མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༸གོང་ས་མཆོག་གིས་ཨ་རིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་བ་ཞིག་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་མཛད།

བོད་ཀྱི་དུས་བབ།
༢༠༢༣/༠༩/༣༠
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་རྣམ་གཉིས་ནས་ཡུན་རིང་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཨ་རིའི་གྲོས་ཚོགས་འཐུས་མི་ལྕམ་སྐུ་ཌ་ནི་ཧྥིན་སི་ཊི་མཆོག་འདས་གྲོངས་སུ་གྱུར་བར་ཐུགས་གསོ་གནང་འདུག

ཁ་སང་ཕྱི་ཚེས་ ༢༩་ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཌ་ནི་ཧྥིན་སི་ཊི་(Dianne Feinstein) མཆོག་དགུང་གྲངས་༩༠ ཐོག་སྐུ་གྲོངས་ཡོད་པར་བརྟེན། དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཁོང་མོའི་ནང་མི་འབྲེལ་ཡོད་བཅས་ལ་ཐུགས་གསོའི་གསུང་འཕྲིན་བསྩལ་འདུག

༸མགོན་པོ་གང་ཉིད་མཆོག་གིས་ཐུགས་གསོའི་གསུང་འཕྲིན་ནང་། ཁོང་མོས་སྐུ་ཚེ་ཧྲིལ་པོ་ཨ་རིའི་མི་མང་དང་། བྱེ་བྲག་ཏུ་ཀེ་ལོ་ཕོ་ནི་ཡ་མངའ་སྡེ། དེ་རྗེས་གྲོས་ཚོགས་གོང་མའི་འཐུས་མི་གནང་སྟེ་སྤྱི་ཚོགས་ཀྱི་ཞབས་ཞུ་བསྒྲུབ་གནང་ཡོད། ང་ཚོ་ཐོག་མར་ཕྱི་ལོ་ ༡༩༧༨ ལོར་ཁོང་གི་སྐུ་ཟླ་རི་ཅཊ་བྷོ་ལོམ་ (Richard Blum) མཆོག་གིས་ཁོང་མོ་རྡ་རམ་ས་ལར་མཉམ་འཁྲིད་གནང་སྐབས་ཐུག་འཕྲད་བྱུང་། དུས་དེ་ནས་བཟུང་ངོས་ལ་ཁོང་མོས་རྒྱབ་སྐྱོར་ཆ་ཚང་གནང་སྟེ། ངོས་རང་ཕྱི་ལོ་ ༡༩༧༩ ལོར་ཨ་རིར་ཐོག་མར་བསྐྱོད་རྒྱུ་མཚོན་པའི་ཨ་རི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་རྒྱུའི་ལས་གཞི་མང་པོའི་ནང་མཉམ་ཞུགས་གནང་ཡོད། ཁོང་མོ་དང་སྐབས་དེའི་རྒྱ་ནག་གི་སྲིད་འཛིན་ཇང་ཙེ་མིན་གྲོགས་འདྲིས་ཡོད་པའི་རྐྱེན་གྱིས་རྒྱ་ནག་གཞུང་གི་འགོ་ཁྲིད་ཚོར་ང་ཚོའི་ལྷག་བསམ་རྣམ་དག་གི་བརྡ་འཕྲིན་སྐྱེལ་རྒྱུའི་གོ་སྐབས་བྱུང་བས་ཕན་ཐོགས་ཆེན་པོ་བྱུང་། ཞེས་དང་། ཞིང་གཤེགས་སྐུ་ལྕམ་ཁོང་མོས་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བར་བཀའ་དྲིན་རྗེས་དྲན་ཞུ་ཡི་ཡོད་སྐོར་བཅས་གསུངས་འདུག

ཡང་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཐུགས་གསོ་གནང་བའི་ནང་། སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་ཐུགས་མཉེས་པོ་གནང་ཡུལ་གྱི་མཛའ་གྲོགས་དང་། བོད་དང་བོད་མིའི་རྩ་དོན་ལ་ཕན་ཐོགས་ཤུགས་ཆེ་གནང་མཁན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ལྕམ་སྐུ་ཊེ་ན་ཕ་ཧེན་སི་ཊིན་མཆོག་སྐུ་ཚེ་མ་ཟིན་པའི་ཡིད་སྐྱོའི་གནས་ཚུལ་ཐོན་པར་ངས་ཐུགས་གསོ་ཞུ་རྒྱུ་ཡིན།

ཕྱི་ལོ་ ༡༩༧༩ ཟླ་བ་ ༠༩ ནང་ཁོང་མོ་སན་ཕེ་རན་སིས་ཀོ་གྲོང་སྡེའི་སྤྱི་ཁྱབ་གནང་སྐབས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དབུ་འབྱེད་མཛད་སྒོར་མགྲོན་འབོད་གནང་ཞིང་། ལོ་རྒྱུས་རང་བཞིན་ལྡན་པའི་མགྲོན་འབོད་དེ་ནི་མགོན་པོ་མཆོག་ཨ་རིར་ཕེབས་པ་ཐེངས་དང་པོ་ཡིན། ཕྱོགས་ཕེབས་དེ་ལ་བརྟེན་ནས་བོད་མི་དང་ཨ་རིའི་མི་མང་བར་བསམ་ཤེས་དང་གྲོགས་འདྲིས་ཀྱི་རྩ་བ་ཚུགས་ཡོད།

དེ་དང་ཕྱོགས་མཚུངས་ལྕམ་སྐུ་ཊེ་ན་ཕ་ཧེན་སི་ཊིན་མཆོག་གིས་ཨ་རིའི་གྲོས་ཚོགས་ནས་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ལ་ཞབས་འདེགས་དང་། ཞི་བདེ། གཉིས་ཕན་བསམ་ཤེས་ཀྱི་དགོངས་གཞིར་ངོས་འཛིན་གྱི་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་རྟགས་མ་འབུལ་བཞེས་གནང་ཕྱོགས་ཀྱི་གྲོས་ཆོད་ངོ་སྤྲོད་གནང་ཡོད། དེ་ཙམ་མ་ཟད་ཁོང་མོས་ཨ་རིའི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་ཀྱི་བོད་དོན་སྲིད་བྱུས་ཀྱི་ཁྲིམས་ཡིག་གཏན་འབེབས་གནང་བར་ཞབས་འདེགས་རླབས་ཆེ་བསྒྲུབས་ཡོད་པ་རེད། དེ་ལྟར་ལྕམ་སྐུ་ཊེ་ན་ཕ་ཧེན་སི་ཊིན་མཆོག་གིས་ཨ་རི་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་ཚད་མཐོ་གནང་ཕྱོགས་ཀྱི་ལམ་བུ་བསྟན་ཡོད། ལྕམ་སྐུ་ཊེ་ན་ཕ་ཧེན་སི་ཊིན་མཆོག་གིས་ལྷག་བསམ་གཡོ་བ་མེད་པའི་ཐོག་ནས་བོད་དོན་རྒྱབ་སྐྱོར་དང་ཞུ་གཏུག་གནང་བ་དེས་བོད་ཀྱི་རང་དབང་འཐབ་རྩོད་ཀྱི་རྒྱུད་རིམ་ནང་ཟུབ་ཐབས་མེད་པའི་ཤུལ་རྗེས་བཞག་ཡོད། ཅེས་གསུངས་འདུག

ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་ཡུན་རིང་ཤོས་མང་གཙོ་ཚོགས་པའི་འཐུས་མི་བོད་དོན་རྒྱབ་སྐྱོར་བ་ལྕམ་(Dianne Feinstein) ལགས་དགུང་ལོ་དགུ་བཅུའི་སྟེང་དགོངས་པ་རྫོགས་ཡོད་པ་དང་། ཁོང་མོས་འདས་པའི་ལོ་བཅུ་ཕྲག་འགའི་རིང་བོད་དོན་ལ་ལྷག་བསམ་རྣམ་དག་གིས་རྒྱབ་སྐྱོར་གནང་བ་མ་ཟད། ༸གོང་ས་མཆོག་དང་ཐུགས་འབྲེལ་ཟབ་པའི་ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་ཀྱང་ཡིན་པ་རེད་ལ། ཨ་རིའི་གྲོས་ཚོགས་ནང་ཡུན་རིང་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་གཟེངས་སུ་ཐོན་པའི་ཕྱག་ལས་གནང་ཞིང་། ཁོང་མོས་ཕྱི་ལོ་ ༢༠༠༠ ཡས་མས་ལ་བོད་རྒྱ་གྲོས་མོལ་སླར་གསོ་ཡོང་ཐབས་སུ་མཐུན་འགྱུར་དང་རྒྱབ་སྐྱོར་ཤུགས་ཆེན་གནང་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese