མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྐྱེ་རྒུ་ཉེན་རྟོག་པས་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ལ་གཅར་རྡུང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

སྐྱེ་རྒུ་མདོ་ཉེན་རྟོག་པས་བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲིས་དབང་ཕྱུག་ལགས་ཉིན་གསུམ་རིང་བཀག་ཉར་བྱས་ཏེ་འདྲི་རྩད་གཅར་རྡུང་བཏང་བ་མ་ཟད་ཁོང་གི་སྒེར་གཉེར་རླངས་འཁོར་འཁྲུད་ས་དེའང་སྒོ་ཕྱེ་རུ་བཅུག་མེད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ལ་གཅར་རྡུང་བཏང་བ། པར་བོད་ནས་འདི་གར་མཁོ་སྤྲོད་བྱས། ༢༠༢༣།༡༠

སྤྱིར་རྒྱ་ནག་གཞུང་གིས་བོད་ནང་གི་གནད་ཡོད་མི་སྣ་དང་ལྷག་པར་དུ་བོད་ཀྱི་ཆབ་སྲིད་བཙོན་ཟུར་རྣམས་ལ་དངོས་ཤུགས་བརྒྱུད་གསུམ་ནས་བཙན་གནོན་དང་དབྱེ་འབྱེད་ཀྱི་སྲིད་ཇུས་ལག་བསྟར་བྱས་དང་བྱེད་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས་ ༡༧ ཉིན་བོད་ཀྱི་སྐད་ཡིག་ཐོབ་ཐང་འཐབ་རྩོད་པ་དང་ཆབ་སྲིད་བཙོན་ཟུར་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཁོང་རང་གི་ས་ཆའི་ཐོག་རླངས་འཁོར་འཁྲུ་ས་ཞིག་སྒོ་ཕྱེ་ཡོད་ཀྱང་། ས་གནས་སྲིད་གཞུང་གིས་ཁྲིམས་འགལ་ཡིན་ཚུལ་བརྗོད་དེ་དེབ་སྐྱེལ་བྱས་མེད་པ་མ་ཟད། དྲ་ལམ་དུ་དེ་འབྲེལ་གནས་ཚུལ་བཀྲམ་པར་བརྗོད་དེ། བཀྲ་ཤིས་དབང་ཕྱུག་ལགས་ཉིན་གསུམ་རིང་བཀག་ཉར་བྱས་ཏེ་གཅར་རྡུང་བཏང་ཡོད་འདུག

དེའི་ཐད་བོད་ནང་གི་འབྲེལ་ཡོད་ཅིག་གིས་འདི་གའི་གསར་འགོད་པར། ཉེ་ལམ་བཀྲིས་དབང་ཕྱུག་ལགས་ཀྱིས་སྐྱེ་རྒྱུ་ཁུལ་དུ་རླངས་འཁོར་འཁྲུད་ཁང་ཞིག་སྒོ་ཕྱེ་སྐབས། རྒྱ་ནག་ཉེན་རྟོག་པས་རླངས་འཁོར་འཁྲུད་ཁང་གི་དེབ་སྐྱེལ་ཁྲིམས་སྒྲིག་ལྟར་ཕྱིན་མེད་སྐོར་བརྗོད་དེ་འབོད་འགུགས་བྱས་ཡོད་པ་དང་། བཀྲ་ཤིས་དབང་ཕྱུག་ལགས་ལས་ཁུངས་སུ་བཅར་སྐབས་ཡར་མར་མང་པོ་བཏང་རྗེས་ཐོ་འགོད་བྱེད་རོགས་མ་བྱས་པའི་རྐྱེན་གྱིས། ཁོང་གིས་ལས་བྱེད་དེ་དག་པར་དུ་བླངས་ནས་དྲ་ལམ་དུ་སྤེལ་ཡོད་འདུག དེ་ནས་སྐྱེ་རྒུའི་ཉེན་རྟོག་པས་ཁོང་ཉིན་གྲངས་ ༣ རིང་བཀག་ཉར་བྱས་ཏེ་གཅར་རྡུང་བཏང་ཡོད་པ་མ་ཟད། ཁོང་གི་རླངས་འཁོར་འཁྲུད་ཁང་དེའང་སྒོ་འབྱེད་དུ་བཅུག་མེད་སྐོར་འགྲེལ་བརྗོད་གནང་བྱུང་། 

བཀྲ་ཤིས་དབང་ཕྱུག་ལགས་ལས་ཁུངས་སུ་བཅར་སྐབས། ཁོང་རང་གི་ར་སྐོར་ནང་དུ་ཁང་པ་ཡོད་ཀྱང་། གནམ་གཤིས་གྲང་མོ་ཡིན་པས་ཉི་འོད་དྲོད་གློག་ཅིག་བཙུགས་དགོས་ཀྱི་འདུག་སྟབས།  ཆོག་མཆན་ཞིག་གནང་རོགས་ཞེས་བརྗོད་སྐབས། སྲིད་གཞུང་གི་ལས་བྱེད་དེས་མགོ་འཁྲིད་བསྡད་མེད་ལ། དེ་ནས་ཡིག་ཆ་དེ་འདྲ་སྤྲོད་སྐོར་བརྗོད་འདུག

སྤྱིར་ཕྱི་ལོ་ ༢༠༢༠ ཟླ་ ༡ ཚེས་ ༡༤ ཉིན་བཙོན་གྲོལ་ཐོབ་པའི་བོད་ཀྱི་སྐད་ཡིག་སློབ་གསོའི་ཐོབ་ཐང་དོན་གཉེར་བ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས། ཕྱི་ལོ་ ༢༠༡༥ ཙམ་ནས་པེ་ཅིན་དུ་གནས་སྡོད་ནེའུ་ཡོག་དུས་བབ་ཡན་ལག་གི་གསར་འགོད་པར་རྒྱ་ནག་གཞུང་གི་སྲིད་ཇུས་འོག་བོད་ཁུལ་གྱི་སློབ་གྲྭ་ཁག་ཏུ་བོད་སྐད་ཡིག་སློབ་གསོ་རྩ་མེད་བཟོ་ཡི་ཡོད་པ་དང་། བོད་ཕྲུག་བྱིས་པའི་བོད་སྐད་ཡིག་གི་གནས་ཚད་ཉེན་ཚབས་ཅན་དུ་གྱུར་ཡོད་སྟབས། ངེས་པར་དུ་རྒྱ་ནག་གཞུང་གི་མི་རིགས་རང་སྐྱོང་ཁུལ་གྱི་བཅའ་ཁྲིམས་ནང་གསལ་ལྟར་བོད་སྐད་ཡིག་སྲུང་སྐྱོབ་དགོས་པའི་འབོད་སྐུལ་བྱས་ཡོད་པ་མ་ཟད། གསར་ཁང་དང་ཁྲིམས་རྩོད་པ་སོགས་ལ་འབྲེལ་བ་བྱས་ཏེ་བོད་ཁུལ་གྱི་སློབ་གསོའི་དཀའ་ངལ་དྲིལ་བསྒྲགས་བྱེད་ཐབས་གནང་ཡོད་པར་བརྟེན། ཕྱི་ལོ་ ༢༠༡༦ ཟླ་ ༡ ཚེས་ ༢༧ ཉིན་སྐྱེ་རྒུ་མདོ་ཉེན་རྟོག་པས་གསང་བའི་ཐོག་ནས་ཁོང་འཛིན་བཟུང་བྱས་ཏེ། ལོ་དེའི་ཕྱི་ཟླ་ ༣ ཚེས་ ༢༤ བར་ནང་མིར་ཤེས་རྟོགས་བྱུང་བཅུག་མེད་པ་མ་ཟད། ནང་མི་སྤུན་མཆེད་སོགས་ལ་ཐུག་ཏུ་མ་བཅུག་པར་བཀག་ཉར་བྱས་ཏེ་ལོ་ ༢ ལྷག་བཞག་ཡོད་པ་རེད། ཕྱི་ལོ་ ༢༠༡༨ ཟླ་ ༥ ཚེས་ ༢༢ ཉིན་སྐྱེ་རྒུ་འབྲིང་རིམ་མི་དམངས་ཁྲིམས་ཁང་ཟེར་བ་དེས། རྒྱལ་ཁབ་ཁ་བྲལ་གཏོང་ཐབས་ཀྱི་བྱ་སྤྱོད་སྤེལ་བའི་ཉེས་མིང་འོག བཀྲ་ཤིས་དབང་ཕྱུག་ལགས་སུ་ལོ་ ༥ བཙོན་འཇུག་ཁྲིམས་བཅད་དེ། ཕྱི་ལོ་ ༢༠༢༡ ཟླ་ ༡ ཚེས་ ༢༨ ཉིན་ཀློད་གྲོལ་བཏང་ཡོད་ཀྱང་། རྒྱ་ནག་གཞུང་གིས་མུ་མཐུད་ཁོང་གི་འགྲོ་འདུག་སྤྱོད་གསུམ་ལ་ལྟ་ཞིབ་དང་སྟངས་འཛིན་བྱས་ཏེ་ཐ་ན་ཁོང་ས་གནས་གཞན་དུ་ཕྱིན་ཏེ་མགྲོན་ཁང་མི་གཡར་བ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་པ་རེད།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༨ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese