མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་གནོན་ཤུགས་སྤྲོད་ཀྱིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༠༩/༢༩
Share on FacebookShare on TwitterShare on EmailShare on Whatsapp

རྒྱལ་སྤྱིའི་འབྲེལ་ལམ་བསྟི་གནས་ཁང་གིས་རྒྱ་ནག་གཞུང་གིས་ཕྱི་རྒྱལ་གྱི་གསར་ཁང་མང་པོར་འབྲེལ་བ་བཙུགས་ནས་གནས་ཚུལ་སྦེད་སྐུང་དང་རྫུན་བཟོ་སོགས་བྱེད་ཀྱི་ཡོད་པའི་སྙན་ཐོ་བཏོན་འདུག

 © Ulrich Baumgarten/Getty Images

དེ་རིང་ཨ་རིའི་རྒྱལ་སྲིད་ལས་ཁུངས་ཀྱི་རྒྱལ་སྤྱིའི་འབྲེལ་ལམ་བསྟི་གནས་ཁང་(Global Engagement Center) གིས་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་ནང་གི་གཞུང་སྒེར་གྱི་ཚོགས་སྡེ་མང་དག་ཅིག་ལ་གནོན་ཤུགས་སྤྲད་ནས། གནས་ཚུལ་སྦེད་སྐུང་དང་རྒྱ་ནག་དམར་ཤོག་གི་ལངས་ཕྱོགས་སོགས་དྲིལ་བསྒྲགས་བྱས་ཏེ། རྒྱལ་སྤྱིའི་གནས་ཚུལ་དངོས་ལ་དོ་ཕོག་ག་ཚོད་བཟོ་ཡི་ཡོད་མེད་ཐད་ཀྱི་ཤོག་ངོས་༥༨ ཅན་གྱི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་བའི་ནང་། རྒྱ་ནག་གཞུང་གིས་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཁེ་ཕན་ཆེད། གནས་ཚུལ་རྫུན་བཟོ་དང་དྲིལ་བསྒྲགས་བྱས་པ་མ་ཟད། རྒྱ་ནག་གཞུང་གི་ཁེ་ཕན་བསྐྲུན་ཐབས་དང་། ལྷག་པར་སྤྱི་ཚོགས་དྲ་ལམ་སོགས་སུ་མི་སྣ་ཆེད་མངགས་བྱས་ཏེ། ཕྱི་རྒྱལ་གྱི་གསར་ཁང་ཁག་ལ་སྐྱོན་འཛུགས་བྱེད་དུ་འཇུག་གི་ཡོད་སྐོར་སོགས་གསལ་འདུག

རྒྱལ་སྤྱིའི་འབྲེལ་ལམ་བསྟི་གནས་ཁང་གིས་སྤེལ་བའི་སྙན་ཐོའི་ནང་། འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཁུངས་ལུང་མེད་པའི་གནས་ཚུལ་རྫུན་མ་དང་གཡོ་ཁྲམ་གྱི་ཐོག་ནས་རྒྱལ་སྤྱིའི་ནང་རྒྱ་ནག་དམར་ཤོག་སྲིད་གཞུང་གི་ཤུགས་རྐྱེན་དང་དབང་ཐང་རྒྱས་ཐབས་བྱེད་ཀྱི་ཡོད་ཅིང་། ལྐོག་ནས་རྒྱལ་སྤྱིའི་ནང་གི་གསར་ལམ་ཁག་ཉོས་པ་མ་ཟད། ས་གནས་ས་ཐོག་གི་གསར་ཁང་སོགས་ལ་གན་རྒྱ་བཞག་པ་དང་སྦྱིན་བདག་སོགས་བྱས་ཏེ། ཐབས་ཇུས་མཁས་པོའི་ཐོག་ནས་གསར་ལམ་ཁག་ལ་གནོན་ཤུགས་སྤྲད་ནས། རྒྱ་ནག་གཞུང་གི་ལྟ་བ་དང་མཐུན་པའི་གནས་ཚུལ་རྫུན་བཟོ་དང་འགྲེམས་སྤེལ་བྱེད་ཀྱི་ཡོད་པ་མ་ཟད། གསར་ལམ་དེ་དག་བརྒྱུད་ནས་རྒྱལ་སྤྱིའི་ནང་གི་ཚོགས་སྡེ་སོགས་ལ་གནོན་ཤུགས་སྤྲོད་ཀྱི་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་ཆེད་དུ་དྲ་ལམ་ཁག་ཏུ་དམར་ཤོག་གི་ལྟ་བ་དྲིལ་བསྒྲགས་བྱེད་ཆེད་ལས་མི་དང་། འཕྲུལ་བཟོས་མི་སོགས་བཞག་ནས། རྒྱལ་སྤྱིའི་ཊི་ཝེ་ཊར་གཙོས་སྤྱི་ཚོགས་དྲ་ལམ་ཁག་ཏུ་རྒྱ་ནག་གཞུང་ལ་སྐྱོན་བརྗོད་བྱེད་མཁན་ཚོར་སྐར་ལྔའི་དྲག་དམག་གིས་རུབ་རྡུང་གཏོང་གི་ཡོད་པའི་ཁར། རྒྱ་ནང་གི་གསར་ལམ་ཁག་གཙོས་རྒྱ་ནག་དང་འབྲེལ་བའི་གསར་ལམ་ཁག་ཏུ། “བོད་རང་བཙན་དང་།” “དམངས་གཙོའི་ཡོ་ལང་།” “ཐའེ་ཝན་གྱི་རང་དབང་ཡུན་རིང་བརྟན་”སོགས་ནག་བསུབས་དང་། རྒྱ་ནག་ནས་བཏོན་པའི་གློག་ཆས་དེ་དག་ལས་ཀྱང་ཐ་སྙད་དེ་དག་ནག་བསུབས་སུ་བཏང་ཡོད་སྐོར་སོགས་གསལ་འདུག

སྙན་ཐོའི་ནང་། རྒྱ་ནག་གིས་བཏོན་པའི་ཁ་པར་གཙོས་གློག་ཆས་རིགས་མང་པོ་ཞིག་རྒྱལ་ཁབ་གཞན་དུ་བཙོང་ནས། གློག་ཆས་དེ་དག་ལས་རྒྱལ་ཁབ་ཀྱི་གསང་བ་དང་། ཚོགས་པ་སྒྲིག་འཛུགས། ཐ་ན་མི་སྒེར་གྱི་གསང་བ་སོགས་རྐུ་ཁྱེར་བྱེད་ཀྱི་ཡོད་པ་མ་ཟད།  གཞུང་སྒེར་མང་པོ་ཞིག་གི་དྲ་རྒྱ་དང་། གློག་འཕྲིན་སོགས་སུ་དྲ་འབུ་མངགས་གཏོང་བྱས་ཏེ། གསང་བའི་ངང་ནས་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐད་ལ་ལྟ་ཞིབ་དང་ཚོད་འཛིན། དེ་བཞིན་དེང་གི་ཆར་ཉུང་མཐར་ཡང་རྒྱལ་ཁབ་བཅོ་བརྒྱད་ཙམ་གྱི་ནང་རྒྱ་ནག་གིས་བཟོས་པའི་ཧ་ཝེ་ཁ་པར་བཀོལ་སྤྱོད་བྱེད་ཀྱི་ཡོད་སྟབས། ཁ་པར་དེ་དག་ལས་གཞུང་སྒེར་མང་པོ་ཞིག་གི་ལས་དོན་དང་རྒྱ་ནག་དམར་ཤོག་ལ་འགལ་ཟླ་ལང་མཁན་ཚོར་ལྟ་རྟོག་དང་སོ་ཉུལ་བྱེད་ཀྱིན་ཡོད་སྐོར་དང་། རྒྱ་ནག་གཞུང་གིས་རྒྱ་ནང་གཙོས་གྲངས་ཉུང་མི་རིགས་ཀྱི་ས་གནས་ཁག་ཏུ་རྒྱལ་སྤྱིའི་གསར་ལམ་ཁག་གི་གནད་དོན་མང་པོ་སྦེད་སྐུང་དང་། ཕྱིའི་རྒྱལ་ཁབ་ཁག་གི་གནས་ཚུལ་མང་པོ་ཞིག་རྒྱ་ནང་དུ་བཀག་སྡོམ་བྱས་ཡོད་སྟབས། རྒྱ་ནག་གི་མི་མང་པོ་ཞིག་ལ་རྒྱལ་སྤྱིའི་གནས་ཚུལ་ཐད་གོ་རྟོགས་གང་ཡང་མེད་སྐོར་སོགས་གསལ་འདུག

ཡང་སྙན་ཐོའི་ནང་།  འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཨ་སྒོར་ཐེར་འབུམ་མང་པོ་ཞིག་བཏང་ནས། ཕྱི་ནང་གི་གནས་ཚུལ་མང་པོ་ཞིག་རྫུན་བཟོ་སོགས་བྱས་ཏེ། རྒྱ་ནག་དམར་ཤོག་ཚོགས་པའི་ཁེ་ཕན་ཁོ་ན་སྲུང་སྐྱོབ་བྱེད་ཐབས་བྱས་ཡོད་ཅིང་། ལྷག་པར་དྲ་ལམ་དང་གསར་ལམ་ཁག་ཏུ་རྒྱ་ནག་མགོ་ཁྲིད་ཁག་གིས་བཙན་གཡེམ་དང་། ཆགས་སྲེད་ཀྱི་དོན་རྐྱེན། དེ་བཞིན་ཉེས་མེད་ཉེས་འཛུགས་བྱས་པའི་གནད་དོན་ཚང་མ་སྐུང་བ་མ་ཟད། རྒྱ་ནག་གི་སྐར་ལྔའི་དྲག་དམག་དང་ལས་མི་ཚོས་ཆེད་དུ་རྒྱལ་ཁབ་ཕན་ཚུན་བར་དཀྲུག་ཤིང་དང་། རྒྱལ་ཁབ་གཞན་གྱི་མི་རུ་བརྫུས་ནས་གསང་བ་རྐུ་ཁྱེར་སོགས་བྱས་ཏེ། རྒྱལ་སྤྱིའི་གསར་འགྱུར་དང་དངོས་ཡོད་ཀྱི་གནས་ཚུལ་ལ་དོ་ཕོག་ཆེན་པོ་བཏང་ཡོད་སྟབས། རྒྱ་ནག་གཞུང་གི་གསར་ཁང་མང་པོ་ཞིག་ལ་རོགས་རམ་དང་། གན་རྒྱ་བཞག་པ་དེས། མ་འོངས་པར་རྒྱལ་སྤྱིའི་གསར་ལམ་དེ་དག་ཀྱང་རྒྱ་ནག་གི་ལྟ་བ་དྲིལ་བསྒྲགས་བྱ་སའི་གླེང་སྟེགས་སུ་འགྱུར་ཉེན་ཡོད་སྐོར་གསལ་འདུག

སྤྱིར་རྒྱ་ནག་གཞུང་གིས་ཕྱོགས་ཡོངས་ནས་བོད་མི་གཙོས་གྲངས་ཉུང་མི་རིགས་མང་པོ་ཞིག་ལ་དྲ་ལམ་ནས་སོ་ཉུལ་དང་ལྟ་སྲུང་ནན་མོ་བྱས་ཏེ། བོད་མི་མང་པོ་ཞིག་ལ་ནག་ཉེས་གཡོགས་ནས་འཛིན་བཟུང་བཀག་ཉར་དང་། རྒྱལ་ཁབ་གཞན་གྱི་གསང་བ་རྐུ་ཁྱེར། གནས་ཚུལ་རྫུན་བཟོ། དེ་བཞིན་དྲ་ལམ་ནས་སྐར་ལྔའི་དྲག་དམག་གིས་རྩོམ་པ་པོ་དང་། མཁས་པ། ཉམས་ཞིབ་པ་སོགས་ལ་རུབ་རྡུང་གཏོང་མུས་ཡིན་པ་རེད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་གནམ་ཐང་དུ། AP གསར་ཁང་གི་པར།
Mobile App

རྒྱ་ནག་གི་ཁྲིམས་རྩོད་པ་ཝང་ཤ་ཧོང་ཐའེ་ཝན་ལ་བྲོས་བྱོལ་དུ་འབྱོར་འདུག

༢༠༢༦/༠༩/༠༧
བོད་ནང་རང་བྱུང་གོད་ཆག་འབྱུང་སྐབས། པར་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

རྒྱ་ནག་གཞུང་གིས་བོད་ཀྱི་གནོད་ཐེབས་ས་ཁུལ་ཁག་ལ་ཚོད་འཛིན་གྱི་རིམ་པ་མཐོ་རུ་བཏང་།

༢༠༢༦/༠༩/༠༤
A Taiwan flag is carried by a Chinook helicopter during a rehearsal for the upcoming National Day celebration in Taipei, Photo :REUTERS/Ann Wang/File
Old Blogs

རྒྱ་ནག་གིས་ཐའེ་ཝན་གྱི་སྐུ་ཚབ་ཚོགས་འདུར་ཞུགས་པར་སྐྱོན་བརྗོད་བྱས། 

༢༠༢༦/༠༩/༠༤
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག དགའ་ལྡན་ཕོ་བྲང་གི་སྐུ་པར།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཐུགས་གསོའི་གསུང་འཕྲིན་བསྩལ།

༢༠༢༦/༠༨/༢༧
Image from CCTV footage shows the border in Gyirong, Tibet, China, August 26, 2026
Mobile App

ར་སུ་ཝ་དགེ་རྒྱས་གླིང་བོད་མིའི་གཞིས་ཆགས་ཀྱི་མི་རྒྱུ་གཉིས་ལ་ཆུ་ལོག་གི་གནོད་འཚེ་ཤུགས་ཆེན་ཐེབས། 

༢༠༢༦/༠༨/༢༧
པར་འདི་དཔལ་ལྡན་རྒྱལ་གྱིས་བླངས།
Mobile App

རྒྱལ་གཅེས་དཔའ་བོ་བློ་དགའ་རང་བཙན་ལགས་དང་བཅས་པའི་རང་ལུས་མེར་བསྲེགས་དང་དེའི་འཕྲོས་དོན་བརྟག་དབྱེ་བོད་བཙན་པོའི་རྟིང་འཇུག་དུས་ཀྱི་མེ་དཔུང་ཞེས་བྱ་བ་བཞུགས་སོ།།

༢༠༢༦/༠༨/༢༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese