མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

༧གོང་ས་མཆོག་གི་མཛད་འཆར་ཁག་ཅིག་ཕྱིར་འཐེན་གནང་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༠
Share on FacebookShare on TwitterShare on EmailShare on Whatsapp
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་འབྲས་ལྗོངས་དང་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཁག་ཕྱིར་འཐེན་ཞུས་འདུག
བོད་ཀྱི་དུས་བབ་གསར་ཁང་གི་སྐུ་པར།

 

དེ་རིང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་གསལ་བསྒྲགས་སྤེལ་བ་ལྟར་ན། ཉེ་ལམ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་མགུལ་ཆམ་བཞེས་རྗེས་སྐུ་ཁམས་དྭངས་སྐྱེད་བྱུང་ཡོད་རུང་། ད་ལྟ་སྔོན་ཆན་ལྟར་དུས་ཐུང་ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ཕྱོགས་མཐའ་ཁག་ཏུ་ཆིབས་བསྒྱུར་བསྐྱངས་ཚེ། སྐུ་གཟུགས་ལ་བརྡབ་གསིག་དང་འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དང་། སྐུའི་བླ་སྨན་པ་རྣམས་ཀྱིས་སྐུ་ངལ་གསོ་གལ་ཆེ་བའི་དགོངས་འཆར་བཏོན་པ་གཞི་བཟུང་། ཕྱི་ཟླ་ ༡༡ ནང་༧གོང་ས་མཆོག་འབྲས་ལྗོངས་སུ་ཆིབས་བསྒྱུར་བསྐྱང་རྒྱུ་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་དང་ ༡༢ ཟླ་དཀྱིལ་བར་གྱི་རྒྱ་གར་ལྷོ་ཕྱོགས་ཁུལ་གྱི་མཛད་འཆར་ཁག་བཅས་ཕྱིར་འཐེན་བྱས་ཡོད་པའི་གསལ་བསྒྲགས་སྤེལ་འདུག

ཡང་ཕྱི་ཟླ་ ༡༢ ཚེས་ ༢༩ ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ནང་གི་༧གོང་ས་མཆོག་གི་མཛད་འཆར་ཁག་ལ་འགྱུར་བ་ཕྱིན་མེད་པ་དང་་། དེ་ཡང་ཚེས་ ༢༩ དང་ ༣༠ ཉིན་གཉིས་ཀྱི་སྔ་དྲོ་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་ཆོས་འབྲེལ་བཀའ་དྲིན་སྩལ་རྒྱུ་དང་། ཕྱི་ཚེས་ ༣༡ ཉིན་གྱི་སྔ་དྲོ་རྗེ་བཙུན་འཇམ་པའི་དབྱངས་ཀྱི་རྗེས་གནང་བཀའ་དྲིན་སྩལ་རྒྱུ། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ཉིན་གནས་མཆོག་རྡོ་རྗེ་གདན་གྱི་དུས་འཁོར་དབང་ཆེན་གསུང་ཆོས་ར་བར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

དེ་འབྲེལ་དགའ་ལྡན་ཕོ་བྲང་གི་གསལ་བསྒྲགས་ནང་། དད་ལྡན་རྒྱ་ཆེ་མི་མང་ཡོངས་ལ་ཞུ་རྒྱུར། ཉེ་ལམ་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་མགུལ་ཆམ་བཞེས་པ་དྭངས་སྐྱེད་བྱུང་ཡོད་རུང་། སྔོན་འཆར་ལྟར་དུས་ཐུང་ནང་ཕྱོགས་མཐར་ཆིབས་བསྒྱུར་གནང་ཚེ་སྐུ་གཟུགས་ལ་བརྡབ་གསིག་དང་། འདུ་འཛོམས་ཆེ་སར་ཆམ་རིམས་སོགས་ཀྱི་ཉེན་ཁའང་ཆེ་རྐྱེན། གནས་ཆུང་ཆོས་རྒྱལ་ཆེན་པོའི་བཀའ་ལུང་དགོངས་དོན་དང་། སྐུའི་བླ་སྨན་པ་རྣམས་ནས་ཀྱང་དུས་ཡུན་རིང་ཙམ་སྐུ་ངལ་གསོ་གལ་ཆེ་བའི་གསོལ་འདེབས་ཞུས་དོན་ལྟར། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ནང་སྒང་ཏོག་ཏུ་ཕེབས་རྒྱུའི་ཆིབས་སྒྱུར་མཛད་འཆར་དང་། ཕྱི་ཟླ་ ༡༡ ཟླ་དཀྱིལ་ནས་ཕྱི་ཟླ་ ༡༢ ཟླ་དཀྱིལ་བར་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཧུན་སུར་བཅས་ཀྱི་མཛད་འཆར་རྣམས་ཕྱིར་འཐེན་ཞུས་པ་དང་། འོན་ཀྱང་། ཕྱི་ཟླ་ ༡༢ ཟླ་དཀྱིལ་ནས་གནས་མཆོག་རྡོ་རྗེ་གདན་དུ་ཆིབས་སྒྱུར་བསྐྱང་རྒྱུའི་མཛད་འཆར་ལ་ད་ལྟའི་ཆར་འགྱུར་བ་མེད། ཅེས་བརྗོད་འདུག

འབྲེལ་ཡོད་གསར་འགྱུར།

Front Slider

བཀག་གཞུང་བོད་མིའི་གཞིས་ཆགས་སུ་སྐོར་སྐྱོད།

ཆུ་ཚོད་ ༢༡ སྔོན་ལ།
Tibetan villagers resettled to improve living standard
Mobile App

གཞིས་རྩེ་ཁུལ་གྱི་འབྲོག་སྡེ་གསུམ་གནས་སྤོར་བྱེད་དུ་བཅུག་འདུག

ཆུ་ཚོད་ ༢༢ སྔོན་ལ།
Parents wait for their children to be treated for respiratory disease in Chongqing, China.Credit: Costfoto/NurPhoto via Getty
Mobile App

འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་ནད་གཞིར་ཡིད་གཟབ་དགོས་པའི་ལམ་སྟོན་བྱས་འདུག

ཆུ་ཚོད་ ༢༣ སྔོན་ལ།
Mobile App

ནག་བསུབ་གཏོང་བཞིན་པའི་བོད།

ཆུ་ཚོད་ ༢༤ སྔོན་ལ།
ངོ་དེབ་ཀྱིས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་དག་སྒོ་བརྒྱབ་འདུག པར། GETTY
Mobile App

ངོ་དེབ་ཀྱིས་རྒྱ་ནག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་ངོ་དེབ་ཁ་བྱང་ ༤༧༠༠ ལྷག་སྒོ་བརྒྱབ་འདུག

ཆུ་ཚོད་ ༢༤ སྔོན་ལ།
མཚོ་མོ་དང་ཉི་སྒྲོན་གཉིས་འཛིན་བཟུང་བྱེད་སྐབས་ཀྱི་ཡུལ་དངོས་པར། པར་དབང་། བོད་ཀྱི་དུས་བབ་གསར་ཁང་། ཕྱི་ལོ་ ༢༠༢༣ ཟླ་ ༡༢ ཚེས་ ༢ ཉིན།
Mobile App

སེར་ཤུལ་རྫོང་ཉེན་རྟོག་པས་བོད་རིགས་བུད་མེད་གཉིས་འཛིན་བཟུང་བཙན་ཁྲིད་བྱས་འདུག

༢༠༢༣/༡༢/༠༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist