མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བཞིའི་ནང་ཕྱོགས་ཕེབས་གནང་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་བྷི་རཱ་ཛིལ་སཱོ་པུ་ལོ་མངའ་སྡེའི་གྲོས་ཚོགས་སུ་བོད་ནང་གི་ཛ་དྲག་གནས་སྟངས་དང་། བྷི་རཱ་ཛིལ་དབུས་དང་ས་གནས་གཞུང་གིས་རྒྱ་ནག་དང་མ་འཛུགས་ལས་གཞི་ཐོག་དོགས་ཟོན་གནང་དགོས་སྐོར་གསུངས་འདུག

སྲིད་སྐྱོང་མཆོག་གིས་ཡུ་རོབ་གྲོས་ཚོགས་སྐུ་ཚབ་ཚོགས་ཆུང་དང་མཇལ་འཕྲད་གནང་། སྲིད་སྐྱོང་གི་ཊི་ཝེ་ཊར་གྱི་པར། ༢༠༢༣།༠༩།༣༠

ཨ་རིའི་རྒྱལ་ཡོངས་གསར་འགོད་མཐུན་ཚོགས་ཀྱིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་གཉིས་པའི་ཐོག་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་བོད་ཀྱི་ས་ཁམས་ཆགས་སྟངས་དང་། ཆོས་དང་རིག་གཞུང་གི་སྐོར་དང་། རྒྱ་ནག་གི་རྒྱུད་གཅིག་ལམ་གཅིག་གིས་བོད་ཀྱི་ངོ་བོ་རྩ་བརླག་གཏོང་ཉེན་ཡོད་སྐོར་སོགས་ཀྱི་ཐོག་གསུང་བཤད་གནང་རྒྱུ་དང་། ཕྱི་ཚེས་ ༡༩ ཉིན་གྱི་དགོང་དྲོ་ཆུ་ཚོད་བཞི་བར་ཇོར་ཇི་མཱ་སོན་ (George Mason) གཙུག་ལག་སློབ་གླིང་དུ། སྲིད་སྐྱོང་མཆོག་ནས་བོད་རྒྱའི་དཀའ་རྙོག་སེལ་བར་བོད་ཀྱི་སྐུ་ཚབ་གལ་ཆེན་ཡིན་པའི་སྐོར་དང་བོད་ཀྱི་ས་ཁམས་ཆགས་སྟངས་དང་། རིག་གཞུང་གི་གལ་གནད་ཐོག་བགྲོ་གླེང་གནང་རྒྱུ་བཅས་ཡིན་འདུག

ཕྱི་ཟླ་ ༩ ཚེས་ ༢༩ ནས་ཕྱི་ཟླ་ ༡༠ ཚེས་ ༢༤ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ལྷོ་ཨ་མེ་རི་ཁའི་རྒྱལ་ཁབ་བྷི་རཱ་ཛིལ་དང་། ཀོ་སི་ཊ་རི་ཀ ཀོ་ལིམ་བྷི་ཡ། མེ་སི་ཁོ། ཨ་རི་བཅས་སུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༢ ཉིན་གྱི་སྔ་དྲོར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྷི་རཱ་ཛིལ་སཱོ་པུ་ལོ་མངའ་སྡེའི་གྲོས་ཚོགས་ཀྱི་ཚོགས་གཙོ་ཨན་ཌི་རེ་ཌོ་པ་རཱ་ཌོ་(Andre do Prado)་མཆོག་དང་། ཚོགས་གཞོན་གྷིལ་ཌི་ནུ་ཛི་(Gil Dinuz) མཆོག ངལ་རྩོལ་སྲིད་དོན་ཚོགས་པའི་ཚོགས་མི་པུ་ལཱ་ཧྥོ་རི་ལོ་(Paula Fiorilo) ལགས། སྤྱི་མཐུན་སྲིད་དོན་ཚོགས་པ་དང་རྒྱལ་སྤྱིའི་མཛའ་འབྲེལ་ཚོགས་པའི་ཚོགས་མི་རུའི་ཨལ་ཧྥ་སི་(Rui Alves) ལགས་བཅས་ལ་མཇལ་འཕྲད་གནང་ཡོད་ཅིང་། སྐབས་དེར་སྲིད་སྐྱོང་མཆོག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ངོ་སྤྲོད་དང་། བྷི་རཱ་ཛིལ་དབུས་དང་ས་གནས་གཞུང་ངོས་ནས་རྒྱ་ནག་གཞུང་གི་མ་འཛུགས་ལས་གཞིའི་ཐོག་དོགས་ཟོན་གནང་དགོས་སྐོར་གསུངས་འདུག

Sikyong Penpa Tsering received a warm welcome at the Sao Paulo Legislative Assembly

ཉིན་རྒྱབ་གྲོང་སྡེ་ལྷན་ཚོགས་ཀྱི་སྤྱི་ཁྱབ་ལས་ཁུངས་སུ་སྲིད་སྐྱོང་མཆོག་གིས་སཱོ་པུ་ལོའི་གྲོང་ཁྱེར་གྱི་འགྲོ་བ་མིའི་ཐོབ་ཐང་ཚན་པའི་དྲུང་ཆེ་སོ་ནིན་ཧཱ་ (Soninha Francine) ལགས་དང་། གནམ་གཤིས་གནས་ཚུལ་གྱི་དྲུང་ཆེ་གྷིལ་བྷར་ཌོ་བཱ་ཐཱ་ལི་ནི (Gilberto Natalini )ལགས་གཉིས་དང་མཇལ་འཕྲད་གནང་ཡོད་ཅིང་། དགོང་དྲོ་སྲིད་སྐྱོང་མཆོག་ནས་སཱོ་པུ་ལོ་གཙུག་ལག་སློབ་གཉེར་ཁང་དུ་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་དང་། བོད་མིའི་རིག་གཞུང་སོགས་དང་འབྲེལ་བའི་གནད་དོན་ཐོག་གསུང་བཤད་གནང་ཡོད་པ་རེད།

ཟླ་འདིའི་ཕྱི་ཚེས་ ༡ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་བྷི་རཱ་ཛིལ་གྱི་རྒྱལ་ས་སའོ་པོ་ལོ་རུ་ (Longevidade Expo + Forum) ཞེས་པའི་ལྷན་ཚོགས་སུ་མཉམ་ཞུགས་གནང་ཡོད་པ་དང་། ལྷན་ཚོགས་ཀྱི་འགན་འཛིན་ཝལ་ཌར་ཧྤ་ཌི་མན་(Walter Feldman)ལགས་དང་། ལྷན་ཚོགས་ཐོག་མར་གསར་འཛུགས་གནང་མཁན་ཧྤ་རན་ཁི་སི་སོ་སཱན་ཌོ་སི་ (Francisco Santos) ལགས་བཅས་ཚོགས་མི་ཁག་ཅིག་དང་མཇལ་འཕྲད་གནང་འདུག སྐབས་དེར་སྲིད་སྐྱོང་མཆོག་ནས་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེ་བའི་མཛད་འཕྲིན་སྐོར་དང་། ད་ལྟ་གཉན་འཕྲང་ཆེ་བའི་བོད་ཀྱི་གནས་སྟངས་དང་བོད་བརྒྱུད་ནང་བསྟན་བཅས་ཀྱི་སྐོར་ལ་བགྲོ་གླེང་གནང་ཡོད་འདུག་ལ།  ཉིན་དེའི་རྒྱབ་ཏུ་སྲིད་སྐྱོང་མཆོག་གིས་བྷི་ར་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་དང་མཇལ་མོལ་གནང་ཞིང་།  དེ་ནས་དེ་གའི་རྒྱ་གར་གྱི་མིག་(indian eye) ཞེས་པའི་གསར་ཁང་གི་བཅར་འདྲི་དང་ལེན་གནང་ཡོད་འདུག

Sikyong also paid a visit to the Tibet House Brasil

ཕྱི་ཚེས་ ༡ ཉིན་གྱི་ཞོགས་པར་སྲིད་སྐྱོང་མཆོག་ལྷོ་ཨ་མེ་རི་ཁའི་བྷི་རཱ་ཛིལ་གྱི་རྒྱལ་ས་སཱོ་པུ་ལོའི་གནམ་ཐང་དུ་ཕེབས་འབྱོར་བྱུང་ཡོད་པ་དང་། སྐབས་དེར་ལྷོ་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་འཇིགས་མེད་ཚེ་རིང་ལགས་དང་། བྷི་རཱ་ཛིལ་བོད་ཁང་གི་འགན་འཛིན་ལྷན་ཚོགས་ཀྱི་དབུ་འཛིན་བླ་མ་རིན་ཆེན་ལགས། བོད་དོན་རྒྱབ་སྐྱོར་བ་སཱིན་ཌ་རཱ་ཧྥར་ནཱན་ཌི་སི་ (Sandra Fernandes Erickson) ལགས། བྷི་རཱ་ཛིལ་བོད་ཁང་གི་ལས་བྱེད་ཌེ་ནིལ་སེར་མན་ཌོ་(Daniel Sermento) ལགས་བཅས་ནས་སྣེ་ལེན་ཞུས་ཡོད་འདུག ཡང་ཕྱི་ཟླ་ ༩ ཚེས་ ༣༠ ཉིན་སྲིད་སྐྱོང་མཆོག་གིས་ཡུ་རོབ་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་དང་མཇལ་འཕྲད་གནང་སྟེ། ཡུ་རོབ་ཀྱིས་རྒྱ་ནག་གཞུང་གི་སྲིད་ཇུས་འཛིན་སྟངས་ལ་གདོང་ལེན་བྱེད་ཕྱོགས་དང་། བོད་དོན་ཐོག་བཟང་ཕྱོགས་སུ་འགྱུར་བ་གཏོང་ཐབས་སྐོར་བགྲོ་གླེང་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

ཆུ་ཚོད་ ༢༣ སྔོན་ལ།
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

ཆུ་ཚོད་ ༢༤ སྔོན་ལ།
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese