མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གཞུང་གི་ཐེ་ཇུས་ཡོད་པའི་ཉེས་མིང་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས། 

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༤
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་ནས་ཁྲིམས་མཐུན་མིན་པའི་དངུལ་བླངས་པའི་དོགས་གཞིའི་འོག་རྒྱ་གར་གྱི་གསར་ཁང་ཞིག་གི་རྩོམ་སྒྲིག་པ་སོགས་འཛིན་བཟུང་བྱས་འདུག

NewsClick’s founder Prabir Purkayastha was arrested on Tuesday evening

ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེན་རྟོག་པས་རླུང་འཕྲིན་དང་དྲ་ཐོག་གསར་ཁང་ (NewsClick) འཛུགས་མཁན་དང་རྩོམ་སྒྲིག་པ་པ་ར་བྷིར་ (Prabir Purkayastha) དང་། གསར་ཁང་དེའི་འགྲོ་བ་མིའི་ཐོན་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཨ་མི་ཏི་ (Amit Chakravarty) གཉིས་གཙོ་བོར་གྱུར་བའི་གསར་འགོད་པ་དང་། གསར་ཁང་དེ་དང་འབྲེལ་བ་ཡོད་པའི་རྩོམ་པ་པོ་ཁག་ཅིག་ལ་འདྲི་བརྩད་དང་ཁྱིམ་དུ་གློ་བུར་སྔོག་བཤེར་བྱས་ཡོད་པ་མ་ཟད། གསར་ཁང་དེས་རྒྱ་ནག་གཞུང་ནས་ཁྲིམས་མཐུན་མིན་པའི་དངུལ་བླངས་པའི་དོགས་གཞིའི་འོག རྩོམ་སྒྲིག་པ་པ་ར་བྷིར་དང་། འགྲོ་བ་མིའི་ཐོན་ཁུངས་ཀྱི་སྡེ་ཚན་འགན་འཛིན་ཨ་མི་ཏི་འཛིན་བཟུང་བྱས་འདུག

དེ་རིང་རླུང་འཕྲིན་དང་དྲ་ཐོག་གསར་ཁང་ (NewsClick) གིས་དེ་འབྲེལ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་གར་གཞུང་གིས་གསར་འགོད་རང་དབང་ལ་བརྩི་བཀུར་མི་བྱེད་པའི་བྱ་སྤྱོད་དེ་ལ་བློ་ཕམ་ཡོད་སྐོར་དང་། རྒྱ་ནག་གི་དཔོན་རིགས་ཁག་གི་བཀའ་བཀོད་འོག་ནས་གསར་ཁང་དེས་གནས་ཚུལ་སྤེལ་གྱི་མེད་ལ། རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལངས་ཕྱོགས་དྲིལ་བསྒྲགས་བྱེད་ཀྱི་མེད་སྐོར་དང་། གསར་ཁང་གི་མ་དངུལ་ཆ་ཚང་དངུལ་ཁང་གི་བརྒྱུད་ལམ་ཚད་ལྡན་ཞིག་ནས་འབྱོར་ཡོད་སྐོར་སོགས་བརྗོད་འདུག་ཀྱང་། དེ་རིང་རྒྱ་གར་ཉེན་རྟོག་པའི་ཕྱོགས་ནས་བསྒྲགས་གཏམ་སྤེལ་བའི་ནང་། གསར་ཁང་དེའི་འབྲེལ་ཡོད་ལས་མི་སྐྱེས་པ་ ༣༧ དང་བུད་མེད་ ༩ བཅས་དོགས་ཡོད་ཅན་གྱི་མི་གྲངས་ ༤༦ ལ་འདྲི་བརྩད་བྱས་ཡོད་པ་མ་ཟད། ཞིབ་འཇུག་གི་ཆེད་དུ་ལག་ཐོགས་ཁ་པར་དང་གློག་ཀླད་སོགས་འཕྲུལ་རིགས་ཀྱི་ཡོ་བྱད་དང་། ཡིག་ཆ་ཁག་འཕྲོག་ཡོད་སྐོར་སོགས་བསྒྲགས་འདུག

དེ་རིང་རྒྱ་གར་གྱི་གསར་འགོད་མཐུན་ཚོགས་ཀྱིས། གནད་དོན་དེའི་ཐོག་ལ་སེམས་འཚབ་ཆེན་པོ་ཡོད་པ་དང་། གཞུང་གིས་གནད་དོན་དེར་ཞིབ་འཇུག་མཐིལ་ཕྱིན་པར་བྱས་ནས་ཁ་གསལ་གཏིང་གསལ་བཟོ་དགོས་པའི་རེ་སྐུལ་ཞུས་འདུག་ལ། ཁ་སང་ཕྱི་ཚེས་ ༣ ཉིན་རྒྱ་གར་གྱི་གསར་འགོད་པ་དང་གསར་ཁང་ཁག་ཅིག་གིས་རྒྱ་གར་ཉེན་རྟོག་པས་གློ་བུར་དུ་གང་བྱུང་སྔོག་བཤེར་བྱས་པར་སེམས་འཚབ་ཆེན་པོ་ཡོད་སྐོར་སོགས་བརྗོད་ཡོད་འདུག

ཕྱི་ལོ་ ༢༠༠༩ ལོར་རླུང་འཕྲིན་དང་དྲ་ཐོག་གསར་ཁང་ (NewsClick) གསར་འཛུགས་བྱས་ཡོད་པ་དང་། རྒྱ་གར་ཨེན་ཌི་ཊི་ཝི་ (NDTV) གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ལོ་ ༢༠༢༡ ལོར་གསར་ཁང་དེས་རྒྱ་གར་གྱི་ཕྱི་རྒྱལ་མ་འཛུགས་ཀྱི་སྒྲིག་གཞི་ལས་འགལ་བའི་སྐྱོན་འཛུགས་འོག དཔྱ་ཁྲལ་ལས་ཁུངས་ཀྱི་ལས་བྱེད་ཁག་ཅིག་གིས་སྔོག་བཤེར་བྱས་ཡོད་པ་རེད། དེ་བཞིན་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ལངས་ཕྱོགས་དྲིལ་བསྒྲགས་སླད་གསར་ཁང་དེ་ལ་དངུལ་འབྱོར་ཡོད་པའི་སྐྱོན་འཛུགས་འོག འདི་ལོའི་ཕྱི་ཟླ་ ༨ པའི་ནང་ལྡི་ལིའི་ཉེན་རྟོག་པས་རླུང་འཕྲིན་དང་དྲ་ཐོག་གསར་ཁང་ (NewsClick) ལ་ཁྲིམས་གཏུགས་བྱས་ཡོད་ཀྱང་། གསར་ཁང་གིས་སྐྱོན་འཛུགས་དེ་དག་ལ་ངོས་ལེན་བྱས་མི་འདུག

ཕྱི་ལོ་ ༢༠༡༤ ནས་རྒྱ་གར་གྱི་སྲིད་བློན་མོ་དྷི་མཆོག་གིས་སྲིད་དབང་བཟུང་བ་ནས་རྒྱ་གར་གྱི་གསར་ཁང་ཁག་ཅིག་གིས་ཁྲིམས་འགལ་གྱིས་དངུལ་བླངས་པའི་ཉེས་མིང་འོག་གསར་ཁང་མང་པོར་ཞིབ་འཇུག་བྱས་ཡོད་པ་སོགས་ཀྱིས་འཛམ་གླིང་ནང་གི་དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་རྒྱ་གར་ནང་གི་གསར་འགོད་རང་དབང་ཐོག་ལ་བློ་འཚབ་ཡོང་གི་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༣ ཉིན་འཛམ་གླིང་གསར་འགོད་རང་དབང་གི་ཉིན་མོ་དང་བསྟུན། རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders) ཀྱིས་འཛམ་གླིང་གི་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་ ༡༨༠ ནང་གསར་འགོད་རང་དབང་ཐད་ཞིབ་འཇུག་བྱས་པ་བརྒྱུད། དམངས་གཙོའི་རྒྱལ་ཁབ་ཆེ་ཤོས་སུ་གྲགས་པའི་རྒྱ་གར་ནང་སྲིད་བློན་མུ་དྷི་མཆོག་གི་སྲིད་གཞུང་དང་འབྲེལ་བའི་གནས་ཚུལ་སྤེལ་བར་དམ་དྲག་དང་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད་སྟབས། འདས་ལོར་འཛམ་གླིང་རྒྱལ་ཁབ་དང་རང་སྐྱོང་ས་ཁུལ་གྱི་ཁྲོད་ནས་ཨང་རིམ་ ༡༥༠ ཡིན་ཡང་། འདི་ལོར་ཇེ་སྡུག་ཏུ་ཕྱིན་ཏེ་ཨང་རིམ་ ༡༦༡ པར་ཟགས་འདུག བྷི་བྷི་སི་གསར་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། འདས་ལོར་དཔྱ་ཁྲལ་ལས་ཁུངས་ཀྱིས་རྒྱ་གར་ནང་གི་བྷི་བྷི་སི་གསར་ཁང་གི་ལས་ཁུངས་སུ་སྔོག་བཤེར་བྱས་ཏེ། གསར་འགོད་པ་དང་འབྲེལ་ཡོད་ལས་བྱེད་ཁག་ཅིག་ལ་འདྲི་བརྩད་བྱས་འདུག

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༩ ཉིན་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་བསྟི་གནས་ཁང་ (Global Engagement Center) གིས་སྙན་ཐོ་ཞིག་སྤེལ་བའི་ནང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་བཏང་ནས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་འབྲེལ་བ་བཙུགས་ནས་གནས་ཚུལ་སྦེད་སྐུང་དང་རྫུན་བཟོ་སོགས་བྱས་ཏེ། རྒྱལ་སྤྱིའི་ནང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤུགས་རྐྱེན་དང་དབང་ཐང་རྒྱས་ཐབས་བྱེད་ཀྱི་ཡོད་ཅིང་། ལྐོག་ནས་རྒྱལ་སྤྱིའི་ནང་གི་གསར་ལམ་ཁག་ཉོས་པ་མ་ཟད། ས་གནས་ས་ཐོག་གི་གསར་ཁང་སོགས་ལ་གན་རྒྱ་བཞག་པ་དང་སྦྱིན་བདག་སོགས་བྱས་ཏེ། ཐབས་ཇུས་མཁས་པོའི་ཐོག་ནས་གསར་ལམ་ཁག་ལ་གནོན་ཤུགས་སྤྲད་ནས། རྒྱ་ནག་གཞུང་གི་ལྟ་བ་དང་མཐུན་པའི་གནས་ཚུལ་རྫུན་བཟོ་དང་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་ཆེད་དུ་དྲ་ལམ་ཁག་ཏུ་དམར་ཤོག་གི་ལྟ་བ་དྲིལ་བསྒྲགས་བྱེད་པ་དང་། རྒྱ་ནག་གིས་བཏོན་པའི་ཁ་པར་གཙོས་གློག་ཆས་རིགས་མང་པོ་ཞིག་རྒྱལ་ཁབ་གཞན་དུ་བཙོང་ནས། གློག་ཆས་དེ་དག་ལས་རྒྱལ་ཁབ་ཀྱི་གསང་བ་དང་། ཚོགས་པ་སྒྲིག་འཛུགས། ཐ་ན་མི་སྒེར་གྱི་གསང་བ་སོགས་རྐུ་ཁྱེར་བྱེད་ཀྱི་ཡོད་པ་མ་ཟད། གཞུང་སྒེར་མང་པོ་ཞིག་གི་དྲ་རྒྱ་དང་། གློག་འཕྲིན་སོགས་སུ་དྲ་འབུ་མངགས་གཏོང་བྱས་ཏེ། གསང་བའི་ངང་ནས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ལྟ་ཞིབ་དང་ཚོད་འཛིན། སོ་ཉུལ་བྱེད་ཀྱིན་ཡོད་སྐོར་སོགས་ཐེར་འདོན་བྱས་ཡོད་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

India arrests Chinese employee of smartphone maker Vivo
Mobile App

རྒྱ་གར་གྱིས་ཝི་ཝོ་ (Vivo) ཁ་པར་བཟོ་སྐྲུན་ཁང་གི་ལས་བྱེད་རྒྱ་མི་ཞིག་འཛིན་བཟུང་བྱས།

༢༠༢༣/༡༠/༡༢
Baumgarten/Getty Images
Mobile App

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

༢༠༢༣/༠༩/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese