མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མི་རྣམས་རྒྱ་ནག་དམར་གཞུང་གི་བསླུ་བྲིད་འོག་མི་ཚུད་པའི་འབོད་སྐུལ་གནང་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་གཉེན་འཕྲད་ལྟ་སྐོར་ལ་ཁ་གཡར་ནས་མགོ་སྐོར་གཏོང་བཞིན་པར་རང་རིགས་བོད་མི་ཡོངས་ནས་ལངས་ཕྱོགས་བརྟན་པོས་དོགས་ཟོན་དང་ཡིད་གཟབ་གནང་གལ་ཆེ་བའི་འབོད་སྐུལ་གནང་འདུག

ཨོ་གླིང་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་ ༧ པའི་ཚོགས་ཞུགས་པ་དང་འབོད་སྐུལ་གསལ་བསྒྲགས། འབྲེལ་ཡོད་ཀྱི་པར། ༢༠༢༣།༡༠།༡༥

ཟླ་འདིའི་ཕྱི་ཚེས་ ༡༤ དང་ ༡༥ ཉིན་ཨོ་གླིང་ཝཱ་གྷཱ་ཝཱ་གྷའམ་བོད་དགའ་བོད་རིགས་མཐུན་ཚོགས་ཀྱི་གོ་སྒྲིག་འོག ས་གནས་དེར་ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འགན་འཛིན་ལྷན་ཚོགས་ཐེངས་བདུན་པ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་སྐུ་མགྲོན་གཙོ་བོ་ཨོ་གླིང་སྐུ་ཚབ་དོན་གཅོད་ཀརྨ་སེང་གེ་ལགས་དང་། བོད་མི་མང་སྤྱི་འཐུས་རྡོ་རིང་བསྟན་འཛིན་ཕུན་ཚོགས་ལགས་རྣམ་གཉིས་ཀྱི་དབུས་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་ ༡༥ མཉམ་ཞུགས་གནང་ཡོད་འདུག་ལ། ཐེངས་འདིའི་འགན་འཛིན་ལྷན་ཚོགས་ཐོག་རྒྱ་ནག་གཞུང་གིས་བྱེད་ཐབས་སྣ་ཚོགས་ཀྱི་ཐོག་ནས་བཙན་བྱོལ་བོད་མི་རྣམས་ལ་བསླུ་བྲིད་གཏོང་བཞིན་པ་དེའི་འོག་ཏུ་མི་ཚུད་པར་ཡིད་གཟབ་དགོས་པའི་གལ་ཆེའི་འབོད་སྐུལ་གསལ་བསྒྲགས་ཤིག་གནང་འདུག

ཨོ་གླིང་རྒྱལ་ཡོངས་བོད་རིགས་མཐུན་ཚོགས་ཀྱི་ཚོགས་གཙོ་རྔ་བ་ཆོས་འཛིན་ལགས་ཀྱིས་འདི་གའི་གསར་འགོད་པར། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ངོས་ནས་འདི་འདྲའི་གཞེན་སྐུལ་ཞུ་དགོས་པ་ཧ་ཅང་གལ་ཆེན་པོ་མཐོང་བཞིན་ཡོད་པས། སྤྱི་ཡོངས་ཀྱི་ཐོག་ནས་འབོད་སྐུལ་གསལ་བསྒྲགས་ཤིག་སྤེལ་དགོས་འཁེལ་བ་རེད། སྤྱིར་རྒྱལ་ཁབ་ཤོར་ནས་བཙན་བྱོལ་དུ་འབྱོར་ཡོད་པའི་མི་རིགས་ཤིག་ལ་མཚོན་ན། རང་ཉིད་ཀྱི་མི་རིགས་ལ་བཙན་འཛུལ་དང་གཉའ་གནོན་བྱས་པའི་ལོ་རྒྱུས་བརྒྱུད་རིམ་དང་། མ་འོངས་པར་སྲིད་ཇུས་གང་འདྲ་ལག་བསྟར་བྱས་ཏེ་དབང་བསྒྱུར་བྱེད་བཞིན་པ་ཤེས་རྟོགས་བྱུང་དགོས་པ་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་དངོས་ཤུགས་བརྒྱུད་གསུམ་ནས་བོད་ཀྱི་སྐད་ཡིག་རིག་གཞུང་དང་བཅས་རྩ་མེད་གཏོང་བའི་སྲིད་ཇུས་ལག་བསྟར་བྱེད་བཞིན་པ་མངོན་གསལ་གྱི་གནས་སྟངས་ཤིག་ཡིན་པ་དང་། ད་ལྟའི་ཆར་ཕྱི་རྒྱལ་ཁག་ཏུ་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གིས་ཆེད་དམིགས་བོད་པའི་ཚོགས་སྡེ་ཁག་ལྟ་སྐོར་དུ་འཁྲིད་པའི་བསླུ་བྲིད་ཀྱི་གནས་སྟངས་ཤིག་འབྱུང་བཞིན་ཡོད་ཅིང་། བོད་པ་ཚང་མས་མགོ་བསྐོར་བསླུ་བྲིད་དེ་འདྲའི་རིགས་ནང་མ་ཚུད་པར་ལངས་ཕྱོགས་བརྟན་པོ་ཞིག་འཛིན་པའི་འོས་འགན་ཡོད་སྟབས། ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་ཁྱབ་ཁོངས་ཀྱི་མི་མང་རྣམས་རྒྱ་གཞུང་གི་བསླུ་བྲིད་ཀྱི་མགོ་བསྐོར་འོག་ཏུ་མི་ཚུད་པར་གསལ་བསྒྲགས་སྤེལ་བ་ཞིག་ཡིན།  མ་འོངས་པར་མཐུན་ཚོགས་ཀྱི་ངོས་ནས་རྒྱ་གཞུང་གིས་བོད་ཐོག་ཏུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ཁག་ལ་དུས་དང་སྐབས་ལ་བསྟུན་ནས་མི་མང་ལ་གོ་རྟོགས་སྤེལ་བའི་ལས་དོན་བྱེད་ཕྱོགས་ཤིག་འཛིན་བཞིན་ཡོད་ཅེས་འགྲེལ་བརྗོད་གནང་བྱུང་།

 ཨོ་གླིང་རྒྱལ་ཡོངས་བོད་རིགས་སྤྱི་མཐུན་ཚོགས་པའི་འབོད་སྐུལ་ནང་དུ། ཕྱི་ལོ་ ༡༩༥༩ ལོར་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བཙན་བྱོལ་དུ་ཕེབས་རྗེས། རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་བོད་གཞུང་བཙུགས་ཏེ་བོད་དོན་བདེན་མཐའ་གསལ་ཐབས་དང་། བོད་མིའི་སྤྱི་ཚོགས་བདེ་དོན་བཅས་ལ་བློ་ཡུལ་དུ་ཤོང་དཀའ་བའི་བཀའ་དྲིན་བསྐྱངས་པ་མ་ཟད། བོད་མིའི་རྩ་དོན་ལ་འབད་པ་གནང་མཁན་ཆབ་སྲིད་བཙོན་ཟུར་དང་འབྲེལ་ཆགས་འབྲེལ་ཡོད་རྣམས་ལའང་དམིགས་བསལ་མཐུན་སྦྱོར་གནང་ཡོད་ཀྱང་། ད་ཆ་རྒྱ་ནག་གཞུང་གིས་ཆེད་དམིགས་བསླུ་བྲིད་ཀྱིས་ཚོགས་བཙུགས་དཔུང་བསྒྲིགས་བྱས་ཏེ་བོད་མི་ཁག་ཅིག་གཉེན་འཕྲད་ལྟ་སྐོར་ལ་ཁ་གཡར་ནས་མགོ་སྐོར་གཏོང་བཞིན་པར་རང་རིགས་སྤུན་ཟླ་ཡོངས་ནས་ལངས་ཕྱོགས་བརྟན་པོས་དོགས་ཟོན་དང་ཡིད་གཟབ་གནང་གལ་ཆེ་བའི་འབོད་སྐུལ་ནན་འདྲོངས་ཞུ་རྒྱུ་ཡིན་ཞེས་བརྗོད་འདུག

ཕྱི་ལོ་ ༢༠༢༣ ཟླ་ ༨ ཚེས་ ༣༡ ནས་ ༩ ཚེས་ ༣ བར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་ཚོགས་ཆེན་ཐེངས་ ༡༡ པ། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་པར།

རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། འདི་ལོའི་ཕྱི་ཟླ་ ༨ ཚེས་ ༣༡ ནས་ ༩ ཚེས་ ༣ བར་དུ་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ། ཕྱིར་ལོག་རང་མི་དང་ཕྱིར་སྡོད་རང་མིའི་ཁྱིམ་མིའི་འཐུས་མི་ཚོགས་ཆེན་ཐེངས་ ༡༡ པ་ཟེར་བ་ཞིག་བསྡུས་ཏེ། ཚོགས་ཐོག་ཏུ་ཆེས་ཕྱི་བོར་བཙུགས་པའི་བོད་རང་སྐྱོང་ལྗོངས་ཕྱིར་སྡོད་ཕྱི་འབྲེལ་ནུས་པ་དུས་སྐབས་གསར་པ་ཞིག་ཏུ་བསླེབས་ཡོད་སྐོར་གྱི་ཕྱོགས་བསྡོམས་བྱས་ཡོད་པ་མ་ཟད། འདས་པའི་ལོ་ལྔ་ཡི་ནང་རྒྱ་གར་དང་བལ་ཡུལ། ཨོ་གླིང་། ཨ་རི། སུད་སི་སོགས་ནས་བོད་རིགས་གཉེན་འཕྲད་པ་ ༡༢༠༠ ལྷག་ལ་སྣེ་ལེན་དང་མཛའ་འབྲེལ་ནུས་པ་རྒྱ་སྐྱེད་དེ། ཕྱི་རུ་ཕྱིན། ནང་དུ་བསུ་བའི་ནུས་པ་བཏོན་ཏེ་རྒྱལ་གཅེས་ཕྱིར་སྡོད་རང་མི་དུས་ཆེན་དགའ་སྟོན་ལ་མགྲོན་འབོད་དང་། འབྲེལ་ལམ་སྣ་ཚོགས་བརྒྱུད་དེ་ཕྱི་འབྲེལ་མཛའ་བརྩེའི་ལས་འགུལ་སྤེལ་བ། ཕྱི་རྒྱལ་དུ་ཚོགས་པ་གསར་འཛུགས་བྱེད་པར་རྒྱབ་སྐྱོར་དང་འབྲེལ། ཁོང་ཚོ་བརྒྱུད་ནས་བོད་ཀྱི་ལོ་རྒྱུས་ཡག་པོ་བརྗོད་པ་དང་། བོད་ཀྱི་གཏམ་སྙན་དྲིལ་བསྒྲགས་བྱེད་དུ་འཇུག་གི་ཡོད་པ་སོགས་ཕྱི་རུ་ཕྱིན་པ་ནང་དུ་བསུ་བའི་བྱ་བཞག་ནུས་པ་ལྡན་པ་སྤེལ་བཞིན་ཡོད་སྐོར་འགྲེལ་བརྗོད་བྱས་འདུག

ལོ་ལྟར་བལ་ཡུལ་དང་ཡོ་རོབ། ཨོ་གླིང་སོགས་སུ་རྒྱ་ནག་གཞུང་ཚབ་ཁང་གིས་ཕྱི་སྡོད་རང་མིའི་ལོ་སར་སྤྲོ་ཚོགས་ཟེར་བ་སོགས་བསྡུས་ཏེ་ས་གནས་ཀྱི་བོད་མི་དང་རྒྱ་རིགས་ལ་སྐད་གཏོང་གི་ཡོད་པ་ལྟར། བོད་མི་གང་ཙམ་རེ་མཉམ་ཞུགས་ཀྱང་བྱས་དང་བྱེད་བཞིན་ཡོད་ལ། དེ་བཞིན་བོད་ལ་གཉེན་འཕྲད་དུ་ཕྱིན་པ་རྣམས་ལའང་སྣེ་ལེན་དང་སྦྲགས་དོན་ཚན་ ༣༠ ཡས་མས་ལ་ལན་འདེབས་དང་ཁས་ལེན་བྱེད་དུ་འཇུག་པ་དང་། འཐབ་ཕྱོགས་གཅིག་གྱུར་ཁང་གི་སྤྲོ་ཚོགས་ལ་སྐད་གཏོང་བ་སོགས་དང་། གོང་གི་གཞུང་འབྲེལ་གསར་ལམ་དུ་སྤེལ་བའི་གནས་ཚུལ་ནང་གསལ་ལྟར། དངུལ་བཏང་ནས་ཕྱི་རྒྱལ་དུ་ཚོགས་པ་གསར་འཛུགས་བྱས་ཏེ་རྒྱ་ནག་དམར་ཤོག་གི་ལྟ་བ་དང་ཆབ་སྲིད་དྲིལ་བསྒྲགས་བྱེད་དུ་འཇུག་པ་སོགས་བསླུ་བྲིད་གཏོང་བའི་བྱེད་ཐབས་སྣ་ཚོགས་བེད་སྤྱོད་གཏོང་བཞིན་ཡོད་པ་རེད།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༢ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese