མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ལ་བཙན་འཛུལ་བྱས་པ་དེ་འཛམ་གླིང་མི་མང་ལ་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་ ༧༤ འཁོར་བའི་དུས་ཆེན་སྲུང་གཙིའི་སྐབས། རྒྱ་གར་དང་ཨ་རི། ཁེ་ན་ཌ། ཡུ་རོབ་སོགས་འཛམ་གླིང་ས་ཕྱོགས་གང་སར་བོད་མི་དང་ཡུ་གུར་བ། རྒྱ་རིགས་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་འདུག

རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་ཉིན་དྷ་རམ་ས་ལར་རྒྱ་ནག་གཞུང་ལ་ངོ་རྒོལ་བྱེད་བཞིན་པ། ༢༠༢༣།༡༠།༠༡ ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པར།

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ། རྒྱ་ནག་གཞུང་གིས་རྒྱལ་ས་ལྷ་སའི་ཕོ་བྲང་པོ་ཏཱ་ལའི་མདུན་ཐང་དུ་གཙོ་བྱས་པའི་བོད་ཀྱི་ས་ཁུལ་མང་པོར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པའི་དུས་དྲན་སྲུང་གཙི་ཟེར་བ་འུར་བསྒྲགས་བྱེད་ཀྱི་ཡོད་པའི་ཐད་གཟིགས་ཚུལ་ག་རེ་བྱུང་ཡོད་སྐོར་དྲིས་པར་ཁོང་གིས། སྤྱིར་བཏང་རྒྱ་ནག་གཞུང་གིས་བོད་ལ་དབང་སྒྱུར་བྱས་པའི་རྗེས་སུ། རྒྱ་ནག་གིས་དངོས་གཙོ་སྨྲ་བ་དང་ཆོས་ལུགས་ལ་ཁ་གཏད་གཅག་རྒྱུ་ཡིན་ཁུལ་བྱས་ཏེ་བོད་ཀྱི་དགོན་སྡེ་ཁག་ ༦༠༠༠ ལྷག་གཏོར་བ་རེད། དེ་བཞིན་བོད་ལ་གནའ་སྔ་མོ་ནས་སོ་སོའི་ཆོས་དང་རིག་གཞུང་། དངོས་པོའི་རིག་གཞུང་དཔེར་ན་མཁར་དང་རྫོང་སོགས་དྲན་པ་གསོ་བྱེད་ཀྱི་འཛུགས་སྐྲུན་ཆ་ཚང་གཏོར་བ་རེད། དེ་མིན་ཕོ་བྲང་པོ་ཏཱ་ལ་དང་ཇོ་ཁང་གཅིག་པོ་གཏོར་མེད་པ་རེད། པོ་ཏཱ་ལ་སོགས་མ་གཏོར་བ་དེ་མ་འོངས་པར་མི་རབས་རྗེས་མ་རྣམས་ལ་སོ་སོའི་བྱས་རྗེས་དེ་ངོམ་རྒྱུའི་ཆེད་དུ་རེད་བསམ་གྱི་འདུག ཅེས་དང་། ཨེ་ཤ་ཡའི་ལོ་རྒྱུས་ནང་བོད་ཀྱིས་ཨེ་ཤ་ཡའི་གསུམ་ཆ་གཉིས་དབང་སྒྱུར་བྱས་པ་ཡིན་ཟེར་བ་ལྟ་བུའི་བོད་ཀྱི་ལོ་རྒྱུས་ཐོག་ལ་ཧ་ལས་པའི་གཟི་བརྗིད་དང་སྤོབས་པ་བྱུང་མྱོང་བའི་རྒྱལ་ཁབ་དེ། ད་ལྟ་རྒྱ་ནག་གི་དབང་སྒྱུར་འོག་ཡོད་པའི་རྣམ་པ་སྟོན་ཐབས་བྱེད་ཀྱི་ཡོད་སྐོར་སོགས་བརྗོད་བྱུང་།

གསར་འགོད་པས་རྒྱ་ནག་གཞུང་གིས་བོད་ཀྱི་དགོན་སྡེ་ཁག་ཏུ་རྒྱལ་སྟོན་དུས་ཆེན་གྱི་དྲིལ་བསྒྲགས་ཚ་ཚ་འུར་འུར་སྒྲོག་གིན་པ་དེར་ཆབ་སྲིད་ཀྱི་རྒྱབ་ལྗོངས་ག་རེ་ཡོད་སྐོར་དྲིས་པར་ཁོང་གིས། བོད་མི་རྣམས་ཀྱིས་བླ་མ་ལ་བརྟེན་ནས་སྐྱེ་བ་འདི་དང་ཕྱི་མའི་སྐྱབས་གནས་ཤིག་ལ་ངོས་འཛིན་དང་རྩ་ཆེན་པོ་རྩི་ཡི་ཡོད། འོན་ཀྱང་། དེང་སང་རྒྱ་ནག་གཞུང་གིས་བོད་པའི་ལྷ་དང་བླ་མ་ལས་ལྷག་གིས་རྒྱ་ནག་དམར་ཤོག་ཚོགས་པའི་དབང་ཆ་ཆེ་བ་ཡོད་པར་ངོས་འཛིན་བྱེད་དུ་བཅུག་པ་དང་། ཆོས་ལུགས་ཉམས་དམས་སུ་བཏང་སྟེ་མི་མང་གི་སེམས་ཤུགས་གཅོག་ཐབས་བྱེད་ཀྱིན་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་ལ། ཉེ་ལམ་རྒྱ་ནག་གཞུང་གིས་བོད་ཀྱི་ས་ཁུལ་ཁག་ཅིག་གི་དགོན་སྡེ་ཁག་ཏུ་སྐར་ལྔའི་དར་ཆ་སྒྲེང་འཛུགས་བྱས་ཏེ་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཟེར་བ་དབུ་བརྙེས་པའི་དུས་དྲན་སྲུང་གཙི་བྱེད་དུ་བཅུག་ཡོད་པ་རེད།

རྒྱ་ནག་གིས་བོད་ནང་བཙན་འཛུལ་བྱས་ཏེ་ལོ་ངོ་ ༦༤ ཕྱིན་ཡོད་པར་བརྟེན་བོད་མི་ཚོའི་ངོས་ནས་འགན་ག་རེ་འཁྱེར་དགོས་པ་དང་། རྒྱལ་སྤྱིའི་ཐོག་ལ་བོད་ནང་གི་གནས་སྟངས་འགྲེལ་བརྗོད་གང་འདྲ་བྱ་དགོས་སྐོར་ཐད་ཁོང་གིས། སྤྱིར་བཏང་རྒྱ་ནག་གཞུང་གིས་ཕྱི་ཟླ་ ༡༠ ཚེས་ ༡ ཉིན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་རྒྱལ་སྟོན་དུས་དྲན་བྱས་པ་དང་མཉམ་དུ། བོད་ལ་བཙན་འཛུལ་བྱས་ཡོད་པ་དེ་འཛམ་གླིང་མི་ཚང་མར་དྲན་གསོ་བྱ་རྒྱུ་གལ་ཆེན་པོ་རེད། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་པ་དང་། ང་ཚོ་བོད་ལ་བཙན་འཛུལ་བྱས་པ་རེད། དེ་ནས་བཟུང་ང་ཚོའི་བོད་ཀྱི་རྒྱལ་ཁབ་དང་རང་བཙན་ཤོར་བ་སོགས་རྒྱལ་སྤྱིའི་མི་མང་ལ་དྲན་གསོ་བྱ་དགོས་པ་དང་། ད་ལྟ་འཛམ་གླིང་ཐོག་བཙན་འཛུལ་ལ་ངོ་རྒོལ་བྱེད་དགོས་ཟེར་ནས་དཔེར་ན་ཨུ་རུ་སུ་དང་ཡུ་ཀེ་རེན་གནས་སྟངས་ལྟ་བུ་དང་། དེ་ལས་ལྷག་ང་ཚོར་ལོ་ངོ་ ༧༠ ལྷག་གི་གོང་ནས་སྡུག་རྩུབ་ལ་བརྟེན་ནས་བཙན་འཛུལ་བྱུང་མྱོང་བ་དང་། རྒྱ་ནག་གཞུང་གི་སྲིད་དབང་བཙུགས་པའི་བརྒྱུད་རིམ་དེ་ཚོ་རྒྱལ་སྤྱི་ལ་དྲན་གསོ་བྱེད་དགོས་པ་མ་ཟད། བོད་མི་སྐྱ་སེར་ཕོ་མོ་རྒན་གཞོན་དབྱེ་བ་མེད་པར་ཚང་མས་འགན་འཁུར་དགོས་པ་དེ་དྲན་གསོ་བྱ་དགོས་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

རྒྱ་ནག་གཞུང་གིས་བོད་ལ་བཙན་འཛུལ་བྱས་རྐྱེན་བོད་རང་བཙན་ཤོར་བ་དང་། བོད་གངས་ཅན་ལྗོངས་སུ་མི་གསོད་ཁྲག་སྦྱོར་དང་གཏོར་བཅོམ་སྣ་ཚོགས་བྱུང་བ་རེད། དེ་ཡང་ཕྱི་ལོ་ ༡༩༤༩ ནས་ཕྱི་ལོ་ ༡༩༧༩ བར་རྒྱ་ནག་གི་དབང་སྒྱུར་འོག་བོད་མི་ས་ཡ་གཅིག་དང་འབུམ་གཉིས་འདས་གྲོངས་སུ་གྱུར་བ་དང་། བོད་ནང་གི་དགོན་པ་ ༦༠༠༠ ཙམ་གཏོར་བཤིག་བཏང་ཡོད་པ་རེད། རྒྱ་ནག་གཞུང་གིས་བོད་ནང་འཛུགས་སྐྲུན་ཡར་རྒྱས་གོང་འཕེལ་གཏོང་བཞིན་ཡོད་ཚུལ་བརྗོད་དེ་ལས་གཞི་འདྲ་མིན་སྤེལ་བཞིན་པ་དེ་དག་དོན་དངོས་སུ་རྒྱ་མི་རིགས་ཕོན་ཆེ་བོད་ནང་གནས་སྤོ་བྱ་རྒྱུ་དང་།  ལྷག་པར་དུ་བོད་ཀྱི་རང་བྱུང་ཁོར་ཡུག་ལ་གཏོར་བཅོམ་བྱས་དང་བྱེད་མུས་རེད། རྒྱ་གཞུང་གིས་བོད་རྒྱ་ཡུལ་དུ་བསྒྱུར་རྒྱུའི་སྲིད་ཇུས་འོག་བོད་ཕྲུག་ས་ཡ་ ༡ ལྷག་བཙན་གྱིས་གཏན་འཇགས་སློབ་གྲྭར་བཏང་སྟེ་རྒྱ་སྒྱུར་སློབ་གསོ་སྤྲོད་པ་སོགས་བོད་ཀྱི་ཐུན་མོང་མ་ཡིན་པའི་སྐད་ཡིག་དང་རིག་གཞུང་སོགས་རྩ་མེད་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༧ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese