མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེ་ཡོང་བར་ནང་སེམས་ཀྱི་ཞི་བདེ་དང་བྱམས་བརྩེ་གལ་ཆེན་ཡིན།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་ཆོས་ཁས་ལེན་གྱི་ཡོད་མེད་ལ་མ་ལྟོས་པར་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་སར་བྱམས་དང་བརྩེ་བར་དོ་སྣང་ཤུགས་ཆེན་ཡོང་གི་ཡོད་སྐོར་གསུངས།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སྤྱན་རས་གཟིགས་ཀྱི་བཀའ་དབང་བསྩལ། བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར། ༢༠༢༣།༡༠།༤

དེ་རིང་སྔ་དྲོར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་སོགས་ཀྱིས་ཇི་ལྟར་གསོལ་འདེབས་ཞུས་པ་ལྟར། གདན་ས་གསུམ་དང་བཞུགས་སྒར་ཉེ་འཁྲིས་ཀྱི་དགོན་སྡེ་ཁག་གི་གྲྭ་བཙུན་རྣམས་དང་ཐའེ་ཝན་རྒྱ་རིགས་དད་ལྡན་དོ་གཉེར་བ་དང་ཡུལ་སྐོར་བ། བཞུགས་སྒར་ཁུལ་གྱི་བོད་མི་བཅས་ལ་སྤྱན་རས་གཟིགས་ཕྱག་བཞི་པའི་བཀའ་དབང་བཀའ་དྲིན་བསྩལ་གནང་སོང་།

སྐབས་དེར་༧མགོན་པོ་གང་ཉིད་མཆོག་གིས། རྒྱ་བོད་ཧོར་གསུམ་དེ་འཕགས་པ་སྤྱན་རས་གཟིགས་ཀྱི་འདུལ་བྱ་ཆགས་ཀྱི་ཡོད་དུས། ཆུང་དུས་ནས་མ་ཎི་བགྲང་བའི་གོམས་གཤིས་ཡོད། ལྷག་པར་དུ་དེང་སང་འཛམ་གླིང་ཤར་ནུབ་ལྷོ་བྱང་གང་དུ་ཡིན་ཡང་། འཛམ་གླིང་ཞི་བདེ་གླེང་གི་ཡོད། ཞི་བདེ་ངོ་མ་དེ་གཞན་སུ་གཅིག་ལའང་གནོད་སྐྱེལ་བའི་བསམ་བློ་མེད་པར་སེམས་ནང་བརྩེ་བ་དང་ཕན་བདེ་བསྒྲུབ་པའི་བློ་བསྐྱེད་རྒྱུ་ནི་འཛམ་གླིང་ཞི་བདེ་ཡོང་གཞི་དངོས་གནས་ཡིན།

དེ་རིང་ཁ་སང་སངས་རྒྱས་ཀྱི་ཆོས་ཁས་ལེན་གྱི་ཡོད་མེད་ལ་མ་ལྟོས་པར། དངོས་སུ་མཐོང་ཚུལ་ལ་བརྩེ་བར་དོ་སྣང་ཤུགས་ཆེན་ཡོང་གི་ཡོད། ངོས་རང་ལ་ཆ་བཞག་ན་འཛམ་གླིང་གི་ཤར་ནུབ་ལྷོ་བྱང་མང་པོར་ཕྱིན་པ་ཡིན། བརྩེ་བ་ལ་དགའ་པོ་བྱེད་མཁན་ཤུགས་ཆེན་པོ་འདུག གང་ལྟར། ཆོས་ཀྱི་སྙིང་པོ་བྱང་ཆུབ་ཀྱི་སེམས་ཏེ་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད། ང་ཚོ་མི་ཞིག་ཡིན་ཕྱིར་ཆུང་ཆུང་གི་སྐབས་ནས་ཨ་མའི་བརྩེ་བས་བསྐྱངས་ནས་འཚར་ལོངས་བྱུང་བ་རེད། ང་ཚོའི་མི་ཚེ་གང་བོར་ཆུང་དུས་ནས་མ་ཡི་བརྩེ་བས་བསྐྱངས་པའི་ནུས་པ་མུ་མཐུད་སེམས་ནང་དུ་བཞག་སྟེ་ང་ཚོས་སྲོག་ཆགས་ཚང་མར་བརྩེ་བ་བྱེད་དགོས་རེད།

དེ་རིང་ཁ་སང་དངོས་ཡོད་གནས་ཚུལ་ལ་འཛམ་གླིང་ཞི་བདེ་ཟེར་ནས་ཚང་མས་འབོད་སྒྲ་སྒྲོག་གི་ཡོད། ཞི་བདེ་སེམས་ནང་ནས་ཡོང་དགོས་པ་དང་དེ་ལ་བྱམས་བརྩེ་གལ་ཆེན་པོ་རེད། དེར་བརྟེན། དེ་སྔ་འཛམ་གླིང་ནང་སངས་རྒྱས་པའི་ཆོས་མ་དར་སའི་ལུང་པ་ཁག་ཏུ་སེམས་པ་བཟང་པོ་དང་གཅིག་གིས་གཅིག་ལ་བརྩེ་བ་བྱ་རྒྱུ་དར་སྲོལ་ཆེན་པོ་འདུག ང་ཚོ་ཚང་མས་སེམས་པ་བཟང་པོ་དང་ཀུན་ལ་ཕན་སེམས་བཅིང་རྒྱུ་སོགས་ནི་ང་ཚོའི་ཆོས་ཀྱི་སྙིང་པོ་ཆགས་བསྡད་ཡོད།

འདིར་ཆོས་གྲོགས་ཚང་མར་སྐུལ་མ་ཞུ་རྒྱུའི་གཙོ་བོ་ནི་སེམས་པ་བཟང་པོ་བྱ་རྒྱུ་དེ་རེད་འདུག ངོས་ནས་ཀྱང་བྱང་ཆུབ་སེམས་བསྒོམ་རྒྱུ་གལ་ཆེན་དུ་བརྩིས་ནས་སྒོམ་བསྡད་ཡོད། སྒོམ་དེ་ལ་བརྟེན་ནས་སེམས་ཀྱི་ཞི་བདེ་ཡོང་བ་དང་སེམས་ཀྱི་ཞི་བདེ་ལ་བརྟེན་ནས་ལུས་ཀྱི་འབྱུང་བ་ཆ་སྙོམས་པོ་དང་རང་བཞིན་གྱིས་སེམས་ལྷོད་ལྷོད་ཆགས་པར་ཕན་ཐོགས་ཞེ་དྲགས་འདུག ང་ཚོས་རིལ་བུ་བསེད་ནས་ཡག་པོ་རེད་དེ། གཙོ་བོ་བསམ་བློའི་ཐོག་ནས་སེམས་ཀྱི་ཞི་བདེ་ཡག་པོ་ཞིག་བྱུང་བ་ཡིན་ན་ང་ཚོའི་མི་ཚེ་འདིར་སྐྱིད་པ་དང་། ཆོས་གྲོགས་ཚོས་བརྩེ་བར་དོ་སྣང་བྱས་ཏེ་ཡག་པོ་བྱུང་བ་ཡིན་ན་འཛམ་གླིང་ཞི་བདེ་ཡོང་ཐུབ་པ་ཞིག་རེད།

ཁྱེད་ཚོ་ཚང་མས་སེམས་བཟང་པོ་དང་བརྩེ་བ་བྱོས། འཛམ་གླིང་གི་མི་འབོར་དུང་ཕྱུར་བདུན་བརྒྱད་ཅིག་ཡོད་པ་ཚང་མ་མི་ཡིན་པ་གཅིག་པ་དང་ཚང་མས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་པ་ཤ་སྟག་རེད། ཀུན་ལ་བདེ་སྐྱིད་ལྡན་པ་དང་ཕན་བདེ་ཡོང་བའི་སྨོན་ལམ་བརྒྱབ་པའི་ཞོར་དུ། ལག་ལེན་གྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་མི་གཙོ་བོར་གྱུར་བའི་འཛམ་གླིང་འདིའི་སྟེང་གི་སེམས་ཅན་ཚང་མར་ཕན་བདེ་དང་ཞི་བདེ་བསྐྲུན་ཐབས་གནང་རྒྱུ་གལ་ཆེན་པོ་རེད་འདུག

ང་ཚོ་བོད་གངས་ཅན་གྱི་སྐྱེ་འགྲོ་ཚང་མས་ཆུང་ཆུང་གི་སྐབས་ནས་བཟང་མ་ཎི་ཤེས་བསྡད་ཡོད་པས། ང་ཚོ་དམིགས་བསལ་གྱིས་སྤྱན་རན་གཟིགས་ལ་འབྲེལ་བ་ཡོད་པ་ཞིག་ཆགས་བསྡད་ཡོད། དེར་བརྟེན། ང་ཚོ་ཚང་མས་འཕགས་པ་སྤྱན་རན་གཟིགས་ལ་གསོལ་བ་བཏབ་སྟེ། ཐོག་མར་རང་ཉིད་ཀྱི་རྒྱུད་ལ་སྙིང་རྗེའི་བསམ་པ་ཡག་པོ་ཞིག་ཡོང་ཐབས་དང་། ལུས་ཀྱི་འཕྲོད་བསྟེན་དང་སེམས་ཀྱི་ཞི་བདེ་ཚང་མ་དེའི་ཐོག་ནས་ཡོང་གི་ཡོད། རང་གཅེས་འཛིན་གྱི་ཆ་ནས་སྙིང་རྗེའི་བློ་ཡག་པོ་ཞིག་ཡོད་ཚེ་དངོས་གནས་དྲང་གནས་ཞི་བདེ་ཡོད། དེ་ལ་བརྟེན་ནས་རང་ཉིད་གང་དུ་ཡོད་པའི་སེམས་ཅན་ཐམས་ཅད་ལ་བརྩེ་དུང་དང་བྱམས་བརྩེ་སྒོམ་དགོས། བསྟན་པ་རིན་ཆེན་མཆོག་གིས་མ་ཁྱབ་པའམ། ། ཁྱབ་ཀྱང་ཉམས་པར་གྱུར་པའི་ཕྱོགས་དེར་ནི། ། སྙིང་རྗེ་ཆེན་པོས་ཡིད་རབ་བསྐྱོད་པ་ཡིས། ། ཕན་བདེའི་གཏེར་དེ་གསལ་བར་བྱེད་པར་ཤོག ། དེང་སང་སེམས་པ་བཟང་པོ་དང་སྙིང་རྗེ་བྱ་རྒྱུར་འཛམ་གླིང་ནང་མི་མང་པོས་དོ་སྣང་བྱེད་ཀྱི་ཡོད། ང་རང་ཚོ་འཕགས་པ་སྤྱན་རས་གཟིགས་ཡིད་དམ་དུ་བྱས་ནས་གསོལ་བ་འདེམས་མཁན་ཞིག་ཆགས་བསྡད་ཡོད། དེར་བརྟེན་ཚང་མས་སེམས་པ་བཟང་པོ་བྱ་རྒྱུ་ནི་མི་ཚེ་གཅིག་གི་དོན་དག་གལ་ཆེ་ཤོས་ཤིག་ཡིན་བསམ་པའི་ཐོག་ནས་སེམས་བཟང་བྱ་རྒྱུ་དཔེ་གལ་ཆེན་པོ་རེད་འདུག ཅེས་གསུངས།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༧ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese