མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མཐོ་སྒང་གི་འཁྱམ་རོམ་ལ་གནོད་འཚེ་ཚབས་ཆེན་ཐེབས་མུས་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༡
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་གར་ནུབ་བྱང་གི་ཐར་(Thar Desert) བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་(Taklamakan Desert) བྱེ་ཐང་གཉིས་ཀྱི་བྱེ་རྡུལ་གྱིས་བོད་ཀྱི་འཁྱམ་རོམ་ལ་གནོད་འཚེ་ཆེན་པོ་གཏོང་གིན་ཡོད་འདུག

Dust from Thar and Taklamakan Desert significantly impacts glaciers on Tibetan Plateau .photo :MDPI

དེ་རིང་རྒྱ་གར་གྱི་གསར་འགྱུར་བརྒྱུད་ལམ་ཁག་གིས་གནས་ཚུལ་སྤེལ་བ་ལྟར་ན།  རྒྱ་ནག་གི་ནུབ་བྱང་རང་བྱུང་ཁོར་ཡུག་དང་ཐོན་ཁུངས་གཙུག་ལག་སློབ་གཉེར་ཁང་(Northwest Institute of Eco-Environment and Resources )གིས་ཞིབ་འཇུག་བྱས་པ་བརྒྱུད། རྒྱ་གར་ནུབ་བྱང་གི་ཐར་བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་བྱེ་ཐང་གཉིས་ཀྱི་ས་བབ་ཆགས་ཚུལ་དང་ནུབ་ཕྱོགས་ནས་ལྡང་བའི་རླུང་བུས་དེད་པའི་ཐལ་རྡུལ་དག་གིས་བོད་མཐོ་སྒང་གི་འཁྱག་རོམ་ལ་གནོད་སྐྱོན་ཚབས་ཆེན་གཏོང་གི་ཡོད་པའི་གྲུབ་དོན་རྙེད་ཡོད་ཅིང་། ཐལ་རྡུལ་དེ་དག་བོད་མཐོ་སྒང་གི་འཁྱག་རོམ་ངོས་སུ་འབྱར་བ་དེས། འཁྱམ་རོམ་ལ་གནོད་འཚེ་ཐེབས་ནས་ཞུ་ཚད་ཇེ་མགྱོགས་དང་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་ལའང་འགྱུར་བ་ཆེན་པོ་ཐེབས་ཉེན་ཡོད་འདུག

ཆེད་མཁས་པ་རྣམས་ཀྱིས་བོད་མཐོ་སྒང་གི་འཁྱག་རོམ་ངོས་སུ་འབྱར་བའི་ཐལ་རྡུལ་དེ་དག་གི་འབྱུང་ཁུངས་ཤེས་པ་བྱ་རྒྱུ་དེ། ཁུལ་དེའི་གནམ་གཤིས་དང་འཁྱག་རོམ་གྱི་གནས་བབ་ཞིབ་འཇུག་བྱེད་པར་གནད་འགག་ཅིག་ཏུ་གྱུར་ཡོད་པ་ཤེས་རྟོགས་བྱུང་རྗེས།  ཕྱི་ལོ་ ༢༠༡༦ ལོར་བོད་མཐོ་སྒང་གི་འཁྱག་རོམ་མི་འདྲ་བ་གསུམ་གྱི་ངོས་སུ་ཆགས་པའི་ཐལ་རྡུལ་ལ་ཞིབ་འཇུག་བྱས་པ་བརྒྱུད། བོད་ཀྱི་འཁྱམ་རོམ་ངོས་སུ་འབྱར་བའི་ཐལ་རྡུལ་མང་ཆེ་བའི་འབྱུང་ཁུངས་ནི་རྒྱ་གར་གྱི་ཐར་བྱེ་ཐང་ཆེན་མོ་དང་། ཡུ་གུར་གྱི་ཊག་ལ་མ་ཀན་བྱེ་ཐང་གཉིས་ཡིན་པ་རྟོགས་བྱུང་ཡོད་འདུག

དེའི་ཐད་ཆེད་མཁས་པ་ཞིག་གིས། བོད་མཐོ་སྒང་གི་དབུས་དང་ལྷོ་ཕྱོགས་ཀྱི་འཁྱམ་རོམ་མང་དག་ཅིག་ཏུ་ས་བབ་ཆགས་ཚུལ་དང་ནུབ་རླུང་ལྡང་བ་ལ་བརྟེན་ནས། རྒྱ་གར་གྱི་ཐར་བྱེ་ཐང་ཆེན་མོ་དང་ཡུ་གུར་གྱི་ཊག་ལ་མ་ཀན་གཉིས་ཀྱི་ཐལ་རྡུལ་ཆགས་ནས་གནོད་འཚེ་ཚབས་ཆེན་ཐེབས་ཡོད་ཅིང་། རྒྱ་གར་གྱི་ཐར་བྱེ་ཐང་ཆེན་པོའི་ཐལ་རྡུལ་དག་རྒྱ་གར་གྱི་ནུབ་བྱང་ནས་རླུང་བུས་དེད་ཡོད་པ་དང་། དེ་ནས་འཛམ་གླིང་གི་འཕྲེད་ཐིག་འོག་ཏུ་ཡོད་པའི་རླུང་བུས་དེད་དེ། བོད་ཀྱི་ལྷོ་ཕྱོགས་ཀྱི་འཁྱམ་རོམ་དག་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད་སྐོར་བརྗོད་འདུག

འཛམ་གླིང་གི་སྣེ་མོ་གསུམ་པར་འབོད་པའི་བོད་ནི་འཛམ་གླིང་གི་གཙང་པོ་ཆེ་ཁག་གི་མགོ་ཁུངས་ཡིན་ཡང་།  འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་བོད་ནང་གི་ས་གནས་མང་དག་ཅིག་ཏུ་ཆུ་རགས་གསར་རྒྱག་དང་། འཛུགས་སྐྲུན་གྱི་ལས་གཞི་མང་དག་ཅིག་སྤེལ་རྐྱེན། བོད་ནང་དུ་ཚ་དྲོད་འཕེལ་ནས། གངས་རི་དང་འཁྱག་རོམ་མགྱོགས་པོ་ཞུ་ཡི་ཡོད་པ་མ་ཟད། ད་ལྟ་བོད་ནང་དུ་ཚ་ཚད་ལྡབ་འགྱུར་གྱིས་འཕར་ཡོད་སྟབས། བོད་དུ་འཁྱག་རོམ་ཞུ་བ་དང་ཚ་ཚད་འཕར་བ་དེས། འཛམ་གླིང་ཁྱོན་ཡོངས་ཀྱི་ཚ་ཚད་འཕེལ་ཉེན་ཡོད་པ་མ་ཟད། ལྷག་པར་ཨེ་ཤ་ཡ་དང་ཁྱིམ་མཚེས་རྒྱལ་ཁབ་ཏུའང་ཆུའི་གནོད་འཚེ་ཡོང་ཉེན་ཡོད་འདུག

གཞན་ཡང་། འདི་ལོའི་ཕྱི་ཟླ་ ༥ ཚེས་ ༡༧ ཉིན་རྒྱལ་ཚོགས་ཀྱི་འཛམ་གླིང་གནམ་གཤིས་རིག་པའི་ལྷན་ཚོགས་(World Meteorological Organization) ཀྱིས་བཏོན་པའི་གོ་ལའི་གནམ་གཤིས་སྐོར་གྱི་སྙན་ཐོའི་ནང་། སྤྱིར་འཛམ་གླིང་གི་བྱང་དང་ལྷོ་སྣེ་གཉིས་ཀྱི་མཚམས་སུ་གནས་པའི་ས་ཁུལ་མང་པོ་ཞིག་ཏུ་ལོ་ལྟར་གངས་མཐུག་པོ་བབས་ནས། དགུན་དུས་ནས་དབྱར་མགོར་གངས་ཞུ་མི་ཐུབ་ཀྱང་། གོ་ལའི་ཚ་དྲོད་འཕར་ནས་སྣེ་གཉིས་ཀྱི་གངས་རི་དང་འཁྱག་རོམ་དག་ཀྱང་མགྱོགས་པོར་ཞུ་མུས་ཡིན་པ་མ་ཟད། དེང་སྐབས་ས་ཕྱོགས་མང་དག་ཅིག་ཏུ་དབྱར་དུས་སུ་བཟོད་དཀའ་བའི་ཚ་དྲོད་རྒྱས་པ་དང་།  དགུན་དུས་གྲང་ལྷགས་ཀྱིས་བསྡམས་ཡོད་སྐོར་དང་། ཚ་ཚད་འཕེལ་ནས་དྲག་ཆར་འབབ་པ་དང་། ཆུ་ལོག་རྒྱུག་པ། མཚོ་རླབས་འཕྱུར་བ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འབྱུང་མུས་ཡིན་སྟབས། དེས་མི་རྣམས་ཀྱི་འཚོ་གནས་ལ་དོ་ཕོག་ཆེན་པོ་བཟོས་ཏེ། ཚ་གྲང་དང་རང་བྱུང་གོད་ཆག་སོགས་ཀྱིས་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་སྐོར་སོགས་གསལ་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

A Samburu woman fetches water during a drought in Loolkuniyani Primary School, Samburu County, Kenya, Oct. 16, 2022. (AP Photo/Brian Inganga, File
Mobile App

འབྱུང་འགྱུར་ལོ་ལྔའི་ནང་འཛམ་གླིང་གི་ཚ་ཚད་ཆེས་ཛ་དྲག་དུ་འགྱུར་ཉེན་ཡོད་པའི་སྙན་ཐོ་བཏོན།  

༢༠༢༣/༠༥/༡༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese