མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་དཔོན་ལི་ཁུ་ཆང་གི་སྙིང་རྩ་འགག་ནས་འདས་གྲོངས་སུ་ཕྱིན།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་སྲིད་བློན་ཟུར་བ་ལི་ཁུ་ཆང་གློ་བུར་དུ་སྙིང་རྩ་འགག་ནས་འདས་གྲོངས་སུ་ཕྱིན་ཡོད་འདུག

North Korean leader Kim Jong-il and his son Kim Jong-un pose for photographs with Chinese vice premier Li Keqiang in 2011. Photo: Reuters

རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། ཁ་སང་ཉིན་རྒྱབ་ཙམ་ལ་རྒྱ་ནག་གི་སྲིད་བློན་ཟུར་བ་ལི་ཁུ་ཆང་ལ་གློ་བུར་དུ་སྙིང་ནད་བྱུང་སྟེ་ཧྲང་ཧེ་གྲོང་ཁྱེར་གྱི་སྨན་ཁང་ཞིག་ཏུ་སྨན་བཅོས་བྱེད་ཐབས་བྱས་ཡོད་ཀྱང་། མདང་དགོང་མཚན་དཀྱིལ་ཆུ་ཚོད་ ༡༢ ཡོལ་ཙམ་གྱི་སྟེང་ལི་ཁུ་ཆང་སྙིང་རྩ་འགག་ནས་འདས་གྲོངས་སུ་ཕྱིན་ཡོད་སྐོར་བསྒྲགས་འདུག

ད་ལྟ་གསར་འགྱུར་བརྒྱུད་ལམ་ཁག་ཏུ་ལི་ཁུ་ཆང་གྲོངས་རྐྱེན་སྙིང་ནད་ཡིན་པ་ཙམ་ལས་རྒྱུ་རྐྱེན་གཞན་ཡོད་མེད་ཁ་གསལ་མེད་པ་དང་། རྒྱ་ནག་ལ་ཉམས་ཞིབ་བྱེད་མཁན་ཚོས། ལི་ཁུ་ཆང་དང་ཞི་ཅིན་ཕིན་གཉིས་སྟག་སེང་ཁ་སྤྲོད་ཡིན་པ་དང་། ཞི་ཅིན་ཕིན་གྱི་དབང་ཤུགས་རྒྱ་སྐྱེད་དུ་ཕྱིན་པ་ལ་བརྟེན་ནས་ལི་ཁུ་ཆང་དང་ཁོའི་ཕྱོགས་གཏོགས་ཕམ་ཉེས་བྱུང་བར་ངོས་འཛིན་བྱེད་བཞིན་པ་མ་ཟད། ད་ལྟ་ལི་ཁུ་ཆང་གྲོངས་རྐྱེན་ཡང་ཞི་ཅིན་ཕིན་དང་འབྲེལ་བ་ཡོད་པར་དོགས་སློང་བྱེད་ཀྱིན་འདུག

རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ཁག་ལ་གཞུང་འབྲེལ་རྗེས་དྲན་ཞུ་སྲོལ་ཡོད་པ་ལྟར། རྒྱ་ནག་གཞུང་འབྲེལ་གྱི་དྲ་ལམ་ཁག་ཏུ། ལི་ཁུ་ཆང་འདས་གྲོངས་སུ་ཕྱིན་ཡོད་པ་དང་རྗེས་དྲན་ཕྱིས་སུ་བྱ་རྒྱུ་ཡིན་ཞེས་བཀོད་འདུག་ནའང་། ད་ལྟ་ད་དུང་ཡང་རྒྱ་ནག་གཞུང་འབྲེལ་གྱི་གསར་ལམ་ཁག་ཏུ་རྗེས་དྲན་དང་འབྲེལ་བའི་གནས་ཚུལ་གང་ཡང་སྤེལ་མི་འདུག རྒྱ་ནག་གི་ཝེ་པོད་དྲ་ཚིགས་ཀྱི་སྟེང་དུ་ལི་ཁུ་ཆང་འདས་གྲོངས་སུ་ཕྱིན་པའི་གནས་ཚུལ་སྤེལ་བར་ལྟ་ཀློག་བྱེད་མཁན་མི་གྲངས་ས་ཡ་ ༧༠༠ ལྷག་བྱུང་ཡོད་འདུག

ལི་ཁུ་ཆང་ད་ལྟ་རང་ལོ་ ༦༨ ཡིན་པ་དང་ཞི་ཅིན་ཕིན་ལས་ལོ་གཉིས་ཀྱི་ཆུང་ཞིང་། འདི་ལོའི་ཕྱི་ཟླ་ ༣ པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་སྟེང་དུ། རྒྱ་ནག་གི་མགོ་འཁྲིད་མཐོ་ཤོས་ཨང་གཉིས་པ་སྟེ། ལི་ཁུ་ཆང་གིས་སྲིད་བློན་གྱི་ཆེས་མཐའ་མཇུག་གི་ལས་བསྡོམས་སྙན་སྒྲོན་དང་རང་ཉིད་སྐབས་གཉིས་རིང་སྲིད་བློན་དུ་བསྡད་པའི་ལོ་ངོ་བཅུའི་རིང་གི་སྲིད་བློན་གྱི་གོ་གནས་ལ་མཇུག་སྡོམ་བརྒྱབ་ཡོད།

ཕྱི་ལོ་ ༢༠༡༣ ལོར་ལི་ཁུ་ཆང་རྒྱ་ནག་གི་སྲིད་བློན་དུ་བསྡད་པ་ནས་བཟུང་། རྒྱ་ནག་གཞུང་གི་བུ་ལོན་གྱི་དཀའ་ངལ་དང་། ཨ་རྒྱའི་ཚོང་འབྲེལ། ཏོག་དབྱིབས་གཉན་རིམས་ཀྱི་དཀའ་ངལ་སོགས་རྒྱ་ནག་གི་དཔལ་འབྱོར་ལ་ཆེས་དཀའ་ངལ་འཕྲད་བཞིན་པའི་བརྒྱུད་རིམ་ལ་གདོང་ལེན་བྱས་ཡོད་ཅིང་། ད་ལྟ་ལི་ནི་ཁྲོམ་རའི་རང་དབང་གུ་ཡངས་གཏོང་མཁན་ཞིག་དང་དབུལ་ཕོངས་མི་མང་སེམས་ལ་བཅིང་མཁན་ཞིག་ཏུ་ངོས་འཛིན་བྱེད་པ་དང་། ཡང་ཞི་ཅིན་ཕིན་གྱི་སྲིད་དབང་སྒེར་གཅོད་འོག་ནས་ཟུར་ཕུད་བྱས་པའི་དམར་ཤོག་དཔོན་རིགས་ཤིག་ཏུའང་ངོས་འཛིན་བྱེད་ཀྱི་ཡོད་འདུག

སྤྱིར་རྒྱ་ནག་དམར་ཤོག་ཚོགས་པའི་དཔོན་རིགས་ནང་ཁུལ་གྱིས་སྲིད་དབང་འཐབ་རྩོད་བྱས་ཏེ་འདས་གྲོངས་སུ་འགྲོ་ཡི་ཡོད་པ་མངོན་གསལ་ཡིན་པ་དང་། དམིགས་བསལ་གྱིས་མིང་གྲགས་ཆེ་བའི་དཔོན་རིགས་གང་མང་ཞིག་གློ་བུར་གློ་བུར་དུ་སྙིང་ནད་སོགས་ཕོག་ནས་འདས་གྲོངས་སུ་འགྲོ་ཡི་ཡོད། དེ་ཡང་མའོ་ཙེ་ཏུང་སྙིང་ནད་རྐྱེན་གྱིས་འདས་གྲོངས་སུ་ཕྱིན་པ་དང་ཏིན་ཞའོ་ཕིན་གློ་བའི་ནད་གཞིས་གྲོངས། ཅང་ཙི་མན་འབྲས་སྐྲན་རྐྱེན་གྱིས་གྲོངས། ད་ལྟ་ལི་ཁུ་ཆང་སྙིང་རྩ་འགག་ནས་འདས་གྲོངས་སུ་ཕྱིན་པ་སོགས་བྱུང་མྱོང་བ་རེད།

Chinese premier Li Keqiang bows before delivering the work report at the opening session of the National People’s Congress in 2023. Photo: Reuters

ལི་ཁུ་ཆང་ཕྱི་ལོ་ ༡༩༥༥ ལོར་རྒྱ་ནག་ཨན་ཧྥེ་ཞིང་ཆེན་གྱི་རྒྱལ་ས་ཧི་ཧྥེ་རུ་སྐྱེས། ཕྱི་ལོ་ ༡༩༧༤ ལོར་ཧི་ཧྥེ་མཐོ་རིམ་སློབ་གྲྭ་ ༨ པ་ཟེར་བ་ནས་སློབ་མཐར་ཕྱིན། ཕྱི་ལོ་ ༡༩༨༢ ལོར་པེ་ཅིན་གཙུག་ལག་སློབ་ཆེན་(北京大学法学院)ནས་ཁྲིམས་ལུགས་རིག་པའི་ཐོག་ཉེ་བའི་གཙུག་ལག་རབ་འབྱམས་པ་ཐོན། ཕྱི་ལོ་ ༡༩༩༥ ལོར་སློབ་ཆེན་དེ་ནས་ཚོང་ལས་ཐོག་གཙུག་ལག་རབ་འབྱམས་པ་དང་ལྟ་གྲུབ་ཐོག་འབུམ་རམས་པ་བཅས་ཐོན། ཕྱི་ལོ་ ༡༩༧༦ ལོར་ལི་ཁུ་ཆང་ན་གཞོན་དམར་ཤོག་ཚོགས་པའི་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་པ་ནི་ཐོག་མར་དམར་ཤོག་ཚོགས་ཁོངས་སུ་ཞུགས་པ་ཡིན།  ཕྱི་ལོ་ ༡༩༩༨ ནས་ ༢༠༠༤ བར་ཧེ་ནཱན་(河南)ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་དང་སྲིད་འཛིན་པར་བསྡད། ཕྱི་ལོ་ ༢༠༠༤ ནས་ ༢༠༠༧ བར་ལེའོ་ནཱེ་(辽宁)ཞིང་ཆེན་གྱི་དམར་ཤོག་དྲུང་ཆེ་བྱས། ཕྱི་ལོ་ ༢༠༠༨ ནས་ ༢༠༡༣ བར་དམར་ཤོག་ཚོགས་པའི་རིམ་པ་དང་པོའི་སྲིད་བློན་གཞོན་པ་བྱས། ཕྱི་ལོ་ ༢༠༡༣ ནས་ ༢༠༢༣ བར་རྒྱ་ནག་དམར་ཤོག་ཚོགས་པའི་སྲིད་དབང་མཐོ་ཤོས་ཀྱི་མི་སྣ་ཨང་གཉིས་པ་སྟེ། རྒྱ་ནག་གི་སྲིད་བློན་ཆགས་ཡོད་པ་རེད།

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༠ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese