མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་ཐེངས་ལྔ་པ་དབུ་འཛུགས་གནང་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༠༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལྷན་ཁང་གི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས་རྒྱ་གར་གྱི་ཉམས་ཞིབ་པ་དང་མཁས་དབང་དག་གིས་བོད་རིག་པའི་སྐོར་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་སྐོར་བརྗོད་སོང་།

སཱ་ར་མཐོ་སློབ་ཏུ་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས། བོད་ཀྱི་དུས་བབ་གསར་ཁང་གི་པར། ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༦ ཉིན།

དེ་རིང་སྔ་དྲོ་ཆུ་ཚོད་ ༡༠ སྟེང་སཱ་ར་བོད་ཀྱི་མཐོ་སློབ་ཏུ། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་གོ་སྒྲིག་འོག ཉིན་གཉིས་རིང་གི་སྐབས་ལྔ་བའི་རྒྱ་གར་ན་གཞོན་ཉམས་ཞིབ་པའི་ཚོགས་འདུ་དབུ་འཛུགས་ཞུས་སོང་བ་དང་། ཚོགས་འདུའི་སྟེང་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁུངས་ཀྱི་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་དང་སཱ་ར་མཐོ་སློབ་ཀྱི་སློབ་སྤྱི་པ་སངས་ཚེ་རིང་ལགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་བདེ་གསལ་ལགས་ཀྱི་གཙོས་ཉམས་ཞིབ་པ་གཞན་ཁག་ཅིག དེ་བཞིན་རྒྱ་གར་དང་ཧི་མ་ལ་ཡའི་ས་གནས་འདྲ་མིན་ནས་ཕེབས་པའི་ཉམས་ཞིབ་པ་ཁྱོན་ ༡༥ མཉམ་ཞུགས་གནང་འདུག

སྐབས་དེར་ཕྱི་དྲིལ་དྲུང་ཆེ་ཀརྨ་ཆོས་དབྱིངས་ལགས་ཀྱིས། རྒྱ་གར་གྱི་ཉམས་ཞིབ་པ་དང་མཁས་དབང་དག་གིས་བོད་རིག་པའི་སྐོར་ལ་དོ་སྣང་བྱ་རྒྱུ་གལ་ཆེན་ཡིན་པ་དང་། དེ་ནི་རྒྱ་གར་ནང་བོད་མི་སྐྱབས་བཅོལ་བ་ཡོད་པ་ཙམ་གྱིས་མ་ཡིན་པར། འཕགས་བོད་གཉིས་བར་ལོ་ངོ་སྟོང་ཕྲག་གི་རིག་གཞུང་གི་འབྲེལ་ལམ་ཡོད་པས་ཡིན། དོན་དངོས་ཐོག་བོད་ཀྱི་ནང་པ་སངས་རྒྱས་པའི་ཆོས་དེ་དཔལ་ ནཱ་ལནྡཱའི་ཆོས་བརྒྱུད་ཡིན་པ་དང་ད་སྔ་བར་རྒྱུན་འཛིན་བྱས་ནས་ཡོང་བ་ཞིག་ཡིན་སྟབས། རྒྱ་གར་མཁས་པ་ཚོས་བོད་པའི་འཁྲིས་ནས་རྒྱ་གར་གྱི་གལ་ཆེན་རིག་གཞུང་འདི་ལ་སློབ་སྦྱོང་བྱ་རྒྱུ་གལ་ཆེན་ཆགས་བསྡད་ཡོད། ཁྱེད་ཀྱིས་མཁྱེན་གསལ་ཡོད་ཤག་རེད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ག་དུས་ཡིན་ཡང་། འཕགས་བོད་གཉིས་ལ་དགེ་སློབ་ཀྱི་འབྲེལ་བ་ཡོད་པ་དང་། རྒྱ་གར་བ་ནི་དགེ་རྒན་དང་བོད་པ་ནི་ཡིད་ཆེས་བློ་འཁེལ་སློབ་མ་ཡིན་ཞེས་གསུངས་ཡོད་པ་རེད། ཅེས་དང་། རྒྱ་གར་ནང་བོད་དང་རྒྱ་ནག ཧི་མ་ལ་ཡའི་རི་རྒྱུད་ཐོག་ཆེད་མཁས་པ་མང་པོ་དགོས་གལ་ཆེ་ཞིང་། རྒྱུ་མཚན་ནི་རྒྱ་གར་གྱིས་རྒྱ་ནག་དང་ལྷན་དུ་གྲོས་མོལ་ནུས་པ་ལྡན་པ་ཞིག་བྱེད་པར་རྒྱ་ནག་གི་སྐོར་ཡག་པོ་ཤེས་རྟོགས་དགོས་རྒྱུ་གལ་ཆེན་ཡིན་པ་དང་། ཉམས་ཞིབ་པ་ཚོས་བོད་དང་ཧི་མ་ལ་ཡའི་རི་རྒྱུད་པའི་རིག་གཞུང་དང་ས་ཁམས་སྐོར་ལ་ཞིབ་འཇུག་བྱེད་གལ་ཆེ་སྐོར་གསུངས་འདུག

ད་ལན་གྱི་ཚོགས་འདུ་ཐེངས་ལྔ་བའི་སྟེང་། བོད་དང་བོད་པའི་ནང་ཆོས། ལོ་རྒྱུས། བོད་དང་ཧི་མ་ལ་ཡ། གནས་སྦོར་དང་སྐྱེ་དངོས་རིག་པ། དབྱིན་ཇི་བཙན་རྒྱལ་རིང་ལུགས། བོད་ཀྱི་ཁོར་ཡུག་དང་ཆབ་སྲིད་གནས་སྟངས། དཔལ་འབྱོར། བཙན་བྱོལ་བོད་མིའི་གཞིས་ཆགས་སོགས་བརྗོད་མི་འདྲ་བ་མང་པོས་ཐོག་བགྲོ་གླེང་གནང་གི་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༧ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese