མདུན་ངོས།
About Us
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

འབྱུང་འགྱུར་ལོ་ལྔའི་ནང་འཛམ་གླིང་གི་ཚ་ཚད་ཆེས་ཛ་དྲག་དུ་འགྱུར་ཉེན་ཡོད་པའི་སྙན་ཐོ་བཏོན།  

བོད་ཀྱི་དུས་བབ།
༢༠༢༣/༠༥/༡༩
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ ༢༠༢༢ ལོའི་གོ་ལའི་གནམ་གཤིས་འགྱུར་ལྡོག་གི་སྙན་ཐོའི་ནང་འདས་ལོའི་ནང་གནམ་གཤིས་ཚ་ཚད་ ༡།༥ ཡར་འཕར་ཡོད་པ་མ་ཟད་ཕྱི་ལོ་ ༢༠༡༥ ནས་ ༢༠༢༢ བར་གྱི་ལོ་བརྒྱད་ནང་ལོ་རྒྱུས་ནང་གི་ཚ་ཚད་ཆེས་མཐོ་ཤོས་སུ་གྱུར་ཡོད་སྐོར་བཀོད་འདུག

A Samburu woman fetches water during a drought in Loolkuniyani Primary School, Samburu County, Kenya, Oct. 16, 2022. (AP Photo/Brian Inganga, File

འདས་པའི་མི་ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་འཛམ་གླིང་ཁྱོན་ཡོངས་སུ་འཛུགས་སྐྲུན་གྱི་ལས་གཞི་ཧ་ཅང་མང་དུ་སྤེལ་ཏེ་གོ་ལའི་ཚ་ཚད་མགྱོགས་མྱུར་ངང་འཕར་བ་དང་ཁོར་ཡུག་སྦག་བཙོག་ཏུ་འགྱུར་མུས་ཡིན་པ་ལྟར། ཟླ་འདིའི་ཕྱི་ཚེས ༡༧ ཉིན་རྒྱལ་ཚོགས་ཀྱི་འཛམ་གླིང་གནམ་གཤིས་རིག་པའི་ལྷན་ཚོགས་(World Meteorological Organization) ཀྱིས་བཏོན་པའི་ཕྱི་ལོ ༢༠༢༢ ལོའི་གོ་ལའི་གནམ་གཤིས་སྐོར་གྱི་སྙན་ཐོའི་ནང་དུ། འདས་ལོའི་ནང་གནམ་གཤིས་ཚ་ཚད་ ༡།༥ ཡར་འཕར་ཡོད་ཅིང་། འབྱུང་འགྱུར་མི་ལོ་ལྔའི་ནང་འཛམ་གླིང་གི་ཚ་ཚད་ཆེས་ཛ་དྲག་དུ་འགྱུར་ཉེན་ཡོད་པའི་ཉེན་བརྡ་བཏང་འདུག

འཛམ་གླིང་གནམ་གཤིས་རིག་པའི་ལྷན་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་པི་ཏར་རི་ (Petteri Taalas) ལགས་ཀྱིས། ཡར་ཐོན་ཅན་གྱི་རྒྱལ་ཁབ་མང་པོ་ཞིག་གིས་ཡུལ་ལུང་སོ་སོ་དང་གོ་ལ་སྤྱི་ཡོངས་ཀྱི་གནམ་གཤིས ཐད་ལ་འཐུས་ཤོར་ཆེན་པོ་ཞིག་འགྲོ་མུས་ཡིན་པའི་ཁར། འཛམ་གླིང་གི་ས་ཁུལ་མང་དག་ཅིག་ཏུ་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས་རང་བྱུང་གི་གོད་ཆག་མང་པོ་འབྱུང་མུས་ཡིན་སྟབས། འཛམ་གླིང་ས་གནས་གང་ས་ནས་གོ་ལ་ལྗང་བསྒྱུར་གྱི་ལས་གཞིའི་ཐད་མུ་མཐུད་མཐུན་རྐྱེན་སྦྱར་དགོས་སྐོར་སོགས་བརྗོད་འདུག

ལྷན་ཚོགས་དེའི་སྙན་ཐོའི་ནང་། འདས་ལོའི་གནམ་གཤིས་ཚ་ཚད་དེ་ ༡།༥ འགྱུར་ཡོད་ཅིང་། དེ་ནི་ཕྱི་ལོ་ ༡༨༥༠ ནས་ཕྱི་ལོ་ ༢༠༢༢ ལོའི་བར་གྱི་གོ་ལའི་གནམ་གཤིས་ཚ་ཚད་ཆེས་མཐོ་ཤོས་ལྔ་པའམ་དྲུག་པ་དང་། ཕྱི་ལོ་ ༢༠༡༥ ནས་ ༢༠༢༢ བར་གྱི་ལོ་བརྒྱད་ནང་ལོ་རྒྱུས་ཐོག་གི་ཚ་ཚད་ཆེས་མཐོ་ཤོས་སུ་འགྱུར་ཡོད་པ། དེ་བཞིན་རྒྱ་མཚོའི་འཁྱག་རོམ་ཞུ་ཚད་ཇེ་མགྱོགས་སུ་འགྲོ་མུས་ཡིན་སྐོར་དང་།  སྤྱིར་འཛམ་གླིང་གི་ས་ཁྱོན་བརྒྱ་ཆ་ ༧༠ ཆུ་ཡིས་ཁེངས་ཡོད་པས། དེ་ནི་གནམ་གཤིས་འགྱུར་ལྡོག་གི་གྲུབ་ཆ་གལ་ཆེན་ཞིག་ཡིན་པ་མ་ཟད། དེས་དུག་རླངས་དང་དྲོད་ཀྱི་འགྱུར་འགྲོས་ལའང་ཚོད་འཛིན་ཆེན་པོ་བྱེད་ཀྱི་ཡོད་ཀྱང་། རྒྱ་མཚོ་སོགས་སྦག་བཙོག་ཏུ་གྱུར་བ་དེས། རྒྱ་མཚོའི་འགུལ་རླབས་ཇེ་ཆེ་དང་། ཆུ་གནས་རྩི་ཤིང་དང་སེམས་ཅན་ལའང་གནོད་འཚེ་ཆེན་པོ་ཐེབས་ཡོད་ཅིང་། ལྷག་པར་རྒྱ་མཚོ་ཁོ་ནར་བརྟེན་ནས་འཚོ་བ་རོལ་བའི་མི་མང་གི་འཚོ་གནས་དང་ཐོན་སྐྱེད་སོགས་ལའང་གནོད་འཚེ་ཆེན་པོ་ཐེབས་ཡོད་སྐོར་སོགས་གསལ་འདུག 

ཡང་སྙན་ཐོའི་ནང་། སྤྱིར་འཛམ་གླིང་གི་བྱང་དང་ལྷོ་སྣེ་གཉིས་ཀྱི་མཚམས་སུ་གནས་པའི་ས་ཁུལ་མང་པོ་ཞིག་ཏུ་ལོ་ལྟར་གངས་མཐུག་པོ་བབ་ནས། དགུན་དུས་ནས་དབྱར་མགོར་གངས་ཞུ་མི་ཐུབ་ཀྱང་། གོ་ལའི་ས་དྲོད་འཕར་ནས་སྣེ་གཉིས་ཀྱི་གངས་རི་དང་འཁྱག་རོམ་དག་ཀྱང་མགྱོགས་པོར་ཞུ་མུས་ཡིན་པ་མ་ཟད། དེང་སྐབས་ས་ཕྱོགས་མང་དག་ཅིག་ཏུ་དབྱར་དུས་སུ་བཟོད་དཀའ་བའི་ཚ་དྲོད་རྒྱས་པ་དང་།  དགུན་དུས་གྲང་ལྷགས་ཀྱིས་བསྡམས་ཡོད་སྐོར་དང་། ཚ་ཚད་འཕེལ་ནས་དྲག་ཆར་འབབ་པ་དང་། ཆུ་ལོག་རྒྱུག་པ། མཚོ་རླབས་འཕྱུར་བ་སོགས་ཀྱི་དཀའ་ངལ་མང་པོ་ཞིག་འབྱུང་མུས་ཡིན་པས། དེས་མི་རྣམས་ཀྱི་འཚོ་གནས་ལ་དོ་ཕོག་ཆེན་པོ་བཟོས་ཏེ། ཚ་གྲང་དང་རང་བྱུང་གོད་ཆག་སོགས་ཀྱིས་མི་མང་པོའི་ཚེ་སྲོག་ཤོར་གྱི་ཡོད་སྐོར་སོགས་གསལ་འདུག

གོ་ལའི་གནམ་གཤིས་འགྱུར་ལྡོག་གི་རྐྱེན་གྱིས། འདས་ལོར་ཨ་ཧྥེ་རི་ཁའི་ཤར་ཕྱོགས་ཀྱི་ཡུལ་ལུང་མང་པོ་ཞིག་ཏུ་ཆར་པ་ཤུགས་ཆེན་བབས་ནས་མི་གྲངས་ས་ཡ་ ༣༧ ལྷག་གི་འཚོ་གནས་ལ་དོ་ཕོག་བྱུང་ཡོད་པ་དང་། པ་ཀི་སི་ཐན་དུ་ཆུ་ལོག་རྒྱུག་ནས་མི་གྲངས ༡༧༠༠ ལྷག་རྐྱེན་འདས་དང་། མི་གྲངས་ས་ཡ་ ༣༣ ལྷག་ལ་གནོད་འཚེ་ཐེབས། དེ་བཞིན་མི་གྲངས་ས་ཡ་ ༨ ལྷག་གནས་མེད་དུ་གྱུར་ཏེ། ཨ་སྒོར་ཐེར་འབུམ  ༣༠ ལྷག་གི་དཔལ་འབྱོར་གྱི་གྱོང་གུད་ཐེབས་ཡོད་འདུག 

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལ་དབྱེ་འབྱེད་འགོག་ཐབས་ཀྱི་ཚོགས་ཆེན་ཐེངས་ ༨༥ པ།
Mobile App

རྒྱལ་ཚོགས་ཀྱི་ཆེད་མཁས་པས་བོད་ནང་གི་བུད་མེད་ཀྱི་གནས་སྟངས་སྐོར་ལ་འདྲི་རྩད་ནན་པོ་གནང་།

༢༠༢༣/༠༥/༡༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist