མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཇིག་རྟེན་འདིའི་སྒང་ལ་བྱམས་བརྩེ་གོང་མཐོར་གཏང་རྒྱུ་དེ་ང་ཚོའི་ལས་འགན་ཡིན་སྐོར་གསུངས། 

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀོ་རི་ཡའི་དད་ལྡན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ་ནས་བྱམས་བརྩེ་གོང་མཐོར་གཏོང་ཐབས་བྱ་དགོས་པའི་ལམ་སྟོན་མཛད།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཀོ་རི་ཡའི་དད་ལྡན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། ༢༠༢༣། ༡༡། ༢ དགའ་ལྡན་ཕོ་བྲང་གི་སྐུ་པར།

དེ་རིང་ཕྱི་ཚེས་ ༢ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ་ལྷོ་ཀོ་རི་ཡའི་མཁན་པོ་ཅིན་ཡོག་གཙོས་དད་ལྡན་མང་ཚོགས་བརྒྱ་ལྷག་ལ་མཇལ་ཁ་སྩལ་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་ནང་སེམས་ཀྱི་ཞི་བདེ་བསྐྲུན་ནས། འགྲོ་བ་མི་གཅིག་གིས་གཅིག་ལ་བྱམས་བརྩེས་སྐྱོང་རེས་བྱ་རྒྱུ་དེ་ཧ་ཅང་གལ་ཆེན་པོ་ཡིན་སྐོར་སོགས་ཀྱི་བཀའ་སློབ་སྩལ་སོང་།

སྐབས་དེར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་མཇལ་བར་ངོས་རང་དགའ་པོ་ཞེ་དྲགས་བྱུང་། དེ་རིང་ཁ་སང་འཛམ་བུ་གླིང་འདིའི་སྒང་ལ་སྔར་སངས་རྒྱས་པའི་ཆོས་མ་དར་བའི་ལུང་པའི་ནང་ལའང་སངས་རྒྱས་པའི་ཆོས་ལ་དོ་སྣང་གསར་པ་བྱ་རྒྱུ་ཞིག་དང་། ལྷག་པར་སེམས་ཁམས་རིག་པ་དང་འབྲེལ་བའི་སྐོར་ལ་ནུབ་ཕྱོགས་རྒྱལ་ཁབ་ནས་དོ་སྣང་བྱེད་མཁན་ཇེ་མང་ཇེ་མང་དུ་འགྲོ་ཡི་འདུག ངོས་རང་ལ་ཚན་རིག་པ་ངོ་ཤེས་མང་པོ་ཡོད། ཆོས་དད་མེད་པ་རེད་དེ། སེམས་ཁམས་རིག་པའི་སྐོར་ལ་བཤད་ཡོང་དུས་ནང་པའི་གཞུང་ནང་གསུངས་པ་དེར་དོ་སྣང་བྱེད་ཀྱི་འདུག གང་ལྟར་ང་རང་ཚོ་ཚང་མས་སེམས་སྐྱིད་པོ་བྱུང་ན་བདེ་སྐྱིད་རྩི་ཡི་འདུག སེམས་ཀྱི་བདེ་སྐྱིད་ཟེར་བ་འདི་སྨོན་ལམ་བརྒྱབ་ནས་འགྲུབ་རྒྱུ་ཞིག་ཕལ་ཆེར་མ་རེད། སེམས་ཀྱི་བདེ་སྐྱིད་དཀྲུག་མཁན་དེ་ག་རེ་ཡིན་མིན་དོ་སྣང་བྱས་ནས་དེའི་ཐོག་ནས་སེམས་ཞི་བདེ་ཡོང་རྒྱུ་ཞིག བྱས་ཙང་དེ་རིང་ཁ་སང་སེམས་ཀྱི་ཞི་བདེ་ཡོང་ཐབས་ཐོག་ལ་དོ་སྣང་གསར་པ་བྱེད་མཁན་ཡོང་གི་འདུག ངོས་རང་ལ་ཆ་བཞག་ན་ངོས་རང་གིས་ཆོས་ལུགས་ཚང་མར་གུས་ཞབས་བྱེད་ཀྱི་ཡོད། ཡིན་ན་ཡང་། ཆོས་ལུགས་འདྲ་མི་འདྲ་ཡོད་པའི་ནང་ནས་སངས་རྒྱས་པའི་ཆོས་ལུགས་དེས་སེམས་ཁམས་རིག་པ་དང་འབྲེལ་ནས། སེམས་དཀྲུག་མཁན་དེ་ག་རེ་ག་རེ་ཡིན་མིན་ངོ་སྤྲོད་བྱས་ནས་སེམས་དཀྲུག་མཁན་དེ་ཉུང་དུ་བཏང་། དེ་ནས་སེམས་ཀྱི་ཞི་བདེ་ཡོང་རྒྱུ་ཞིག་བྱེད་ཀྱི་འདུག སེམས་ཀྱི་སྐོར་ལ་འགྲེལ་བཤད་ཞིབ་ཚགས་པོ་ཡོད་པ་དེ་ཕལ་ཆེར་ནང་པའི་ཆོས་སྤྱི་དང་། ལྷག་པར་དུ་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པ་དེ་ཞེ་དྲགས་ཡག་པོ་རེད་འདུག དེ་རིང་ཁ་སང་ཆོས་ལ་དད་པ་མེད་མཁན་ཚོས་ཀྱང་སངས་རྒྱས་པའི་ཆོས་ནས་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཞི་བདེ་བསྐྲུན་རྒྱུ་དེའི་ཐོག་ལ་དོ་སྣང་བྱེད་ཀྱི་འདུག ང་ཚོའི་ཕ་མེས་ནས་སངས་རྒྱས་པའི་ཆོས་སྒང་ལ་འགྲོ་ཡི་ཡོད། དེ་འདྲ་ཡིན་དུས་ང་རང་ཚོ་སྐལ་བ་བཟང་པོ་རེད་འདུག ཅེས་གསུངས་སོང་།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཁ་སང་ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ (secular ethics ) བཤད་ཀྱི་ཡོད། སངས་རྒྱས་པའི་ཆོས་ལུགས་ཀྱི་འགྲོ་སྟངས་དེ་འཇིག་རྟེན་བཀོད་པ་པོ་དཀོན་མཆོག་ཟེར་བ་དེ་འདྲར་སྨོན་ལམ་བརྒྱབ་ནས་སེམས་ཞི་བདེ་བཟོ་རྒྱུ་ཞིག་མིན་པར། སེམས་ཁོ་རང་སྦྱོང་བརྡར་བྱས་ནས་ཞི་བདེ་བཟོ་རྒྱུ་ཞིག་རེད། ངོས་རང་ལ་ཆ་བཞག་ན། ཞོགས་པར་ཡར་ལངས་མ་ཐག་སེམས་ཀྱི་ཞི་བདེའི་སྐོར་ལ་བསམ་བློ་གཏོང་གི་ཡོད། གཙོ་བོ་གཞན་ཕན་གྱི་བློ་དེ་ཡག་པོ་ཞིག་བསམ་བློ་བཏང་། དེ་དང་ཆབས་ཅིག་སེམས་མ་སྐྱིད་པ་བཟོ་བྱེད་དེར་ཞིབ་འཇུག་བྱས་ནས་སེམས་ཀྱི་ཞི་བདེ་འཚོལ་གྱི་ཡོད། སེམས་ཀྱི་ཞི་བདེ་དཀྲུག་མཁན་དེ་ཕྱི་ལོགས་ནས་ཡོང་གི་མི་འདུག ང་རང་ཚོའི་བསམ་བློ་གཏོང་སྟངས་ཀྱི་ཐོག་ནས་སེམས་དེ་དཀྲུག་ཡོང་གི་འདུག ང་རང་ཚོ་འཛམ་བུ་གླིང་འདིའི་སྒང་ལ་མི་གཅིག་པ་རེད་དེ། གཅིག་གིས་གཅིག་ལ་གནོད་པ་བྱེད་ཀྱི་ཡོད། དེ་སྐྱེས་པའི་ཁ་ཐུག་ནས་ཡོང་བ་ཞིག་མ་རེད། དེ་ག་ལེར་ག་ལེར་བསམ་བློའི་ནང་སེམས་ཀྱི་ཞི་བདེ་མེད་པ་དང་། བྱམས་བརྩེ་མེད་པ་བྱས། ང་དང་ཁྱོད་ཟེར་ནས་ཆགས་སྡང་གི་བློའི་ཐོག་ནས་རྙོག་གྲ་ཆགས་ཡོང་གི་འདུག སེམས་ཀྱི་ཞི་བདེ་བྱུང་དུས་སེམས་ལྷོད་ལྷོད་དང་གཉིད་སྐྱིད་པོ་ཁུག་གི་འདུག་ག ཞེས་གསུངས་སོང་།

ཡང་༧མགོན་པོ་གང་ཉིད་ཀྱིས། ངོས་རང་བཙན་བྱོལ་ལ་སླེབས་ནས་མི་མང་པོ་ཞིག་ཐུག་ཡོང་དུས། ངོས་རང་ལ་ཚན་རིག་པའི་ནང་ནས་སེམས་ཀྱི་ཞི་བདེར་དོ་སྣང་བྱས་ནས་ཐུག་མཁན་མང་པོ་ཞིག་ཡོང་གི་འདུག ངོས་རང་ལ་ཆ་བཞག་ན་བཙན་བྱོལ་བ་ཆགས། བོད་དུ་དཀའ་ངལ་མང་པོ་ཞིག་ཡོད་རེད་དེ། སེམས་ཀྱི་ཞི་བདེ་གནས་ཐུབ་ཀྱི་འདུག ང་ཚོའི་བོད་ནང་ལ་དངོས་གནས་དྲང་གནས་དཀའ་ངལ་འཕྲད་མཁན་རྣམས་ལ་སྙིང་རྗེ་སྐྱེས་ཀྱི་འདུག་མ་གཏོགས་ཁོང་ཁྲོ་ལང་གི་མི་འདུག བོད་ཀྱི་ཆོས་དང་རིག་གཞུང་ལ་བསམ་གནག་བྱེད་མཁན་དེ་དག་རྨོངས་པའི་དབང་གིས་དེ་འདྲ་བྱེད་ཀྱི་ཡོད་རེད་བསམ་ནས་སྙིང་རྗེ་སྐྱེ་ཡི་འདུག ངོས་རང་གི་ལས་འགན་གཙོ་བོ་གཅིག་དེ་འཛམ་གླིང་འདིའི་སྒང་ལ་སྙིང་རྗེ་ཡར་སྤེལ་ཐུབ་ན་བསམས། སྙིང་རྗེ་ཟེར་བ་དེ་ཆུང་དུས་ནས་ཨ་མས་བརྩེ་བ་བྱས་པ་ནས་རང་བཞིན་གྱིས་འདུག་ག ཆོས་ཀྱི་སྐད་ཆ་གལ་མི་འདུག་ག ང་རང་ཚོ་ཨ་མས་འོ་མ་སྤྲད་ནས་གསོས་པ་ཞིག་ཡིན་དུས། ཆུང་དུས་ནས་ཨ་མར་བརྩེ་བ་བྱ་རྒྱུ་དང་ཨ་མས་བུར་བརྩེ་བར་བྱ་རྒྱུའི་བརྩེ་བ་དེ་ང་ཚོས་མུ་མཐུད་ནས་ཡར་རྒྱས་གཏང་ཐུབ་ན་དེ་གལ་ཆེན་པོ་འདུག ངོས་རང་གི་སྨོན་ལམ་དང་རེ་བ་དེ་འཛམ་བུ་གླིང་གི་མི་ཚང་མ་ཨ་མ་ནས་སྐྱེས་པ་དང་ཨ་མའི་འོ་མ་ནས་གསོས་པ་ཤ་སྟག་ཡིན་དུས། ངོས་རང་གིས་ཆུང་དུས་ཨ་མས་བརྩེ་བ་བྱས་པའི་བརྩེ་བ་དེར་དོ་སྣང་ཆེ་ཙམ་བྱེད་ན་བསམ་གྱི་ཡོད། སྙིང་རྗེ་ཟེར་བ་དེ་ཆོས་ཁས་ལེན་མི་ལེན་གྱི་སྐད་ཆ་གང་ཡང་མ་རེད། འཇིག་རྟེན་བཀོད་པ་པོ་ཡོད་མེད་ཀྱི་སྐད་ཆའང་མ་རེད། རང་བཞིན་གྱི་སེམས་བཟང་པོ་བྱ་རྒྱུ་དེ་གཙོ་བོ་རེད་འདུག ཅེས་དང་། དེ་རིང་ཀོ་རི་ཡའི་ཆོས་གྲོགས་ཚོ་དང་མཇལ་བ་རེད། ང་རང་ཚོ་ཚང་མ་བཅོམ་ལྡན་འདས་ཀྱི་རྗེས་སུ་འབྲང་མཁན་དང་ཤེས་རབ་ཀྱི་ཕ་རོལ་དུ་ཕྱིན་པར་དོ་སྣང་བྱེད་མཁན་གཅིག་གྱུར་ཆགས་བསྡད་ཡོད་རེད། ཕྱོགས་གཅིག་ནས་ང་རང་ཚོ་མི་ཡིན་པའི་ཆ་ནས་འཛམ་གླིང་འདིའི་སྒང་གི་བརྩེ་བ་དེ་གོང་འཕེལ་གཏང་རྒྱུ་ཞིག་དང་། ལྷག་པར་དུ་ང་རང་ཚོ་བྱམས་སྙིང་རྗེ་གཙོ་བོ་གསུང་མཁན་གྱི་སྟོན་པ་ཞིག་གི་རྗེས་སུ་འབྲང་གི་ཡོད་དུས། འཇིག་རྟེན་འདིའི་སྒང་ལ་བྱམས་བརྩེ་གོང་མཐོར་གཏང་རྒྱུ་དེ་ང་ཚོ་ཚང་མའི་ལས་འགན་རེད་གདའ། ཞེས་གསུངས་སོང་།

གཞན་ཡང་། ཀོ་རི་ཡའི་དད་ལྡན་ཞིག་གིས་རྩིས་དང་མོ་བརྒྱག་རྒྱུ་དེས་ཆོས་ཉམས་ལེན་བྱེད་པར་བར་ཆད་བྱེད་ཀྱི་རེད་ཟེར་བ་ཞིག་གོ་ཐོས་བྱུང་བའི་ཐད་དགོངས་བཞེད་ག་རེ་ཡོད་མེད་ཀྱི་བཀའ་ལན་དུ། ༧མགོན་པོ་གང་ཉིད་ཀྱིས། གཙོ་བོ་མ་སྐྱིད་པ་ཟེར་བ་དེ་སོ་སོའི་སེམས་ཀྱི་སྟེང་ནས་ཡོང་གི་ཡོད་དུས། གཙོ་བོ་སེམས་ལྷོད་ལྷོད་ཡོང་རྒྱུར་བསམ་བློ་ཐོངས། མོ་རྩིས་བརྒྱག་རྒྱུ་དེ་དག་ཕལ་བ་རེད། ང་ཚོའི་སེམས་ལ་མ་སྐྱིད་པ་དང་ཁོང་ཁྲོ་ལང་ཡ་ཞིག་ཡོང་གི་ཡོད་པ་དེའི་རྩ་བ་བརྩད་གཅོད་དུས་དེ་བདེན་འཛིན་ལ་ཐུག་གི་ཡོད་རེད། ང་རང་ཚོའི་དབུ་མའི་གཞུང་ལ་ཆོས་ཐམས་ཅད་རང་བཞིན་གྱིས་མ་འགྲུབ་པ་རེད་གསུངས་ཡ་དེ་ཞེ་དྲགས་གལ་ཆེན་པོ་རེད་འདུག ངོས་རང་ལ་ཆ་བཞག་ན་ཉིན་ལྟར་སྟོང་ཉིད་ཀྱི་སྐོར་ལ་བསམ་བློ་ཞེ་དྲགས་གཏོང་གི་ཡོད། སྟོང་པ་ཉིད་ཀྱི་དོན་དེ་བསམ་བློ་བཏང་ཡོང་དུས་སེམས་ལ་ཁོང་ཁྲོ་དང་ང་རྒྱལ་དེ་གཞི་རྩ་མེད་པའི་ཟོལ་འདྲ་བོ་ཞིག རང་བཞིན་གྱིས་ཞི་འགྲོ་ཡ་ཞིག་རེད་འདུག སངས་རྒྱས་པའི་ཆོས་དེ་སྨོན་ལམ་བརྒྱབ་པ་གཅིག་པུ་མིན་པར་སེམས་ལ་བཟོ་བཅོས་བརྒྱབ་ནས་འགྲོ་ཡ་དེ་ཡག་པོ་ཞེ་དྲགས་རེད་འདུག  ཅེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese