མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༠/༢༩
Share on FacebookShare on TwitterShare on EmailShare on Whatsapp

ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་གིས་གཞོན་སྐྱེས་རྣམས་ཀྱིས་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་པའི་སེམས་ཀྱི་ཚན་རིག་གཙོ་བོར་གྱུར་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་མཉམ་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་ཚེ། འཇིག་རྟེན་ཡོངས་ལ་ཞི་བདེ་ཡོང་ཐུབ་རྒྱུའི་རེ་བ་ཡོད་སྐོར་གསུངས་སོང་།

གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་བཞིན་པ། ༢༠༢༣།༡༠།༢༩ དུས་བབ་ཀྱི་པར།

དེ་རིང་དང་སང་ཉིན་ཉིན་གཉིས་རིང་ལ་གངས་སྐྱིད་སྲིད་སྐྱོང་ཚོགས་ཁང་དུ། བོད་ཀྱི་དཔེ་མཛོད་ཁང་གི་གོ་སྒྲིག་འོག འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་དབུ་འཛུགས་གནང་སོང་། ཐེངས་འདིའི་བགྲོ་གླེང་གི་དབུ་འབྱེད་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བཀའ་བློན་ཁྲི་ཟུར་ཟམ་གདོང་རིན་པོ་ཆེ་མཆོག་དང་། དམིགས་བསལ་སྐུ་མགྲོན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག དེ་བཞིན་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས། དགེ་འདུན་པའི་ཆེད་དུ་ཚན་རིག་སྣེ་ཁྲིད་མཁན་གྱི་འགན་འཛིན་ཀརྨ་ཐུབ་བསྟན་ལགས་བཅས་ཡིན་འདུག བགྲོ་གླེང་འདིའི་ནང་མཉམ་ཞུགས་གནང་མཁན་གྱི་ཕྱི་ནང་གི་མཁས་དབང་ཁག་ཅིག་དང་ཕྱོགས་མཐའ་ཁག་ནས་ཕེབས་པའི་གྲྭ་བཙུན་ཁག་ཅིག དེ་བཞིན་སློབ་ཕྲུག་དང་མི་མང་སོགས་ཚོགས་བཅར་བ་ཁྱོན་མི་གྲངས་ ༣༠༠ ལྷག་མཉམ་ཞུགས་གནང་ཡོད་འདུག

བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་གསུང་བཤད་གནང་བཞིན་པ། ༢༠༢༣།༡༠།༢༩ དུས་བབ་ཀྱི་པར།

ཐོག་མར་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས། འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པའི་སྐོར་དང་། དེའི་རྒྱབ་ལྗོངས་ཀྱི་ལོ་རྒྱུས། དེ་བཞིན་ད་ལན་གྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་སྣང་ཚུལ་དང་གནས་ཚུལ་ (Perspective and Reality) ཞེས་པའི་བརྗོད་གཞིའི་སྐོར་ལ་ངོ་སྤྲོད་གནང་གྲུབ་མཚམས་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ལག་བསྟར་འགན་འཛིན་ཀརྨ་བསྟན་འཛིན་ལགས་ཀྱིས། སྤྱིར་བཏང་དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ལས་འགན་གཙོ་བོ་ནི་བོད་ཀྱི་དགོན་སྡེ་ཁག་ཏུ་ཡོད་པའི་དགེ་འདུན་པ་རྣམས་ལ་དེང་དུས་ཀྱི་ཚན་རིག་སློབ་ཁྲིད་བྱ་རྒྱུ་གལ་ཆེན་ཡིན་པར་བརྟེན། བགྲོ་གླེང་འདིའི་བརྒྱུད་ནས་དེང་དུས་ཀྱི་ཚན་རིག་སློབ་ཁྲིད་བྱ་རྒྱུར་དམིགས་ཏེ། ནང་པའི་མཁས་པ་དང་ནུབ་ཕྱོགས་ཀྱི་མཁས་དབང་གི་བར་ལ་བགྲོ་གླེང་ཚོགས་འདུ་གོ་སྒྲིག་བྱ་རྒྱུ་དང་། ཕན་ཚུན་བསམ་ཚུལ་བརྗེ་ལེན་བྱ་རྒྱུ་གལ་ཆེན་དུ་མཐོང་སྟེ་བགྲོ་གླེང་གོ་སྒྲིག་ཞུས་ཡོད་སྐོར་དང་། ད་ལན་གྱི་འཇིག་རྟེན་ཁམས་ཀྱི་རིག་པ་དང་རྣམ་པར་ཤེས་པའི་བགྲོ་གླེང་ཐེངས་བརྒྱད་པ་ཡིན་པ་དང་། སྣང་ཚུལ་དང་གནས་ཚུལ་ཟེར་བ་དེ་ཚན་རིག་དང་ནང་ཆོས་གཉིས་ཀྱི་ཐོག་ནས་བཤད་རྒྱུ་ཡོད་པ། དེ་བཞིན་ཚད་རྡུལ་དངོས་ཁམས་རིག་པ་སོགས་དང་འབྲེལ་ཡོད་ཀྱི་སློབ་ཚན་ཞིག་ཆགས་ཀྱི་ཡོད་པ་དང་ན ནང་ཆོས་ཀྱི་ཐོག་ནས་ནང་པ་སངས་རྒྱས་པའི་ལྟ་གྲུབ་སོགས་ལ་འབྲེལ་བ་ཡོད་པར་བརྟེན། ནང་ཆོས་དང་ཚན་རིག་གཉིས་ཀའི་ཐོག་ནས་བསམ་ཚུལ་བརྗེ་ལེན་མང་པོ་བྱ་རྒྱུ་ཡོད་པར་བརྟེན་བརྗོད་གཞི་འདི་བདམས་ཡིན་སྐོར་སོགས་བརྗོད་སོང་།

ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས་བགྲོ་གླེང་དང་འབྲེལ་ནས་ལམ་སྟོན་གནང་བཞིན་པ། ༢༠༢༣།༡༠།༢༩ དུས་བབ་ཀྱི་པར།

དམིགས་བསལ་སྐུ་མགྲོན་ཤེས་རིག་བཀའ་བློན་ལྕང་ར་ཐར་ལམ་སྒྲོལ་མ་མཆོག་གིས། དེ་རིང་གི་བགྲོ་གླེང་གི་བརྗོད་གཞི་སྣང་ཚུལ་དང་གནས་ཚུལ་ཞེས་པའི་བརྗོད་བྱ་དེ་གཏིང་ཟབ་པ་དང་རྒྱ་ཆེ་བ་ཞིག་རེད། སྤྱིར་བཏང་དངོས་པོའི་གནས་ལུགས་ལ་རྟོག་ཞིག་བྱེད་པའི་སྐབས། སྣང་ཚུལ་དང་གནས་ཚུལ་མཐུན་གྱི་མེད་པ་ཚང་མས་མཁྱེན་གསལ་རེད། ཁོང་མོས་ནང་ཆོས་ཀྱི་སློབ་གཉེར་གང་ཡང་བྱས་མེད་ཀྱང་། ལོ་ངོ་ ༣༧ ཙམ་གྱི་རིང་སློབ་གྲྭའི་སློབ་ཕྲུག་ལ་ལམ་སྟོན་དང་སློབ་ཁྲིད་བྱས་མྱོང་བ་དང་། དགེ་རྒན་ཡིན་པའི་ཆ་ནས་རང་ཉིད་ལ་ཤེས་ཡོན་གང་ཡོད་པ་དེ་སློབ་ཕྲུག་རྣམས་ལ་སྤེལ་ཐུབ་རྒྱུ་གལ་ཆེན་ཡིན་སྐོར་དང་། བོད་པ་དང་རྒྱ་གར་གྱི་སྤྱི་ཚོགས་ནང་ལས་ཀ་བྱེད་པའི་སྐབས་སུ་སྣང་ཚུལ་དང་གནས་ཚུལ་འདྲ་མིན་ཡོད་པ་དང་མཐུན་གྱི་མེད་པའི་ཚོར་སྣང་མང་པོ་བྱུང་མྱོང་ཡོད་སྐོར་དང་། བགྲོ་གླེང་འདིའི་ནང་ལ་ཕེབས་པའི་མཁས་དབང་མང་པོ་ཞིག་གི་གཏམ་བཤད་གནང་བའི་སྐབས། ཚོགས་བཅར་བ་ཡོངས་ལ་ཕན་ཐོགས་ཏན་ཏན་ཡོང་གི་རེད་བསམ་གྱི་ཡོད་སྐོར་སོགས་གསུངས་སོང་།

བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་བགྲོ་གླེང་དང་འབྲེལ་ནས་བཀའ་སློབ་ལམ་སྟོན་གནང་བཞིན་པ། ༢༠༢༣།༡༠།༢༩ དུས་བབ་ཀྱི་པར།

སྐུ་མགྲོན་གཙོ་བོ་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེ་རིང་བགྲོ་གླེང་གི་ཚོགས་འདུ་འདི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དམིགས་བསལ་གྱི་མཛད་འཕྲིན་གཅིག་གི་ནང་ཆེས་མཆོག་ཏུ་རྨད་དུ་བྱུང་བ་དང་བསྔགས་པར་འོས་པ། ལྷག་པར་དུ་མཛད་འཕྲིན་སྤྱི་ཡོངས་ཀྱི་འབྱུང་འགྱུར་གྱི་འབྱུང་རབས་ཀྱི་ནང་ལ་དམིགས་བསལ་གྱིས་ཟུར་དུ་ཐོན་པར་ངེས་པའི་མཛད་འཕྲིན་ཞིག་ཡོད་རེད། དེ་ནི་ནང་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་བར་གྱི་འབྲེལ་ལམ་དང་བློ་སྤྱོད་སྤེལ་རེས་གནང་རྒྱུ་དེ་རེད། འདི་ནི་འགྲན་སྡུར་གྱི་ངོ་བོ་ལ་སེམས་དང་སྲོག་ (Mind and Life) གི་མིང་ཐོག་ནས་ཡིན་པ་དང་། ལས་རིམ་འདིའི་ནང་དྷ་རམ་ས་ལའི་བོད་ཀྱི་དཔེ་མཛོད་ཁང་གིས་དམིགས་བསལ་གྱིས་ཐུགས་འགན་བཞེས་ནས་བགྲོ་གླེང་ཚོགས་འདུ་རིམ་པས་འཚོག་རྒྱུ་དང་། དྷ་ས་ཁག་གི་ནང་ལ་ཚན་རིག་གི་སློབ་གསོ་སྤེལ་རྒྱུ་ལ་སོགས་པ་ལས་རིམ་མང་པོ་གནང་ཡོད་པ་རེད། སྤྱིར་བཏང་དཔེ་མཛོད་ཁང་གིས་ཤེས་ཡོན་དང་ཉམས་ཞིབ་དང་འབྲེལ་བའི་ལེ་ཚན་མང་པོ་ཡོད་པའི་ནང་ནས་ཁྱད་དུ་འཕགས་པ་ཞིག་ལ་ངོས་འཛིན་ཞུ་ཡི་ཡོད། ཅེས་གསུངས་སོང་།

ཐེངས་འདིའི་བགྲོ་གླེང་ནང་བཅར་བའི་དགོས་པ་རྒྱུ་མཚན་དང་འབྲེལ་ནས་བཀའ་བློན་ཁྲི་ཟུར་མཆོག་གིས། ལས་རིམ་འདི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་གྱི་འཕྲིན་ལས་ཀྱི་ཆ་ཤས་ཤིག་ཡིན་པ་དང་། འདི་ལ་བརྟེན་ནས་འབྱུང་འགྱུར་འཇིག་རྟེན་སྤྱིའི་གནས་ལུགས་ལ་འགྱུར་བ་ངེས་ཅན་ཞིག་གཏང་ཐུབ་རྒྱུའི་ནུས་པ་ཡོད་པའི་ལས་གཞི་ཡིན་པར་བརྟེན། དེ་ལ་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་མཚོན་པའི་ཆེད་དུ་བཅར་བ་ཡིན་སྐོར་དང་། སྤྱིར་འཇིག་རྟེན་གྱི་མཐོང་ཚུལ་གྱི་ཐོག་ནས་ལས་དོན་གང་འདྲ་ཞིག་ཡིན་རུང་། དེའི་གནས་ཚད་དེ་ཚོད་དཔག་བྱེད་དགོས་པ་ཞིག་རེད། ལྷག་པར་དུ་འདས་པ་དང་ད་ལྟའི་གནས་སྐབས་ཀྱི་གནས་ལུགས་ཙམ་མ་ཡིན་པར། འབྱུང་འགྱུར་སྤྱིར་སེམས་ཅན་ཐམས་ཅད་དང་ལྷག་པར་འགྲོ་བ་མིའི་སྤྱི་ཚོགས་ལ་ཞབས་འདེགས་དང་ཕན་གནོད་གང་འདྲ་ཞིག་ཡོང་གི་ཡོད་པ་དེའི་ཚད་གཞི་འཛིན་དགོས་ཀྱི་ཡོད་པར་བརྟེན། ལས་གཞི་འདི་གལ་ཆེན་པོ་ཡིན་སྐོར་དང་། ཐེངས་འདིའི་བགྲོ་གླེང་འདི་ནི་༸རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་དགོངས་འགྲུབ་པའི་བྱ་བ་ཞིག་ཡིན་པ་མ་ཟད། འབྱུང་འགྱུར་དོན་སྙིང་ལྡན་པའི་ཚན་རིག་དང་ནང་ཆོས་བར་གྱི་འབྲེལ་ལམ་ཇེ་ཡག་ཏུ་གཏང་རྒྱུའི་ཕྱག་ལས་ཤིག་ཡིན་པ་དང་། འདིའི་ནང་ཆ་ཤས་ལེན་མཁན་ཚང་མར་བསྔགས་བརྗོད་དང་རྗེས་སུ་ཡི་རངས་ཡོད། ན་གཞོན་རྣམས་ཀྱི་མི་ཚེའི་ནང་རྒྱ་གར་གྱི་གནའ་བོའི་རིག་གཞུང་ནང་ཡོད་པའི་སེམས་ཀྱི་ཚན་རིག་གཙོ་བོར་གྱུར་པའི་ཚན་རིག་དང་དེང་རབས་ཀྱི་ཚན་རིག་མཉམ་དུ་དཔུང་པ་མཉམ་གཤིབས་བྱས་ནས་འགྲོ་ཐུབ་རྒྱུའི་གོ་སྐབས་བསླེབ་ཚེ། དེའི་སྐབས་སུ་འཇིག་རྟེན་སྤྱི་ཡོངས་ལ་ཞི་བདེ་དང་མཉམ་གནས་ཆེན་པོ་ཞིག་ཡོང་ཐུབ་རྒྱུའི་རེ་བ་ཡོད་རེད་བསམ་གྱི་ཡོད་པས། དེ་ལྟར་གནང་རོགས་གནང་ཞེས་སོགས་གསུངས་སོང་།

ད་ལན་གྱི་བགྲོ་གླེང་འདིའི་ནང་ཚན་རིག་དང་ནང་པའི་མཁས་དབང་བར་གྱི་བགྲོ་གླེང་གི་བརྗོད་གཞི་གཙོ་བོ་ནི་སྣང་ཚུལ་དང་གནས་ཚུལ་ (Perspective & Reality) ཡིན་པ་དང་། ཉིན་དང་པོའི་སྟེང་བེར་ཀེ་ལེ་གཙུག་ལག་སློབ་གཉེར་ཁང་ (UC Berkeley) དབང་རྩ་ཚན་རིག་གི་སློབ་དཔོན་ཆེན་མོ་སྐུ་ཞབས་ཌ་ཝིཌ་པེ་སི་ཊི་ (David Presti) ལགས་ཀྱིས་དབང་རྩ་ཚན་རིག་དང་ལྟ་ཚུལ། རྣམ་ཤེས་ཞེས་པ་དང་། དགའ་ལྡན་བྱང་རྩེ་གྲྭ་ཚང་གི་དགེ་བཤེས་བློ་གྲོས་བཟང་པོ་ལགས་ཀྱིས་བློའི་འཛིན་ཚུལ་དང་གནས་ལུགས་བར་གྱི་ཁྱད་པར་ཐད་ནང་པའི་ལྟ་ཚུལ་སྐོར་དང་། ཉིན་རྒྱབ་ཏུ་བོད་ཀྱི་དཔེ་མཛོད་ཁང་གི་ངེས་སྟོན་པ་དགེ་བཤེས་ལྷག་རྡོར་ལགས་ཀྱིས་ལྟ་བ་བཀའ་རྟགས་ཀྱི་ཕྱག་བརྒྱ་བཞིའི་སྐོར་དང་། ཨ་ཤོག་ཀ་གཙུག་ལག་སློབ་གཉེར་ཁང་གི་རིགས་པའི་གཞུང་ལུགས་ཀྱི་སློབ་དཔོན་ཆེན་མོ་སྐུ་ཞབས་ཀི་རན་ཏི་སཱ་རན་ (Kranti Saran) ལགས་ཀྱིས་སྣང་ཚུལ་གྱི་ཐོག་ནས་གནས་ཚུལ་འཇལ་པའི་དགོས་དམིགས་སྐོར་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་བྱེད་བཞིན་ཡོད་འདུག སང་ཉིན་སེར་བྱེས་དགེ་བཤེས་ལྷ་རམས་པ་ཐབས་མཁས་བློ་གྲོས་ལགས་ཀྱིས་ཚད་རྡུལ་གྱི་ལྟ་བས་བདག་འཛིན་ཆུང་དུ་གཏོང་ཐུབ་བམ་ཞེས་པའི་སྐོར་དང་། སེ་ཡོལ་མི་རིགས་སློབ་གྲྭ་ཆེན་མོའི་ (Postdoctoral Researcher) བསྟན་འཛིན་རབ་དགའ་ལགས་ཀྱིས་ཚད་རྡུལ་དངོས་ཁམས་རིག་པ་དང་སྣང་གནས་བར་གྱི་འགལ་བ། དེ་བཞིན་ཝཱར་ནཱ་གཙུག་ལག་སློབ་གཉེར་ཁང་གི་ངེས་སྟོན་པ་ཟུར་པ་དགེ་བཤེས་ངག་དབང་བསམ་གཏན་ལགས་ཀྱིས་སྣང་ཚུལ་དང་གནས་ཚུལ་བར་གྱི་སྟོང་ཆ་སེལ་བ་ནི་ནང་པའི་ལྟ་གྲུབ་དང་ཆོས་ཀྱི་རྨང་གཞིའོ་ཞེས་པ་དང་། ནང་པའི་ཉམས་ཞིབ་པ་ཧཱར་ཤ་ནཱ་གར་ཇུ་ན་ (Harsha Tsering Nagaraju)) ལགས་ཀྱིས་གནའ་བོའི་རྒྱ་གར་གྱི་ལྟ་གྲུབ་ནང་བཤད་པའི་ཚད་མ་དང་མངོན་སུམ་སྐོར། དགེ་འདུན་པའི་ཆེད་དུ་ཚན་རིག་ཚོགས་པའི་ལག་བསྟར་འགན་འཛིན་ཀརྨ་ཐུབ་བསྟན་ལགས་ཀྱིས་ཀ་བ་དང་བུམ་པའི་སྐོར་ལ་བགྲོ་གླེང་བྱ་རྒྱུ་ཡིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

འབྲེལ་ཡོད་གསར་འགྱུར།

ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤
UNICEF/UN073959/Clarke for UNOCHA
Mobile App

སྲིད་འགྱུར་དྲག་གནོན་དང་ཆབ་སྲིད་སྐྱབས་བཅོལ་བའི་དཀའ་སྡུག

༢༠༢༥/༡༡/༠༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese