མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དྷ་སྟེང་བོད་ཁྱིམ་དུ་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་འཚོག་འཆར་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༢
Share on FacebookShare on TwitterShare on EmailShare on Whatsapp

དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་ ༡༢ པའི་ཐོག་འཛམ་གླིང་རྒྱལ་ཁབ་ ༤༠ ཙམ་ནས་གློག་བརྙན་ ༩༢ སྟོན་འཆར་ཡོད་འདུག

དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐེངས་༡༢ པའི་གསར་འགོད་གསལ་བསྒྲགས་གནང་། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༡༡།༢

དེ་རིང་ཉིན་གུང་ཆུ་ཚོད་ ༡༢།༤༠ ཐོག་དྷ་རམ་ས་ལའི་ཀ་ཅཱ་རི་རྫོང་དཔོན་ལས་ཁུངས་ཀྱི་ཚོགས་ཁང་དུ། ཁྲུང་ཁྲུང་དཀར་མོ་སྒྱུ་རྩལ་ཐེབས་རྩ་ཁང་གི་འགན་འཛིན་བསྟན་འཛིན་བསོད་ནམས་ལགས་དང་། ཁོང་གི་བཟའ་ཟླ་རི་ཏུ་ས་རིན་(Ritu Sarin)ལགས་གཉིས་ཀྱིས། ཟླ་འདིའི་ཕྱི་ཚེས་ ༤ ནས་ ༧ བར་ཉིན་བཞིའི་རིང་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ། ཕྱི་ལོ་ ༢༠༢༣ ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་(DIFF) ཐེངས་ ༡༢ པ་འཚོག་རྒྱུ་ཡིན་པའི་གསལ་བསྒྲགས་གནང་སོང་བ་དང་། ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་རྒྱ་གར་གྱི་གློག་བརྙན་བཟོ་སྐྲུན་པ་ ༥༠ ལྷག་མཉམ་ཞུགས་གནང་གི་ཡོད་པ་དང་། འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༤༠ ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༢ སྟོན་འཆར་ཡོད་འདུག

འདི་གའི་གསར་འགོད་པས་ཐེངས་འདིའི་གློག་བརྙན་དུས་སྟོན་སྐོར་དྲིས་པར་དུས་སྟོན་གོ་སྒྲིག་པ་བསྟན་འཛིན་བསོད་ནམས་ལགས་ཀྱིས། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འཚོག་རྒྱུ་ཡིན། དེ་རུ་འཚོག་དགོས་པའི་རྒྱུ་མཚན་ནི་དྷ་སྟེང་བོད་ཕྲུག་ཁྱིམ་སྡེར་ས་ཆ་ཆེན་པོ་ཡོད་པ་དང་། ད་ལོ་ང་ཚོས་གློག་བརྙན་སྟོན་སའི་ཚོགས་ཁང་བཞི་གོ་སྒྲིག་ཞུ་བཞིན་ཡོད། སྔོན་མ་དང་བསྡུར་ཚེ་གློག་བརྙན་མང་པོ་ཆགས་ཀྱི་ཡོད། ད་ལོའི་དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་འཛམ་གླིང་རྒྱལ་ཁབ་འདྲ་མིན་ ༤༠ ལྷག་ནས་ཐོན་པའི་གློག་བརྙན་རིང་གྲས་དང་ཐུང་གྲས་ཁྱོན་བསྡོམས་ ༩༢ སྟོན་རྒྱུ་ཡིན་ཞིང་། གློག་བརྙན་བཟོ་སྐྲུན་པ་ ༥༠ ལྷག་མཉམ་ཞུགས་གནང་གི་ཡོད་ལ། དེའི་ཁྲོད་ཀྱི་མང་ཆེ་ཤོས་རྒྱ་གར་ནས་ཡོང་གི་ཡོད་ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པས་ཐེངས་འདིའི་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་ཅི་ཙམ་ཡོད་མེད་དྲིས་པར་བསྟན་འཛིན་བསོད་ནམས་ལགས་ཀྱིས། ད་ལོའི་གློག་བརྙན་དུས་སྟོན་ཐོག་བོད་ཀྱི་གློག་བརྙན་གཅིག་ཀྱང་མེད། ཐེངས་འདིར་བོད་ཀྱི་གློག་བརྙན་མེད་པའི་རྒྱུ་མཚན་ནི་སྤྱིར་བོད་ཀྱི་གློག་བརྙན་གསར་བ་སླེབས་མི་འདུག ང་ཚོའི་གོ་སྒྲིག་ཚོགས་ཆུང་ལ་འབྲེལ་བ་བྱེད་མཁན་བྱུང་མ་སོང་། བོད་དོན་དང་འབྲེལ་བ་ཡོད་པའི་གློག་བརྙན་གཅིག་ཀྱང་མེད། ཡིན་ནའང་ཧི་མ་ལ་ཡའི་རི་རྒྱུད་ནས་བཟོ་སྐྲུན་བྱས་པའི་གློག་བརྙན་ཁག་ཅིག་ཡོད་ཅིང་། དེ་དག་ནི་ལ་དྭགས་དང་ཧི་མ་ཅལ་སོགས་ནས་བཟོས་པའི་གློག་བརྙན་ཁག་ཅིག་སྟོན་རྒྱུ་ཡིན་ཞེས་བརྗོད་སོང་།

ཡང་ཐེངས་འདིའི་དུས་སྟོན་ཐོག་བོད་ནང་བཟོ་སྐྲུན་བྱས་པའི་གློག་བརྙན་ཡོད་མེད་དྲིས་པར་ཁོང་གིས། ད་ལོའི་གློག་བརྙན་དུས་སྟོན་ཐོག་བོད་ནང་གི་གློག་བརྙན་བཟོ་སྐྲུན་པ་གྲགས་ཅན་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་སྟོན་རྒྱུ་གལ་ཆེན་པོ་རེད་བསམས་ཏེ། འདས་པོ་ཁོང་གི་གློག་བརྙན་ཚོང་འབྲེལ་བྱེད་མཁན་གྱི་ཚོགས་པར་འབྲེལ་བ་མང་པོ་བྱས་ཀྱང་། ད་ལོ་ང་ཚོར་གློག་བརྙན་སྟོན་ཆོག་པའི་ཆོག་མཆན་སྤྲད་མ་སོང་། དེ་ནི་གློག་བརྙན་དུས་སྟོན་འཚོགས་ས་དྷ་རམ་ས་ལ་ཡིན་པ་དང་། གློག་བརྙན་གསའ་གསར་བ་ཡིན་པས་ཆོག་མཆན་མ་སྤྲད་པ་སོགས་ཅི་ཡིན་ཤེས་མ་སོང་། སྤྱིར་འདས་པོ་པདྨ་ཚེ་བརྟན་ལགས་ཀྱི་གློག་བརྙན་གསའ་ཧ་ཅང་ཡག་པོ་བཟོས་འདུག ཐེངས་འདིའི་གློག་བརྙན་དུས་སྟོན་ཐོག་སྟོན་ཐུབ་ན་བསམ་ཡང་བསྟན་ཐུབ་མ་སོང་། ཞེས་འགྲེལ་བརྗོད་གནང་སོང་།

གློག་བརྙན་དུས་སྟོན་གྱི་གལ་གནད་སྐོར་ལ་ཁོང་གིས། གློག་བརྙན་དུས་སྟོན་འདི་བོད་དང་དམིགས་བསལ་འབྲེལ་བ་མེད་ཀྱང་། བོད་དོན་ལ་གལ་ཆེན་པོ་མཐོང་གི་འདུག གློག་བརྙན་དུས་སྟོན་ཐོག་རྒྱ་གར་རྒྱལ་ཡོངས་ནས་གློག་བརྙན་བཟོ་སྐྲུན་མཁན་དང་ལྟད་མོ་བ་མང་པོ་མཉམ་ཞུགས་གནང་གི་ཡོད་པ་རེད། དེའི་ཁྲོད་ཀྱི་མང་ཆེ་ཤོས་ལ་བོད་དོན་འཐབ་རྩོད་དང་བོད་པའི་སྤྱི་ཚོགས་སྐོར་ལ་ཤེས་རྟོགས་ཡོད་པ་མ་རེད། ད་ལོ་དྷ་སྟེང་བོད་ཕྲུག་ཁྱིམ་སྡེ་རུ་འཚོག་པ་ཡིན་ན་མང་པོ་ཞིག་ལ་བོད་དོན་ཐོག་གོ་རྟོགས་སླེབས་ཡོང་གི་རེད། འདི་འདྲ་འཚོགས་ཐུབ་པ་ཡང་བོད་དོན་ལ་གལ་ཆེན་པོ་རེད། དམིགས་བསལ་བོད་ཀྱི་གློག་བརྙན་སྟོན་རྒྱུ་མེད་ཀྱང་། གློག་བརྙན་དུས་སྟོན་ཐོག་ཏུ་སླེབས་པ་ཙམ་གྱིས་བོད་དོན་དང་འབྲེལ་བ་ཡོད་པ་རེད། ཐེངས་འདིར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གློག་བརྙན་བཟོ་མཁན་ཁག་ཅིག་ཕེབས་འཆར་ཡོད། དེ་དག་གིས་ཀྱང་བོད་དོན་ཐོག་གོ་རྟོགས་སྤེལ་བར་ཁྱད་པར་ཆེན་པོ་མཐོང་གི་འདུག ཅེས་བརྗོད་སོང་།

མཇུག་ཏུ་ཁོང་གིས་འདས་བའི་ལོ་འདི་དག་གི་རིང་བོད་དང་། ཧི་མ་ལ་ཡའི་རི་རྒྱུད་ཀྱི་འབྲུག་དང་། བལ་ཡུལ། ལ་དྭགས་སོགས་སུ་གློག་བརྙན་བཟོ་མཁན་མང་དུ་འགྲོ་བཞིན་འདུག རྒྱལ་སྤྱིའི་སྡིངས་ཆའི་ཐོག་ཏུ་གློག་བརྙན་སྟོན་པའི་གོ་སྐབས་ཐོབ་དུས་འཛམ་གླིང་མི་མང་གིས་དམིགས་བསལ་དོ་སྣང་ཆེ་རུ་འགྲོ་བཞིན་འདུག་ཅེས་དང་། དྷ་རམ་ས་ལའི་རྒྱལ་སྤྱིའི་གློག་བརྙན་དུས་སྟོན་ཐོག་སྟོན་བཞིན་པའི་གློག་བརྙན་རྣམས་ཚོང་ལས་དང་འབྲེལ་བ་མེད་པ་དང་། རང་དབང་ཅན་གྱི་གློག་བརྙན་རིགས་རེད། གློག་བརྙན་འདི་དག་ལ་ལྟ་སྐབས་སྤྱིར་འཛམ་གླིང་དང་། ཁོར་ཡུག་སོགས་ཀྱི་ཐོག་ཏུ་དོ་སྣང་བྱ་རྒྱུ་གལ་ཆེན་པོ་རེད། དམིགས་བསལ་བོད་པའི་གཞོན་སྐྱེས་གློག་བརྙན་བཟོ་བར་དབྱིངས་ཡོད་པ་རྣམས་ཀྱིས་གློག་བརྙན་འདིའི་རིགས་ལ་གཟིགས་ཏེ་དོ་སྣང་བྱེད་རོགས། གློག་བརྙན་ལས་རིགས་ཀྱི་ལས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་རེད། ཅེས་འགྲེལ་བརྗོད་གནང་སོང་།

གསར་འགོད་པ།  བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese