མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་བརྡབ་གསིག་གཏོང་བའི་ཉེན་ཁ་ཆེ།

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༣
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་པའི་འོས་བབ་མེད་པ་མ་ཟད། རྒྱ་ནག་གཞུང་གིས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་གཏོར་སྐྱོན་གཏོང་བའི་ཉེན་ཁ་ཡོད་སྐོར་བརྗོད་འདུག

དེ་རིང་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་དང་། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་སོགས་བོད་དོན་དང་འབྲེལ་བའི་ཚོགས་སྡེ་ ༡༤༠ ལྷག་གིས། རྒྱ་ནག་གཞུང་བསྐྱར་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་འོས་འདེམས་བྱུང་བར་སྐྱོན་བརྗོད་དང་སྦྲགས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལ་གཉན་འཕྲང་གི་དཀའ་ངལ་འཕྲད་བཞིན་ཡོད་སྐོར་བསྒྲགས་འདུག

བོད་པའི་ཚོགས་སྡེ་ཁག་གིས། རྒྱ་ནག་ནི་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་གཏོང་མཁན་ཞིག་ཡིན་པས།  རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་པར་འོས་འཚམས་མེད་པ་དང་། ད་ལྟ་རྒྱ་ནག་བསྐྱར་དུ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཁོངས་སུ་བདམས་པ་དེས་འཛམ་གླིང་ཁྱོན་ཡོངས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་དང་གོང་འཕེལ་ཡོང་བར་གནོད་སྐྱོན་བཟོ་རྒྱུ་ཡིན་པ་མ་ཟད། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་ལྷན་ཚོགས་ལའང་བརྡབ་གསིག་ཐེབས་ངེས་ཡིན་སྐོར་སོགས་བརྗོད་འདུག

ཡང་དེ་འབྲེལ་ཐད་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་བསྟན་འཛིན་ཟླ་བ་ལགས་ཀྱིས། སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་རྒྱ་ནག་དམར་ཤོག་ཚོགས་པས། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་བབ་ཇེ་ཞན་དུ་གཏོང་ཐབས་སུ་དུས་ནས་དུས་སུ་སྒྲིག་བཀོད་ལྡན་པའི་འཆར་གཞི་ལག་བསྟར་གྱིས། རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞིར་དབང་སྒྱུར་དང་འགོག་རྐྱེན་བསྐྲུན་པ། སྒེར་སྤྱོད་སོགས་བྱས་དང་བྱེད་མུས་ཡིན་པ་རྒྱལ་སྤྱིའི་ཚོགས་སྡེ་ཁག་གིས་ཤེས་རྟོགས་ཐུབ་ཡོད། ཅེས་བརྗོད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས། ད་ལྟའི་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་འདེམས་སྒྲུག་བྱེད་ཕྱོགས་ཀྱི་སྲིད་ཇུས་ལ་འགྱུར་བ་ཤུགས་གཏོང་དགོས་པ་དང་། ས་ཁུལ་རིམ་པ་མཚོན་པའི་ཚོགས་མི་འདེམས་རྒྱུ་གལ་ཆེན་ཡིན་ཡང་།འགྲོ་བ་མིའི་ཐོབ་ཐང་གི་རིན་ཐང་ཁག་བློས་གཏོང་བྱས་ཏེ་འགྲོ་བ་མིའི་ཐོབ་ཐང་གི་ཚོགས་མི་བདམས་པ་ནི་རྒྱབ་འགལ་ཆགས་ཡོད། ལྷན་ཚོགས་ཀྱི་ཚོགས་མི་རྒྱལ་ཁབ་དག་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་བྱེད་མཁན་ཡིན་དགོས་པ་ལས། རྒྱ་ནག་ལྟ་བུ་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་མཁན་ལྷན་ཚོགས་ཀྱི་ཁོངས་སུ་ཞུགས་མི་ཆོག་པ་བཟོ་དགོས་སྐོར་སོགས་བརྗོད་འདུག

རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་སྐབས་ ༥༤ པའི་སྟེང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོའི་ཁུལ་ནས་ཨིན་ཌོ་ནེ་ཞི་ཡར་(Indonesia)འོས་གྲངས་ ༡༨༦ དང་གོ་ཝེཊ་(Kuwait)ལ་འོས་ ༡༨༣ ། དེ་བཞིན་ཉི་ཧོང་ལ་འོས་ ༡༧༥ ། རྒྱ་ནག་ལ་འོས་གྲངས་ ༡༥༤ བཅས་ཐོབ་སྟེ། རྒྱ་ནག་སླར་ཡང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་འོས་འདེམས་བྱུང་ཡོད་པ་དང་། ད་རེས་ནི་རྒྱ་ནག་གཞུང་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མིར་གྱུར་བ་ཐེངས་ ༦ ཆགས་ཡོད་འདུག་ལ། ཕྱི་ལོ་ ༢༠༢༠ ལོའི་འོས་གྲངས་དང་བསྡུར་ཚེ་རྒྱ་ནག་ལ་ཐོབ་པའི་འོས་གྲངས་ཇེ་མང་དུ་ཕྱིན་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

ནོ་བྷེལ་སྨན་རྫས་རིག་པའི་གཟེངས་རྟགས་ཐོབ་མཁན་གསུམ།

ཆུ་ཚོད་ ༢ སྔོན་ལ།
མངའ་རིས་ས་ཁུལ་ཁག་ཏུ་ཁ་བ་བབས་པའི་རྣམ་པ། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

བོད་མངའ་རིས་ས་ཁུལ་ཡོངས་སུ་གངས་ཀྱི་གནོད་སྐྱོན་ཐེབས།

ཆུ་ཚོད་ ༢༤ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དཔའ་བོ་རི་ཆར་ཌི་མོར་སོགས་སུ་མཇལ་ཁ་བསྩལ།

༢༠༢༦/༡༠/༠༥
Advertisement for App

གསར་འགོད་པའི་ས་མིག

༢༠༢༦/༡༠/༠༥
Wanying “Heather” Zhang. United States Attorney’s Office Central District of California
Mobile App

ཨ་རིས་རྒྱ་ནག་གི་གསང་ཉུལ་བའི་དོགས་ཡོད་ཅིག་འཛིན་བཟུང་བྱས།

༢༠༢༦/༡༠/༠༥
Mobile App

བོད་ཀྱི་སློབ་གསོ་སྨྲ་བ་ས་ཡུལ་ཁྲོ་བོ་རྒྱལ་མཚན་ལགས་འདས་གྲོངས་ཕྱིན།

༢༠༢༦/༡༠/༠༣

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese