མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གཞུང་གིས་གྲོང་ཚོ་རེ་རེ་ནས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་སྤེལ་རྒྱུ་ཡིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་ཟེར་བ་དང་འབྲེལ་བའི་བཅའ་ཁྲིམས་གསར་པ་ཞིག་གཏན་འབེབས་བྱས་ཏེ་ལོ་རྗེས་མའི་ཕྱི་ཟླ་ ༡ ཚེས་ ༡ ཉིན་ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་འདུག

རྒྱ་ནག་གི་མགོ་འཁྲིད་ཞི་ཅིན་ཕིང་དང་སློབ་ཆུང་གི་སློབ་ཕྲུག དྲ་ལམ་གྱི་པར།

ཟླ་འདིའི་ཕྱི་ཚེས་ ༢༤ ཉིན་རྒྱ་ནག་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཟེར་བའི་སྐབས་ ༡༤ པའི་གྲོས་ཚོགས་ཚོགས་ཐེངས་ ༦ པའི་ཐོག་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་བཅའ་ཁྲིམས་ཟེར་བའི་དོན་ཚན་ ༤༠ ཡོད་པའི་བཅའ་ཁྲིམས་ཤིག་གཏན་འབེབས་བྱས་ཏེ། ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ ནས་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ལུགས་བསྒྲགས་འདུག་ལ། བཅའ་ཁྲིམས་དེ་སློབ་གྲྭ་དང་ཁྱིམ་ཚང་། གཞུང་ཞབས་པ། ལས་བཟོ་བ། གྲོང་ཚོ་དང་སྡེ་ཁུལ་གྱི་གྲོང་མི། ཐའེ་ཝན། ཧོང་ཀོང་། ཕྱིར་སྡོད་རང་མི་ཟེར་བ་སོགས་ལ་དམིགས་པ་ཞིག་ཡིན་འདུག

དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་འགན་འཛིན་ཟླ་བ་ཚེ་རིང་ལགས་སུ་བཅའ་ཁྲིམས་གསར་པ་དེས་མ་འོངས་པར་བོད་ནང་ཤུགས་རྐྱེན་ངན་པ་གང་འདྲ་ཐེབས་མིན་དྲིས་པར་ཁོང་གིས། བོད་མི་རྣམས་ལ་དཀའ་ངལ་མང་པོ་འཕྲད་སྲིད་པ་ཞིག་རེད་འདུག སྤྱིར་བཏང་རྒྱ་ནག་གཞུང་གིས་ཁ་བྲལ་རིང་ལུགས་པ་ཟེར་དུས་བོད་པས་རང་ཉིད་ཀྱི་མི་རིགས་ལ་བརྩེ་བ་ཡོད་པ་དང་། བོད་ཀྱི་སྐད་ཡིག་དང་རིག་གཞུང་སློབ་སྦྱོང་བྱེད་པ་རྣམས་ཁ་བྲལ་རིང་ལུགས་པའི་ཉེས་མིང་ལ་རྩི་ཡི་ཡོད་པ་ལྟར། བོད་པས་རྒྱ་ནག་གི་དུས་ཆེན་ཁག་སྲུང་གཙི་བྱེད་ཀྱི་མེད་པ་དང་། རྒྱ་ནག་གི་རྒྱལ་གླུ་སོགས་ལ་བརྩི་བཀུར་ཞུ་ཡི་མེད་པར་བརྟེན། ཐེངས་འདིའི་ཁྲིམས་གཞི་གསར་པ་དེ་བརྒྱུད་ནས་རྒྱ་ནག་གི་དུས་ཆེན་ཁག་སྲུང་གཙི་མི་བྱེད་པ་དང་། རྒྱ་སྐད་དང་རྒྱ་ནག་གི་རིག་གཞུང་། ལོ་རྒྱུས་སོགས་མ་ཤེས་ན་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་བའི་ཁྲིམས་གཞི་དང་འགལ་གྱི་ཡོད་པ་ལྟ་བུ་རེད་འདུག དེར་བརྟེན་བོད་པས་སོ་སོའི་ཆོས་དང་རིག་གཞུང་སོགས་ལ་བརྩེ་བ་བསྟན་པ་ཡིན་ན་ཁ་བྲལ་རིང་ལུགས་ཀྱི་ཁྲིམས་ཀྱི་ཐོག་ནས་འགལ་འཇུག་པ་དང་། རྒྱ་ནག་གི་དུས་ཆེན་དང་རིག་གཞུང་སོགས་ལ་བརྩེ་བ་མེད་པའི་རྣམ་འགྱུར་བསྟན་ཚེ། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ་དང་འབྲེལ་བའི་ཁྲིམས་དེའི་ཐོག་ནས་འགལ་བསྡད་པ་ལྟ་བུ། བོད་པས་ག་རེ་བྱས་ནའང་མ་འགྲིག་པའི་དཀའ་ངལ་འཕྲད་ཉེན་ཡོད་པ་དང་། ཁྲིམས་དེ་དང་འབྲེལ་བའི་ཡིག་ཆ་ཁག་གི་ནང་དོན་ཁ་གསལ་མེད་པར་བརྟེན། རྒྱ་ནག་གིས་བོད་མི་རྣམས་འཛིན་བཟུང་དང་བཙོན་འཇུག་བྱེད་ཆོག་ཆོག་ཡོད་སྲིད་པའི་ཉེན་ཁ་མཐོང་གི་འདུག ཅེས་བརྗོད་གནང་བྱུང་།

གསར་དུ་གཏན་འབེབས་བྱས་པའི་ཁྲིམས་དེའི་ནང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོར་ཤུགས་སྣོན་རྒྱག་པ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏང་རྒྱུ་དམིགས་དོན་དུ་འཛིན་པའི་ཐོག སྤྱིའི་རྩ་དོན་དང་འགན་འཁྲི། ལས་འགན། ལག་བསྟར་བྱ་ཐབས། རྒྱབ་སྐྱོར་དང་འགན་སྲུང་སོགས་ཚུད་འདུག དེ་ཡང་། རྒྱལ་གཅེས་རིང་ལུགས་གཙོ་བོར་བཟུང་བའི་ཐོག་ནས་རྒྱལ་གཅེས་རིང་ལུགས་ཐོག་ངེས་ཤེས་བརླག་མཁན་རྣམས་ལ་སློབ་གསོ་སྤེལ་ཏེ་རྒྱལ་གཅེས་རིང་ལུགས་ཀྱི་བསམ་བློ་གོང་འཕེལ་གཏོང་ཐབས་དང་། ཡུལ་དེའི་ལོ་རྒྱུས་དང་རིག་གཞུང་སོགས་བརྩི་སྲུང་ཞུས་ཏེ། ཡུལ་དེའི་རིག་གཞུང་དར་ཁྱབ་གཏོང་རྒྱུ། གཞན་ཡང་། རྒྱལ་ཁབ་ཀྱི་རྩ་ཁྲིམས་དང་ཁྲིམས་ལུགས་སོགས་ལ་བརྩི་སྲུང་དང་ལག་བསྟར་བྱ་རྒྱུའི་འགན་ཡོད་ཚུལ་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

སྐར་མ ༣༨ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༢ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

ཆུ་ཚོད་ ༢༢ སྔོན་ལ།
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

ཆུ་ཚོད་ ༢༣ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese