མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

༧སྐུའི་གོ་སྟོན་གྱི་ལོ་དེ་ཞི་བདེའི་ལོ་ཞིག་ཏུ་སྲུང་གཙི་ཞུ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་སྐུའི་གོ་སྟོན་གྱི་ལོ་དེ་ཞི་བདེའི་ལོ་ཞིག་ཏུ་སྲུང་གཙི་ཞུ་རྒྱུ་ཡིན་པའི་གསལ་བསྒྲགས་གནང་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནེའུ་ཡོག་ཏུ་འཚམས་གཟིགས་སུ་ཕེབས་ཏེ་ས་གནས་མི་མང་ལ་གསུང་བཤད། བོད་མིའི་སྒྲིག་འཛུགས་ཀྱི་པར།

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ནས་ཨ་མེ་རི་ཁའི་གཞུང་འབྲེལ་འཚམས་གཟིགས་དང་བསྟུན། ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་ནེའུ་ཡོག་གི་ས་གནས་མང་ཚོགས་ལ་གསུང་བཤད་དང་། ཁུལ་དེའི་ཆོས་ཚོགས་ཁག་གི་ཚོགས་འདུའི་ཐོག་བོད་ཀྱི་ཆོས་རིག་རྒྱུན་འཛིན་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པའི་སྐུའི་འཁྲུངས་སྐར་དེ་ཞི་བདེའི་ལོ་ (Year of Peace) ཞེས་པར་སྲུང་གཙི་ཞུ་རྒྱུ་ཡིན་སྐོར་གསུངས་འདུག 

བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ནེའུ་ཡོག་གི་ཕུན་ཚོགས་སྡེ་བཞིའི་ཚོགས་ཁང་དུ། ཕྱི་ལོ་ ༢༠༢༥ ཟླ་ ༧ ཚེས་ ༦ ཉིན་ནི་ཕྱི་ལུགས་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ལ་ཕེབས་པའི་གོ་སྟོན་དང་བསྟུན། བཞུགས་སྒར་དྷ་སར་གཞི་རྒྱ་ཆེ་བའི་གོ་སྟོན་ཞིག་འཚོག་འཆར་ཡོད་པ་མ་ཟད། རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་བསམ་ཚུལ་བཞིན། ༧མགོན་པོ་གང་ཉིད་དགུང་གྲངས་ ༩༠ ཕེབས་པའི་ལོ་དེ་ཞི་བདེའི་ལོ་ཞེས་པར་སྲུང་གཙི་ཞུས་ཏེ། སྐུའི་མཛད་འཕྲིན་དང་དགོངས་བཞེད་རྣམས་ཁྱབ་སྤེལ་གཏང་རྒྱུའི་འཆར་གཞི་ཡོད་པ་མ་ཟད། བོད་བརྒྱུད་ནང་བསྟན་གྱི་ཆོས་ཚོགས་ཁག་གཙོས་ནང་པ་སུ་ལའང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ལ་ཐག་གཅོད་བྱ་རྒྱུའི་དབང་ཆ་མེད་ཅིང་། དེའི་སྐུ་དབང་མཐའ་དག་༧མགོན་པོ་གང་ཉིད་ཁོ་ནར་ཡོད་པའི་གྲོས་ཆོད་ཅིག་གཞག་ཐུབ་ན། མ་འོངས་པར་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲངས་པ་རྣམས་ཀྱིས་༧རྒྱལ་བའི་ཡང་སྲིད་དང་འབྲེལ་བའི་བསམ་ཚུལ་དང་། ལངས་ཕྱོགས་གཅིག་མཚུངས་སུ་འགྱུར་བར་ཕན་ཐོགས་ཆེན་པོ་ཡོད་སྐོར་སོགས་གསུངས་འདུག

ཡང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་མི་ལོ་ཉི་ཤུ་ཙམ་གྱི་སྔོན་ནས་བཀའ་ཁྱབ་ལྔ་ཞེས་པ་གཏན་འབེབས་བྱས་ཏེ། བོད་ཀྱི་སྤྲུལ་སྐུའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་རྩ་འཛིན་སྲིད་ཇུས་ཟེར་བ་བཟུང་སྟེ་ཆབ་སྲིད་ཀྱི་ལག་ཆར་བེད་སྤྱོད་བྱས་དང་བྱེད་མུས་ཡིན་པ་མ་ཟད། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ལའང་ཐེ་ཇུས་བྱ་རྒྱུའི་གྲ་སྒྲིག་བྱེད་མུས་ཡིན་ཡང་། ད་ལྟ་དབུས་བོད་མིའི་སྒྲིག་འཛུགས་གི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་དང་འབྲེལ་བའི་ཡིག་ཆ་དེ་ཕྱི་ལོ་ ༢༠༡༡ ཟླ་ ༩ ནང་བཞག་པའི་ཡིག་ཆ་དེ་རེད། ཡིག་ཆ་དེར་སྐུའི་ཡང་སྲིད་ཀྱི་གནད་དོན་དེ་༧མགོན་པོ་མཆོག་ནས་དགུང་གྲངས་ ༩༠ བཞེས་སྐབས་གོ་བསྡུར་བྱས་ཏེ་ཐག་གཅོད་བྱ་རྒྱུ་ཡིན་པ་གསལ་ཡོད་སྐོར་གསུངས་འདུག 

ཁོང་གིས། ད་ལྟ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགུང་གྲངས་ ༩༠ ཕེབས་པར་ལོ་གཅིག་དང་ཕྱེད་ཀ་ཙམ་ལས་མེད་པས། བཀའ་ཤག་གིས་འདས་ལོའི་ཕྱི་ཟླ་ ༡༠ ནང་སྐུའི་ཡང་སྲིད་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་གསལ་བསྒྲགས་ཤིག་སྤེལ་ཡོད་ཅིང་། དེའི་ནང་གཙོ་བོ་༧མགོན་པོ་གང་ཉིད་ཀྱིས་དགུང་གྲངས་ ༡༡༣ བར་བཞུགས་རྒྱུའི་ཞལ་བཞེས་བཟང་པོ་ཐོབ་ཡོད་པས། དེ་བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་སུ་བྱུང་མི་ཐུབ་ལ། དེ་ནི་མ་འོངས་པའི་ལོ་བཅུ་ཕྲག་གཉིས་ཀྱི་རྗེས་ཀྱི་གནས་སྟངས་ལ་དཔག་ནས་གཞུང་གིས་གྲ་སྒྲིག་བྱ་དགོས་ཀྱི་ཡོད་སྟབས། བོད་མིའི་སྒྲིག་འཛུགས་ཀྱིས་འགན་ཁུར་དགོས་པ་དག་ཁུར་ནས་ཚོགས་ཆུང་བསྐོ་འཛུགས་སོགས་ཀྱི་ལས་དོན་གྱི་ཐད་ལ་ལས་དོན་གཉེར་དང་གཉེར་མུས་ཡིན་སྐོར་སོགས་གསུངས་འདུག 

འདི་ལོའི་ཕྱི་ཟླ་ ༩ ཚེས་ ༢༦ ཉིན་དབུས་བོད་མིའི་སྒྲིག་འཛུགས་བཀའ་ཤག་སྐབས་བཅུ་དྲུག་པས་༧སྐུའི་ཡང་སྲིད་དང་འབྲེལ་བའི་དོན་ཚན་དྲུག་ཅན་གྱི་ཡིག་ཆ་ཞིག་འགྲེམས་སྤེལ་གནང་བའི་ཁྲོད། བླ་སྤྲུལ་ཡང་སྲིད་ངོས་འཛིན་ནི་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་ཕྱོགས་ཀྱི་ལམ་སྲོལ་ཞིག་ཡིན་ཞིང་། ཡང་སྲིད་ངོས་འཛིན་གྱི་གཞི་རྩའི་ལྟ་གྲུབ་ནི་སྐྱེ་བ་སྔ་ཕྱི་ཁས་བླངས་པ་ཞིག་ངེས་པར་དུ་དགོས་པ་དང་། ཆོས་ཕྱོགས་ཀྱི་བྱ་བ་འདིའི་ཐད་ལ་༧རྒྱལ་བ་རིན་པོ་ཆེ་མཆོག་ནས་སུ་ཞིག་ལ་འགན་བསྐུར་བ་ཇི་བཞིན་གནང་བ་བཞིན། དེའི་བརྒྱུད་རིམ་ནས་འགྲོ་དགོས་པ་ཞིག་ཡིན་ལ། བོད་མིའི་སྒྲིག་འཛུགས་ལ་ལས་འགན་གང་བསྐུར་སྐབས་དུས་སོ་སོའི་འབྲེལ་ཡོད་ནས་ཁུར་ངེས་ཡིན་པར་ཡིད་ཆེས་ཡོད། ཅེས་སོགས་འཁོད་འདུག  

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༤ ཉིན་དགའ་ལྡན་ཕོ་བྲང་ཡིག་ཚང་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཡང་སྲིད་དང་འབྲེལ་བའི་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་གནང་བའི་ནང་། ༧རྒྱལ་དབང་སྐུ་ཕྲེང་རྒྱུན་མཐུད་དགོས་པ་དང༌། སྐུ་ཕྲེང་བཅོ་ལྔ་པའི་ཡང་སྲིད་ངོས་འཛིན་བྱ་དགོས་ཀྱི་དུས་སྐབས་ཤིག་ཤར་ཚེ་དེའི་བྱེད་སྒོའི་འགན་ཁུར་གཙོ་བོ་ཏཱ་ལའི་བླ་མའི་བླ་བྲང་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའི་དབང་ལྡན་འགན་འཛིན་རྣམས་ལ་ཡོད་པ་དང༌། ཁོ་ཚོས་བོད་བརྒྱུད་ནང་བསྟན་ཆོས་བརྒྱུད་ཁག་གི་དབུ་ཁྲིད་བླ་ཆེན་རྣམ་པ་དང༌། ༧རྒྱལ་དབང་སྐུ་ཕྲེང་ན་རིམ་དང་ལུས་དང་གྲིབ་བཞིན་འགྲོགས་པའི་དམ་ལྡན་ཆོས་སྲུང་ཁག་ལ་སྐབས་བསྟུན་ལམ་སྟོན་ཞུས་ཏེ་ཡང་སྤྲུལ་རྩད་གཅོད་ངོས་འཛིན་སྔོན་སྲོལ་བཞིན་བྱེད་དགོས་པ་དང༌། ངོས་ནས་ཀྱང་བྱེད་ཕྱོགས་དེ་དག་ལམ་སྟོན་གསལ་བཀོད་ཀྱི་ཡིག་འཇོག་བྱ་རྒྱུ་ཡིན་ཞིང༌། དེ་ལྟར་ཚུལ་མཐུན་རྩད་གཅོད་ངོས་འཛིན་བྱུང་བའི་ཡང་སྤྲུལ་ཞིག་ལས་གཞན་དུ་སྲིད་དོན་གྱི་དགོས་མཁོ་ལ་བརྟེན་ནས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཆབ་སྲིད་དབང་འཛིན་པས་མཚོན། སྲིད་དབང་འཛིན་པ་སུ་ཞིག་གིས་ཡང་སྤྲུལ་འདེམས་སྒྲུག་བྱས་པ་བྱུང་ཚེ་དེ་ལ་སུས་ཀྱང་༧རྒྱལ་བའི་ཡང་སྤྲུལ་དུ་ངོས་འཛིན་དང་དད་མོས་བྱེད་མི་དགོས་པ་ཡིད་འཇགས་དགོས། ཞེས་འཁོད་ཡོད་པ་རེད་ལ། ཡོངས་ཁྱབ་གསལ་བསྒྲགས་འདི་ནི་མ་འོངས་སྐུའི་ཡང་སྲིད་སྐོར་གྱི་རྩ་འཛིན་ཆགས་ཡོད་པ་རེད།  

གསར་འགོད་པ། དཔལ་ལྡན། 

རྩིམ་སྒྲིག་པ། པདྨ་མཚོ། 

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

སྐར་མ ༣༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese