མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ནོ་སྦེལ་རྩོམ་རིག་བྱ་དགའ་དེ་ནོར་ཝེའི་རྩོམ་པ་པོ་ཇོན་ཧྥོ་སི་ལགས་སུ་ཐོབ་འདུག 

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྩོམ་པ་པོ་ཇོན་ཧྥོ་སི་ལགས་ཀྱི་ཟློས་གར་འཁྲབ་གཞུང་དང་ལྷུག་རྩོམ་གྱིས་སྨྲ་བ་མེད་པའི་མི་རྣམས་ཀྱི་བརྗོད་ཐབས་བྲལ་བའི་བསམ་འདུན་མཚོན་ཡོད་སྟབས་འདི་ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་དེ་ཁོང་ལ་སྤྲོད་གཏན་འཁེལ་ཡོད་འདུག

Jon Fosse Wins 2023 Nobel Prize in Literature .Photo: Tom A. Kolstad

ཁ་སང་ནོ་སྦེལ་གཟེངས་རྟགས་ཚོགས་ཆུང་གིས་འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ། ད་ལྟ་ནོར་ཝེ་རུ་བཅའ་སྡོད་བརྩམས་སྒྲུང་དང་འཁྲབ་གཞུང་རྩོམ་པ་པོ། སྙན་ངག་པ་སྐུ་ཞབས་ཇོན་ཧྥོ་སི་( Jon Fosse) ལགས་སུ་དབུལ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་ཡོད་ཅིང་།  དེ་ནི་ཁོང་གིས་གསར་གཏོད་བྱས་པའི་ཟློས་གར་དང་ལྷུག་རྩོམ་ལས་སྨྲ་བ་མེད་པའི་མི་རྣམས་ཀྱི་བརྗོད་ཐབས་བྲལ་བའི་བསམ་འདུན་མཚོན་ཡོད་མ་ཟད། སྤྱི་ཚོགས་ཀྱི་ཆེས་དམའ་སར་ལུས་པའི་མི་མང་པོ་ཞིག་གི་དངོས་ཡོད་ཀྱི་གནས་སྟངས་གསལ་སྟོན་བྱས་ཡོད་པས་རེད་འདུག

ནོ་སྦེལ་གཟེངས་རྟགས་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཨེན་ཌེར་སི་ཨོལ་སན་ (Anders Olsson) གྱིས་ཡོངས་ཁྱབ་གསལ་བསྒྲགས་གནང་སྐབས། སྐུ་ཞབས་ཇོན་ཧྥོ་སི་ལགས་ཀྱིས་ད་བར་ཟློས་གར་གྱི་བརྩམས་ཆོས་༤༠ ལྷག་དང་། བརྩམས་སྒྲུང་། སྙན་ངག བྱིས་སྒྲུང་སོགས་ཀྱི་བརྩམས་ཆོས་མང་དག་ཅིག་པར་སྐྲུན་བྱས་ཡོད་པ་དང་། ཁོང་གིས་སྤྱི་ཚོགས་ཀྱི་གནས་བབ་མང་དག་ཅིག་ལ་གཞིགས་ནས་བརྩམས་ཆོས་འདོན་སྤེལ་གནང་ཡོད་ཅིང་། བརྩམས་ཆོས་དེ་དག་གིས་ཁྱེད་ཅག་ལ་སྔར་མེད་པའི་ཚོར་སྣང་ཟབ་པོ་ཞིག་སྟེར་གྱི་ཡོད་སྐོར་དང་། དེ་བཞིན་ཁོང་གི་བརྩམས་ཆོས་དག་ལས་ཡིད་ཞུམ་པོར་ལུས་པའི་མི་རྣམས་དང་། དཀའ་ཚེགས་ཆེ་བའི་དུས་སྐབས་ཀྱི་མིའི་སེམས་ཁམས་མཚོན་ཐབས་བྱས་ནས། སྐྱེས་བོ་མང་དག་གི་བརྗོད་ཐབས་བྲལ་བའི་སེམས་འདུན་མཚོན་ཡོད་སྐོར་བརྗོད་འདུག

ཡང་ཁོང་གིས། དེ་བཞིན་རྩོམ་པ་པོ་ཁོང་གི་སྙན་ངག་གི་བརྩམས་ཆོས་དག་ལས་རྩོམ་རིག་ལ་བཅངས་པའི་སེམས་འདུན་དང་། བརྩམས་ཆོས་དེ་དག་གིས་རྒྱལ་སྤྱིའི་སྟེང་གི་ཀློག་པ་པོ་གཙོས་མི་མང་པོ་ཞིག་ལ་སེམས་འགུལ་ཐེབས་སུ་བཅུག་ཡོད་པ་མ་ཟད། ལྷག་པར་ཁོང་གི་ཟློས་གར་འཁྲབ་གཞུང་དང་། ལྷུག་རྩོམ་སོགས་ཀྱིས་མི་མང་གི་སེམས་འདུན་དང་། མི་རྣམས་ཀྱིས་ཆེས་ཐོག་མའི་ཕུགས་བསམ་གྱི་བགྲོད་ལམ་དུ་ཇི་ལྟར་དཀའ་ངལ་ལ་གདོང་ལེན་བྱེད་ཀྱི་ཡོད་མེད་ཐད་གསལ་སྟོན་བྱས་ཡོད་སྐོར་སོགས་བརྗོད་འདུག

འཁྲབ་གཞུང་རྩོམ་པ་པོ་དང་སྙན་ངག་པ་སྐུ་ཞབས་ཇོན་ཧྥོ་སི་( Jon Fosse) ལགས་ནི་ཕྱི་ལོ་ ༡༩༥༩ ལོའི་ཟླ་ ༩ ཚེས་ ༢༩ ཉིན་ནོར་ཝེར་སྐྱེས་ཤིང་། ཆུང་དུས་ནས་དཔེ་དེབ་ལྟ་ཀློག་དང་རྩོམ་ཡིག་འབྲི་བར་དོ་དབྱིངས་ཆེན་པོ་ཡོད་ཅིང་། རང་ལོ་ ༡༢ ཙམ་གྱི་ཐོག་ནས་རྩོམ་ཡིག་འབྲི་མགོ་ཚུགས། ཕྱིས་སུ་བྷར་གྷན་གཙུག་ལག་སློག་གཉེར་ཁང་(University of Bergen) དུ་རྩོམ་རིག་ཐོག་ཆེད་སྦྱོང་བྱས་ཏེ། ཕྱི་ལོ་ ༡༩༨༧ ལོར་གཙུག་ལག་སློག་གཉེར་ཁང་དེ་ནས་རྩོམ་རིག་ཐོག་ཞིབ་འཇུག་སློབ་མའི་ལག་འཁྱེར་བླངས། དེ་ནས་གསར་རྩོམ་གྱི་ལས་ལ་ཞུགས་ནས་ཟློས་གར་གྱི་བརྩམས་ཆོས་༤༠ ལྷག་དང་། བརྩམས་སྒྲུང་། སྙན་ངག བྱིས་སྒྲུང་སོགས་ཀྱི་བརྩམས་ཆོས་མང་དག་ཅིག་པར་སྐྲུན་བྱས་ཡོད་ཅིང་། ཁོང་གི་བརྩམས་ཆོས་མང་དག་ཅིག་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་ལྔ་བཅུ་ལྷག་གི་ནང་བསྒྱུར་ཡོད་འདུག

སྤྱིར་ཕྱི་ལོ་ ༡༩༠༡ ནས་ད་བར་ནོ་སྦེལ་རྩོམ་རིག་བྱ་དགའ་ཐེངས་ ༡༡༦ ལ་སྤྲད་དེ་གཟེངས་རྟགས་དེ་ཐོབ་མཁན་རྩོམ་པ་པོ་གྲངས་ ༡༢༠ བྱུང་ཡོད་པའི་ཁྲོད། ཕྱི་ལོ་ ༢༠༡༩ ལོའི་ནོ་སྦེལ་རྩོམ་རིག་བྱ་དགའ་དེ་ཡུ་རོབ་ཨོ་སི་ཊི་ཡའི་རྩོམ་པ་པོ་པི་ཊར་(Peter Handke ) དང་། ཕྱི་ལོ་ ༢༠༢༠ དེ་ཨ་རིའི་སྙན་ངག་པ་ལུ་སི་ཡ་སུ་(Louise Glück ) ། ཕྱི་ལོ་ ༢༠༢༡ དང་ ༢༠༢༢ ལོར་སྐུ་ཞབས་ཨབ་དྷུལ་ར་ཛག་གྷུར་ནཱ་ (Abdulrazak Gurnah) དང་། ཧྥ་རན་སིའི་རྩོམ་པ་པོ་ཨེ་ནི་(Annie Ernaux ) བཅས་སུ་ཐོབ་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese