིན་ལ། རྒྱ་དཀར་ནག་གཉིས་ཀྱི་ས་མཚམས་ཀྱི་གནད་དོན་གྱིས་བོད་རྒྱའི་དཀའ་རྙོག་ལ་ཤུགས་རྐྱེན་ཐེབས་ཡོད་མེད་ཐད་ཁོང་གིས། རྒྱ་དཀར་ནག་གཉིིས་ཀྱི་ས་མཚམས་རྩོད་རྙོག་སྐབས་སུ་བོད་ཀྱང་རང་བཞིན་གྱིས་རྩོད་རྙོག་དེའི་ཆ་ཤས་སུ་གྱུར་བ་རེད། ས་མཚམས་ཀྱི་རྩོད་རྙོག་ནི་རྒྱ་གར་དང་བོད་གཉིས་ཀྱི་ས་མཚམས་སུ་ཁེལ་ཡོད་པ་དང་། རྒྱ་ནག་གིས་བོད་ཀྱི་ས་ཁུལ་ཡིན་ཚུལ་བཤད་ཀྱི་ཡོད་པ་རེད། ཡིན་ནའང་ང་ཚོའི་མཐའ་མཚམས་སྐོར་ལ་གསལ་བོ་ཡོད། ༧རྒྱལ་དབང་སྐུ་ཕྲེང་ལྔ་བའི་སྐབས་སུ་ལ་དྭགས་ཀྱི་ས་མཚམས་གཏན་འབེབ་བྱས་ཡོད་ཅིང་། བོད་རང་བཙན་རྒྱལ་ཁབ་ཀྱི་མིང་ཐོག་ནས་རྒྱ་གར་དབྱིན་གཞུང་དང་མཉམ་དུ་མེ་ཁི་མཱ་ཧོན་ས་ཐིག་བརྒྱབ་པ་རེད། རྒྱ་གར་མུ་མཐུད་ནས་མེ་ཁི་མཱ་ཧོན་ས་ཐིག་ལྟར་འགྲོ་བཞིན་ཡོད་པ་རེད། དེ་ནི་སྐབས་དེའི་བོད་ཀྱི་གནས་བབ་ངོས་འཛིན་བྱས་ཡོད་པ་མཚོན་ཡོད། དེ་ཡང་གང་མགྱོགས་འགྲུབ་ཐུབ་པ་ཞིག་ཀྱང་མ་རེད། རྒྱ་གར་ལ་མཚོན་ན་གལ་ཆེ་ཤོས་ནི་དམངས་གཙོའི་རྒྱལ་ཁབ་ཅིག་གི་ངོས་ནས་དེའི་སྐབས་ཀྱི་མཐའ་མཚམས་ཀྱི་གནས་སྟངས་ཐོག་ནས་བསྡད་ཐུབ་རྒྱུ་དེ་རེད། རྒྱ་ནག་གཞུང་གི་དབང་འོག་བསླུ་བྲིད་འོག་མ་འགྲོ་བ་བྱེད་དགོས། ང་ཚོར་མཚོན་ན་དེ་ནི་ཧ་ཅང་རིན་ཐང་ལྡན་པ་ཞིག་རེད། ཅེས་གསུངས་སོང་།

ཞི་ཅིན་ཕིན་གྱི་སྲིད་འཛིན་འོག་ཏུ་རྒྱ་ནག་ནང་དུ་དཀའ་རྙོག་འབྱུང་གི་ཡོད་མེད་ཐད་ཁོང་གིས། དབང་ཆ་ཚང་མ་མི་གཅིག་གི་ལག་ཏུ་ཡོད་དུས་སྡུག་པོ་འབྱུང་སྲིད་ལ་ཡག་པོའང་འབྱུང་སྲིད་པ་རེད། གལ་སྲིད་ཡག་པོ་བྱུང་བ་ཡིན་ན་ཁོས་རང་ཉིད་རྒྱལ་ཁབ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཁ་ཕྱོགས་ཡག་པོ་ཞིག་ཏུ་འཁྲིད་ཐུབ་ཀྱང་། ཁ་ཕྱོགས་ལོག་པར་འགྲོ་བའི་ཐག་གཅོད་བྱུང་བ་ཡིན་ན་ཚང་མ་རྐྱེན་ངན་གོད་ཆག་ཅིག་ཏུ་འགྲོ་རྒྱུ་རེད། ཞི་ཅིན་ཕིན་གྱིས་མའོ་ཡི་རྒྱ་ནག་དམར་ཤོག་ཚོགས་པའི་གལ་ཆེན་རང་བཞིན་དང་རྒྱ་བསྐྱེད་བྱེད་པའི་བསམ་བློ་འཁོར་བཞིན་ཡོད། ད་ལྟའི་རྒྱ་ནག་གི་མགོ་ཁྲིད་རྣམས་ཀྱིས་སྐད་ཆ་ཚང་མ་རྒྱལ་སྲུང་དང་སྲ་བརྟན་སྐོར་ལས་གཞན་ཅི་ཡང་མེད།  སུ་ཞིག་ཡིན་རུང་དེའི་སྐོར་ལ་སྐུལ་འདེད་བྱེད་བཞིན་ཡོད་ཅིང་། རྒྱ་ནག་གིས་རྒྱལ་ཁབ་གཞན་པར་བཙན་འཛུལ་བྱེད་པ་དང་མི་སེར་སྤེལ་བའི་བསམ་བློ་ཡོད་པ་མ་ཟད། རྒྱ་ནག་ནི་དམག་དཔུང་གི་ཚོགས་པ་ཞིག་ཡིན་ཡང་། ཉི་ཧོང་དང་། ཐའེ་ཝན། ཨོ་གླིང་། ལྷོ་ཤར་ཨེ་ཤ་ཡའི་ཧྤི་ལི་ཕིན་དང་། མཱ་ལེ་ཞི་ཡ། ཝི་ཌི་ནམ། རྒྱ་གར་བཅས་ནི་དེ་ལྟར་མ་རེད། ངས་ནམ་རྒྱུན་རྒྱ་གར་ནི་རྒྱལ་ཁབ་རང་ཉིད་ཀྱི་ཆེད་དུ་ཁེ་ཕན་སྲུང་སྐྱོབ་བྱེད་མཁན་ཞིག་ཏུ་ངོས་འཛིན་བྱེད་ཀྱི་ཡོད། རང་ཉིད་ཀྱི་མངའ་ཁོངས་དང་བདག་དབང་སྲུང་སྐྱོབ་བྱ་རྒྱུ་གལ་ཆེན་པོ་རེད། མཐའ་མཚམས་ཀྱི་ཐོག་ནས་ང་ཚོར་རྒྱ་གར་གཞུང་དང་དཀའ་རྙོག་གང་ཡང་མེད་པས། རྒྱ་ནག་གཞུང་ལ་རྒྱ་གར་གྱི་མཐའ་མཚམས་གནད་དོན་ཐོག་ག་རེ་བྱས་ནས་དཀའ་ངལ་ཡོད་པ་རེད། ཅེས་གསུངས་སོང་།

༧གོང་ས་མཆོག་སྐུ་འཚོ་བཞུགས་མ་ཐུབ་ཚེ་རྒྱ་གར་གྱིས་མུ་མཐུད་དུ་བོད་དོན་དང་བོད་མི་སྐྱབས་བཅོལ་བར་རྩ་དོན་གཅིག་པ་འཛིན་མིན་ཐད་ཁོང་གིས། ང་ཚོས་༧གོང་ས་མཆོག་གི་ཡང་སྲིད་རྗེས་མ་ཕེབས་རག་བར་དུ་རྒྱ་གར་གྱིས་སྔར་བཞིན་རྒྱབ་སྐྱོར་བྱེད་པའི་ཡིད་ཆེས་ཡོད། ༧གོང་ས་མཆོག་ནས་དགུང་ལོ་ ༡༡༣ བར་དུ་འཚོ་བཞུགས་གནང་བའི་ཞལ་བཞེས་གནང་ཡོད་ཅིང་། ད་ལྟ་ཁོང་ཉིད་དགུང་ལོ་ ༨༨ ནས་ ༨༩ ཕེབས་བཞིན་ཡོད་ཀྱང་། ཞལ་གྱི་ཚེམས་གཅིག་ཀྱང་ལྷུང་མེད། ངས་རྒྱུན་དུ་རྒྱ་ནག་གི་གྲོགས་པོ་རྣམས་ལ་༧གོང་ས་མཆོག་དང་རྒྱ་ནག་དམར་ཤོག་ཚོགས་པ་གཉིས་ལས་གང་ཞིག་རྒྱུན་རིང་མིན་བལྟ་དགོས་ཟེར་གྱི་ཡོད། ༧སྐུའི་ཡང་སྲིད་ཕེབས་པ་ཡིན་ཡང་༧གོང་ས་མཆོག་གི་བཀའ་དགོངས་བཞིན་བྱོན་རྒྱུ་ཡིན་པ་དང་། ལས་དོན་གཞན་རྣམས་བོད་མིའི་སྒྲིག་འཛུགས་ཀྱིས་བསྒྲུབ་དགོས་ངེས་རེད། ཕྱི་ལོ་ ༡༩༦༠ ནས་བཟུང་༧གོང་ས་མཆོག་ནས་བོད་ཀྱི་དམངས་གཙོ་དབུ་བཙུགས་པ་རེད། ད་ལྟ་བར་དགུང་ལོ་ ༦༤ རིང་ཕྱག་ལས་མཛད་ཡོད། བོད་མི་མང་ལ་དམངས་གཙོ་གསོལ་རས་བསྩལ་ཏེ་མ་འོངས་པའི་བོད་ཀྱི་འགན་འཁུར་ཐུབ་པ་གནང་ཡོད། ༧གོང་ས་མཆོག་ནས་འཐུས་ཤོར་ཆེན་པོ་ཞིག་འབྱུང་དུ་འཇུག་མི་སྲིད། ཡིན་ནའང་ལས་ཀ་ཁ་ཤས་ང་ཚོས་བསྐྱར་ཟློས་བྱས་ཏེ་འགྲོ་དགོས་པ་རེད་ཅེས་གསུངས་འདུག

རྒྱ་གཞུང་གིས་༧སྐུའི་ཡང་སྲིད་ངོས་འཛིན་དང་སྟངས་འཛིན་སྐོར་ལ་ཁོང་གིས། རྒྱ་གཞུང་གིས་ནམ་རྒྱུན་དུ་༧གོང་ས་མཆོག་སྐུ་གྲོངས་བར་སྒུག་བཞིན་ཡོད་པ་རེད། ཁོང་ཚོས་ལོ་ ༢༠ རིང་སྐུ་གྲོངས་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་ལས། ༧གོང་ས་མཆོག་གི་སྐོར་ལ་སེམས་ཁྲལ་གང་ཡང་བྱེད་ཀྱི་མེད། ༧སྐུའི་ཡང་སྲིད་སྐོར་ལ་སེམས་ཁྲལ་བྱས་པ་བརྒྱུད་བོད་ལ་སྟངས་འཛིན་བྱེད་ཐུབ་པ་ཤེས་ཀྱི་ཡོད། ངས་རྒྱ་ནག་དམར་ཤོག་ཚོགས་པར་བརྡ་ལན་སྤྲད་འདོད་པ་ནི། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་པཎ་ཆེན་ཡང་སྲིད་ལ་བོད་མི་གཅིག་གིས་ཀྱང་ངོས་འཛིན་བྱེད་ཀྱི་མེད་པའི་གནས་སྟངས་དེས་འདོད་པ་ཁེངས་ཀྱི་མི་འདུག་གམ། རྒྱ་གཞུང་གིས་མི་མང་ལ་དངུལ་སྤྲད་དེ་བསུ་མ་བྱེད་དུ་འཇུག་གི་ཡོད་པ་རེད། བོད་ནང་གི་བོད་མི་ཚོས་རྒྱ་གཞུང་གི་པཎ་ཆེན་ཡང་སྲིད་ངོས་ལེན་བྱེད་ཀྱི་མེད་པས། རྒྱ་གཞུང་གིས་བསྐོ་བཞག་བྱས་པའི་༧གོང་ས་མཆོག་གི་ཡང་སྲིད་ངོས་འཛིན་ག་འདྲ་བྱེད་ཀྱི་རེད། བོད་མི་ཚོའི་ཐོག་དྲག་གནོན་བྱས་ཀྱང་ངོས་ལེན་བྱེད་མི་སྲིད་པ་ཞིག་རེད། དེའི་ཐོག་ནས་སེམས་འཚབ་བྱེད་དགོས་པ་ཞིག་མ་རེད་ཅེས་གསུངས།

རྒྱ་གར་དང་ཕྱི་རྒྱལ་དུ་བོད་ཀྱི་འཐབ་རྩོད་ལ་སྔར་བཞིན་དོ་སྣང་ཡོང་གི་ཡོད་མེད་ཐད་ཁོང་གིས། དེང་སྐབས་མི་མང་ཤོས་ཀྱིས་དམག་འཁྲུག་ལ་དོ་སྣང་བྱེད་བཞིན་འདུག ང་ཚོས་འཚེ་བ་མེད་པའི་ལས་འགུལ་སྤེལ་བཞིན་ཡོད། ནམ་ཡང་འཐེན་འཁྱེར་དེ་འདྲ་བྱེད་ཀྱི་མ་རེད། དམག་འཁྲུག་དང་འཚེ་བ་བྱས་ན་མི་མང་གིས་ཉིན་རྒྱུན་བཞིན་དོ་སྣང་བྱེད་ཀྱི་རེད། ལས་འགུལ་འདི་ནི་མི་མང་རང་བཞིན་གྱི་འཚེ་བ་མེད་པའི་ལས་འགུལ་ཞིག་ཡིན་དུས། མི་མང་གིས་ཀྱང་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད། བོད་ནང་ནས་གནད་དོན་ཞིག་བྱུང་ན་མི་མང་གིས་བྱ་བ་ཐམས་ཅད་ཡག་པོ་ཡོད་པར་ཡིད་ཆེས་བྱེད་ཐུབ་ཀྱི་མ་རེད། དྲ་ལམ་ནས་ཀྱང་འབྲེལ་གཏུགས་བྱེད་ཐུབ་ཀྱི་མེད། གལ་སྲིད་ཁྱེད་རང་བོད་དུ་འབྱོར་བ་ཡིན་ན། ཁྱེད་ལྟ་སྐོར་དུ་འགྲོ་བར་ལམ་སྟོན་བྱེད་ཀྱང་། རང་དབང་གི་ཐོག་ནས་མི་མང་ལ་ཁ་བརྡ་བྱེད་མི་ཆོག  རྒྱ་ནག་གཞུང་གིས་བོད་དང་ཤིན་ཅང་དུ་དམ་དྲག་ཤུགས་ཆེན་བྱེད་པ་དང་། ལྷོད་ཡངས་འགྲོ་བཞིན་པའི་གནས་སྟངས་སོགས་འཛམ་གླིང་གི་ཤེས་རྟོགས་འབྱུང་མི་སྲིད་པ་ཞིག་རེད། ཉེ་ཆར་རྒྱ་གཞུང་གིས་བོད་ཚུད་པའི་གྲངས་ཉུང་མི་རིགས་ཀྱི་རིགས་རྒྱུད་ངོ་བོ་དང་བཅས་རྩ་བརླག་ཏུ་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་ཡོད་པ་རེད།

སྲིད་སྐྱོང་མཆོག་གིས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་ཀྱི་ཡོད་མེད་ཐད་ཁོང་གིས། ང་ཚོས་ཐབས་ལམ་འཚོལ་བཞིན་ཡོད་ཀྱང་དེའི་སྐོར་ལ་གསལ་སྟོན་བྱ་རྒྱུ་མིན། ད་ལྟ་ང་ཚོས་འབྲེལ་བ་བསྐྱར་གསོ་བྱེད་བཞིན་པའི་གནས་སྐབས་ལ་ཡོད། ཕྱི་རྒྱལ་ལ་འབྲེལ་བ་བྱེད་པར་སྔར་ལས་ཀྱང་ཤུགས་རྒྱག་པའི་འཆར་གཞི་ཡོད་མེད་ཐད་ཁོང་གིས། རྒྱལ་སྤྱིའི་སྤྱི་ཚོགས་ལ་འབྲེལ་བ་བྱེད་པ་དེ་ང་ཚོས་ལས་ཀ་ཡིན། ཡིན་ནའང་རྒྱ་ནག་གི་མཐུན་ཕྱོགས་རྒྱལ་ཁབ་དང་དེའི་མགོ་ཁྲིད་རྣམས་ལ་འབྲེལ་བ་བྱེད་ཐུབ་ཀྱི་མི་འདུག ང་ཚོས་འཛམ་གླིང་གི་དམངས་གཙོ་དང་རང་དབང་ཅན་གྱི་རྒྱལ་ཁབ་ཁག་ལ་འབྲེལ་བ་བྱེད་ཀྱི་ཡོད་ཅེས་གསུངས་འདུག

བོད་མིའི་སྒྲིག་འཛུགས་ལ་འཆར་གཞི་གཞན་ཡོད་མེད་ཐད་ཁོང་གིས། བོད་ཀྱི་གཏམ་དཔེ་ཞིག་ལ་གྲ་སྒྲིག་སྡུག་ས་དང་རེ་བ་བཟང་ས་ནས་རྒྱག་དགོས་ཟེར་བ་བཞིན། ང་ཚོས་རྒྱ་ནག་གཞུང་དང་མཉམ་དུ་དཀའ་རྙོག་སེལ་བ་དང་། ཞི་བདེ་སྲ་བརྟན་ཅན་གྱི་བོད་དུ་ལོག་པའི་རེ་བ་བཟང་པོ་བརྒྱབ་བསྡད་ཡོད། ལོ་རྒྱུས་ཀྱི་ཐོག་ནས་བོད་ནི་འཛམ་གླིང་ཐོག་གི་མི་འབོར་ཆེས་མང་པོའི་རྒྱལ་ཁབ་གཉིས་ཀྱི་བར་དུ་གནས་ཆགས་ཡོད་ཅིང་། གལ་སྲིད་དགོས་མཁོ་འགྲུབ་པ་ཡིན་ན་ང་ཚོས་རྒྱལ་ཁབ་གཉིས་ཀྱི་བར་ཟམ་པ་བྱེད་ཐུབ་ཀྱི་ཡོད། དམིགས་ཡུལ་འདི་འདྲ་ཞིག་གི་ཆེད་དུ་ང་ཚོས་གདོང་ལེན་རེ་རེ་གོ་སྐབས་སུ་བསྒྱུར་ཏེ། རྒྱལ་ཁབ་མི་འདྲ་བ་ ༢༥ ནང་དུ་འཚོ་སྡོད་བྱེད་བཞིན་ཡོད་པའི་བོད་རིགས་གཞོན་སྐྱེས་རྣམས་ཡར་རྒྱས་གོང་འཕེལ་དུ་གཏོང་བཞིན་ཡོད། དུས་མཚུངས་སུ་སློབ་གསོའི་འཛིན་སྐྱོང་དང་། འཕྲུལ་རིག་གྲངས་མཛོད། འཛུགས་སྐྲུན་གྱི་མ་ལག་གསར་སྐྲུན། ཞབས་ཞུ་མཁོ་སྤྲོད་བཅས་བྱ་རྒྱུ་ཡིན། འདི་དག་གལ་ཆེ་བའི་རྒྱུ་ཆ་ཞིག་རེད་ཅེས་གསུངས་སོང་།

བཙན་བྱོལ་གྱི་གཞོན་སྐྱེས་རྣམས་ཀྱིས་བོད་ཀྱི་གནས་སྟངས་མཐོང་མྱོང་མེད་པས་བོད་དོན་ཐོག་ཉམས་མྱོང་ཡོད་མེད་ཐད་ཁོང་གིས། ཁོང་ཚོ་བོད་དོན་ཐོག་སེམས་ཤུགས་ཆེན་པོ་ཡོད་པ་རེད། ད་ལོ་འཛམ་གླིང་རྒྱལ་ཁབ་ཁག་གི་བོད་རིིགས་གཞོན་སྐྱེས་རྣམས་འདུ་འཛོམས་བྱུང་བ་རེད། ཁོང་ཚོར་སེམས་ཤུགས་ཆེན་པོ་འདུག ང་ཡང་རྒྱ་གར་ནས་སྐྱེས་ཀྱང་ཕ་མའི་མདུན་ནས་བོད་ནང་གི་དྲག་སྤྱོད་དང་འཐབ་རྩོད་ཀྱི་གཏམ་རྒྱུད་མང་པོ་གོ་མྱོང་ཡོད། གཞོན་སྐྱེས་རྣམས་ཀྱིས་དེའི་ཐོག་ཏུ་དོ་སྣང་བྱེད་ཀྱི་འདུག་ལ། ང་ཚོས་ལོ་རེ་བཞིན་ཚོགས་འདུ་འདྲ་མིན་ཐོག་གཞོན་སྐྱེས་གྲངས་ ༡༠༠ ལ་མགོ་ཁྲིད་ཟབ་སྦྱོང་སྤྲོད་པའི་གཏན་ཁེལ་བྱས་ཡོད། གཞོན་སྐྱེས་རྣམས་ཀྱིས་སོ་སོའི་རྒྱལ་ཁབ་ཏུ་བོད་དོན་ཐོག་ལས་འགུལ་སྤེལ་གྱི་རེད། ཐབས་ལམ་འདི་བརྒྱུད་ནས་ཁོང་ཚོས་ཕྱོགས་མང་པོར་སློབ་སྦྱོང་བྱེད་ཐུབ་པ་དང་། ཉུང་མཐར་ལོ་ངོ་ ༣༠ དང་ ༤༠ རིང་བོད་དོན་ལས་འགུལ་སྤེལ་ཐུབ་རྒྱུ་རེད། ཅེས་གསུངས་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

༢༠༢༦/༠༨/༢༡
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese