མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་མིའི་ས་གནས་མགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ པ་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༦
Share on FacebookShare on TwitterShare on EmailShare on Whatsapp

ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཐེངས་འདིའི་ཚོགས་ཆེན་ནང་དུ་གྲོས་གཞི་ཁག་ ༡༠ དང་། ས་གནས་མགོ་འཛིན་རྣམས་ལ་གོ་རྟོགས་སྤེལ་བའི་དོན་ཚན་ ༥ བཅས་ཀྱི་ཐད་བགྲོ་གླེང་དང་གྲོས་འཆར་གཏན་འབེབས་བྱ་རྒྱུ་ཡིན་སྐོར་འགྲེལ་བརྗོད་གནང་སོང་།

ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ པ་འཚོག་བཞིན་པ། ༢༠༢༣།༡༡།༠༦ བོད་མིའི་རང་དབང་གི་པར།

དེ་རིང་སྔ་དྲོ་ཆུ་ཚོད་ ༩ བའི་སྟེང་གངས་སྐྱིད་ལས་བྱེད་སྤྱི་ཐབ་ཡང་སྟེང་ཚོགས་ཁང་དུ།  བོད་མིའི་སྒྲིག་འཛུགས་ཀྱི་ནང་སྲིད་ལས་ཁུངས་ཀྱི་གོ་སྒྲིག་འོག  ཉིན་བཞི་རིང་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ཀྱི་འཛིན་སྐྱོང་ཚོགས་ཆེན་ཐེངས་ ༡༥ པ་འཚོག་མགོ་ཚུགས་ཡོད་ཅིང་། ཚོགས་ཐོག་ཏུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་དབུས། བདེ་སྲུང་བཀའ་བློན་རྒྱ་རི་སྒྲོལ་མ་མཆོག ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས། ཆོས་རིག་དྲུང་ཆེ་འཆི་མེད་ཚེ་དབྱངས་ལགས། བཀའ་དྲུང་ཆུ་སྐྱ་སྦྲ་གཉིས་ཚེ་རྒྱལ་ལགས་བཅས་ས་གནས་མགོ་འཛིན་ ༤༥ མཉམ་ཞུགས་གནང་ཡོད།

འདི་གའི་གསར་འགོད་པས་ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་སུ་ཐེངས་འདིའི་ཚོགས་འདུའི་སྐོར་དྲིས་སྐབས། བོད་མིའི་སྒྲིག་འཛུགས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་སུ་རྒྱ་བལ་འབྲུག་གསུམ་གྱི་ས་གནས་མགོ་འཛིན་ ༤༥ ཡོད་ཅིང་། ལོ་གཉིས་རེའི་མཚམས་སུ་དབུས་ས་གཉིས་ཀྱི་ལས་དོན་བྱེད་ཕྱོགས་དང་འབྲེལ་བའི་དཀའ་ངལ་དང་། འཐུས་ཤོར་ལེགས་བཅོས་བྱེད་སླད་ཚོགས་འདུ་འཚོག་བཞིན་ཡོད། ཕྱི་ལོ་ ༢༠༠༢ ལོར་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེས་བཀའ་བློན་ཁྲི་བའི་འགན་བཞེས་པའི་སྐབས་སུ། ས་གནས་མགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཆེན་གྱི་ལམ་སྲོལ་ཞིག་གཏོད་དེ་མུ་མཐུད་དུ་འགྲོ་བཞིན་འདུག ཐེངས་འདིའི་ཚོགས་ཆེན་ཐོག་བལ་ཡུལ་གྱི་ས་གནས་མགོ་འཛིན་གཅིག་ལས་ཀ་གལ་ཆེན་ཞིག་གི་དབང་གིས་མཉམ་ཞུགས་གནང་ཐུབ་མེད། དེའི་ཚབ་ཏུ་ར་ཝང་ལའི་ས་གནས་མགོ་འཛིན་གསར་བ་ཞིག་བཅར་ཡོད་པ་བཅས་ཁྱོན་བསྡོམས་ས་གནས་མགོ་འཛིན་ ༤༥ མཉམ་ཞུགས་གནང་ཐུབ་ཡོད། ཟླ་འདིའི་ཕྱི་ཚེས་ ༩ བར་དུ་ཚོགས་ཆེན་ནང་དུ་གྲོས་གཞི་ཁག་ ༡༠ དང་། ས་གནས་མགོ་འཛིན་རྣམས་ལ་གོ་རྟོགས་སྤེལ་བའི་དོན་ཚན་ ༥ བཅས་ཀྱི་ཐད་བགྲོ་གླེང་དང་གྲོས་འཆར་གཏན་འབེབས་བྱ་རྒྱུ་ཡིན། ཞེས་བརྗོད་སོང་།

གྲོས་གཞི་ཁག་བཅུའི་གལ་གནད་སྐོར་ལ་དྲིས་པར་ཁོང་གིས། གལ་ཆེ་ཤོས་ས་གནས་མགོ་འཛིན་གྱི་ཉིན་རེའི་ལས་དོན་བྱེད་ཕྱོགས་རེད། ཚོགས་ཆེན་ཐོག་ས་གནས་མགོ་འཛིན་གསར་བ་མང་པོ་ཕེབས་ཡོད་ལ། བོད་དུ་སྐྱེས་ཏེ་ས་གནས་མགོ་འཛིན་བྱེད་མཁན་རེ་ཟུང་མ་གཏོགས་མེད། ད་ལྟའི་ས་གནས་མགོ་འཛིན་རྣམས་རྒྱ་གར་དང་བལ་ཡུལ་ནས་འཚར་ལོངས་བྱུང་སྟེ་བསླབ་པ་མཐར་སོན་པ་རེད། སློབ་སྦྱོང་གི་གནས་ཚད་ཀྱང་མི་རབས་རྒན་པ་ལས་ཡག་པོ་ཡོད་ཀྱང་། ལྷག་བསམ་དང་ཧུར་བརྩོན་གྱི་ལས་དོན་བྱེད་ཕྱོགས་ཐད་ཅུང་ཙམ་ཞན་ཆ་ཡོད་པས། དེ་དག་གི་ཐོག་ཏུ་བགྲོ་གླེང་བྱ་རྒྱུ་ཡིན། དེ་བཞིན་འཛིན་སྐྱོང་དང་། ས་ཁང་སྒྲིག་གཞི་བསྐྱར་བཅོས། མི་འབོར་ཞིབ་བཤེར་སོགས་ཚང་མ་གལ་ཆེན་ཆགས་ཡོད། ཅེས་བརྗོད་སོང་།

ནང་སྲིད་དྲུང་ཆེ་དཔལ་ལྡན་དོན་གྲུབ་ལགས་ཀྱིས་ཚོགས་འདུའི་ངོ་སྤྲོད་གསུང་བཤད་གནང་བཞིན་པ། ༢༠༢༣།༡༡།༠༦ དུས་བབ་ཀྱི་པར།

སྐབས་སྔོན་མའི་གྲོས་གཞི་ཁག་གི་སྐོར་དྲིས་པར་ཁོང་གིས། སྐབས་སྔོན་མའི་ཚོགས་ཆེན་སྐབས་སུ་གཏན་འབེབས་བྱས་པ་དེ་བཀའ་བློན་ལས་ཁུངས་བདུན་དང་འབྲེལ་བ་ཡོད་པ་སོ་སོའི་ལས་ཁུངས་སུ་ཕུལ་དུས། ལན་སླེབས་པ་དང་མ་སླེབས་པ་སོགས་ཅི་རིགས་བྱུང་ཡོད།  ད་ལོ་ལག་ལེན་ཏུ་མ་འཁེལ་བའི་གྲོས་གཞི་རྣམས་ཚོགས་ཐེངས་རྗེས་མ་སྙན་སྒྲོན་ཞུ་དགོས་ཀྱི་ཡོད་པ་རེད། ས་གནས་མགོ་འཛིན་རྣམས་ཀྱིས་ས་གནས་སོ་སོའི་ལས་དོན་བྱེད་ཕྱོགས་ལེགས་འགྲུབ་བྱུང་ཐུབ་མེད་ཚེ། གྲོས་བསྡུར་བྱས་ཏེ་ཡར་སྙན་སྒྲོན་ཞུ་དགོས་ཀྱི་ཡོད་པ་རེད། ཅེས་བརྗོད་སོང་།

གཞོན་སྐྱེས་ས་གནས་མགོ་འཛིན་རྣམས་ལ་རེ་བ་གང་འདྲ་ཡོད་མིན་ཐད་ཁོང་གིས། ང་ཚོ་བོད་པ་ཡིན་པའི་ཆ་ནས། དམིགས་ཡུལ་གཉིས་ཏེ་གཞིས་བྱེས་ལྷན་འཛོམས་དང་། བཙན་བྱོལ་དུ་བསྡད་པའི་རིང་མི་མང་ལ་ལྟ་རྟོག་བྱ་རྒྱུ་རེད། ས་གནས་མགོ་འཛིན་བྱས་ཚེ་དབུ་ཁྲིད་བྱེད་པར་དཀའ་ངལ་ཡོང་གི་མ་རེད། ས་གནས་མགོ་འཛིན་ནང་དུ་གཞོན་སྐྱེས་མང་པོ་སླེབས་ཡོད་པ་དང་། དམིགས་བསལ་ཐེངས་འདིར་ས་གནས་མགོ་འཛིན་བུད་མེད་བདུན་འདུག ༧གོང་ས་རྒྱལ་བ་རིན་པོ་མཆོག་གི་ཐུགས་རེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱིས་ཤེས་ཡོན་སྤྲད་པ་ལྟར། སྤྱི་ཚོགས་ནང་དུ་ཕན་ཐོགས་མཁན་གྱི་མི་ཞིག་ཆགས་ཡོད། སྤྱི་ཚོགས་ཀྱི་མགོ་ཁྲིད་མཁན་གྱི་མི་སྣ་སླེབས་ཡོད་པས། དེ་ནི་ང་ཚོ་ཚང་མ་དགའ་དགོས་པ་རེད། ཁ་ཤས་མི་མང་གི་ནང་དུ་སྤོབས་པ་དང་ལྡན་པའི་ཐོག་ནས་བཤད་མི་ཐུབ་མཁན་དེ་འདྲ་ཡོད་ཀྱང་། ཚོགས་འདུ་དང་ཟབ་སྦྱོང་མང་པོའི་ཁྲོད་ནས་གཞོན་སྐྱེས་རྣམས་ལ་སྡིངས་ཆ་ཡག་པོ་ཞིག་ཐོབ་ཀྱི་རེད། ཅེས་འགྲེལ་བརྗོད་གནང་སོང་།

དེ་བཞིན་ཐེངས་འདིའི་ཚོགས་ཆེན་སྐོར་ལ་ཨོ་རི་ས་ས་གནས་མགོ་འཛིན་མཁན་པདྨ་བསྟན་འཕེལ་ལགས་ཀྱིས་གསར་འགོད་པར། འདི་ནི་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ས་གནས་མགོ་འཛིན་གྱི་ཚོགས་ཆེན་ཐེངས་ ༡༥ པ་ཆགས་ཀྱི་ཡོད་པ་རེད། ཚོགས་ཐོག་ཏུ་ས་གནས་མགོ་འཛིན་གྱིས་ས་གནས་སོ་སོའི་ལས་དོན་ལག་བསྟར་བྱེད་ཕྱོགས་དང་། མི་མང་གི་བདེ་སྡུག་སོགས་དབུས་ནང་སྲིད་ལས་ཁུངས་དང་འབྲེལ་ཡོད་ལྷན་ཁང་ལ་ཞུ་ཕྱོགས་དང་། འཐུས་ཤོར་ལ་ཡོ་བསྲངས་བྱེད་ཕྱོགས། མཉམ་དུ་བགྲོ་གླེང་བྱས་ཏེ་གཞི་གཅིག་ཏུ་ཕབ་ཚེ། མ་འོངས་བའི་ལས་དོན་བྱེད་ཕྱོགས་ཐད་དགོངས་འཆར་གཅིག་ཏུ་སྤུངས་ཐུབ་པའི་དགེ་མཚན་ཆེན་པོ་ཡོད། ཅེས་བརྗོད་སོང་།

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་ཚོགས་འདུ་དང་འབྲེལ་ནས་གསུང་བཤད་གནང་བཞིན་པ། ༢༠༢༣།༡༡།༠༦ དུས་བབ་ཀྱི་པར།

ཐེངས་འདིའི་ཚོགས་ཆེན་གྱི་སྐོར་ལ་སྲིད་སྐྱོང་དང་ནང་སྲིད་བཀའ་བློན་གཅིག་ལྕོགས་སྤེན་པ་ཚེ་རིང་མཆོག་གིས། ས་གནས་མགོ་འཛིན་རྣམས་ཀྱིས་སོ་སོའི་ས་གནས་མི་མང་གི་ནང་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དུས་ནས་དུས་སུ་དྲན་སྐུལ་བྱ་རྒྱུ་གལ་ཆེན་པོ་ཡིན་པ་མ་ཟད།  བོད་མི་རིགས་ཀྱི་ཆོས་དང་རིག་གཞུང་དང་བཅས་པ་སྲ་བརྟན་གནས་ཐུབ་པ་ནི་མི་རབས་རྒན་པ་རྣམས་ཀྱི་ལྷག་བསམ་རྣམ་དག་གི་བཀའ་དྲིན་ལས་བྱུང་བ་ཤ་སྟག་ཡིན་པས། ཁོང་རྣམ་པའི་མི་ཚེ་གཅིག་རིང་སྐུ་ངལ་བསྐྱོན་པའི་བཀའ་དྲིན་དྲན་པའི་ཐོག་ནས་ལྟ་སྐྱོང་གནང་དགོས་པའི་གལ་གནད་དང་། བཀའ་ཤག་དང་འཛིན་སྐྱོང་གི་ལས་བྱེད་རྣམས་འཕྲུལ་འཁོར་གཅིག་ནང་བཞིན་ནུས་པ་མཉམ་སྤུངས་ཀྱིས་བོད་དོན་ཆབ་སྲིད་དང་། བཙན་བྱོལ་བོད་མིའི་བདེ་སྡུག་ལྟ་སྐྱོང་གནང་རྒྱུར་ཕྱག་ལས་གནང་དགོས་སྐོར་གསུངས་སོང་།

དེ་བཞིན་ཁོང་གིས། བཀའ་ཤག་སྐབས་བཅུ་དྲུག་པའི་ངོས་ནས་མ་འོངས་བོད་ཀྱི་འགན་སྲུང་ཞེས་པའི་ཕུགས་དམིགས་ཡིག་ཆ་ཞིག་འདོན་སྤེལ་གནང་ཡོད་པ་ལྟར། ས་གནས་མགོ་འཛིན་དང་ལས་བྱེད་རྣམས་ནས་བཀའ་ཤག་གི་འཆར་གཞི་དང་ལས་དོན་གནང་ཕྱོགས། དེ་འབྲེལ་ལས་རིམ་སྒྲིག་སྟངས་སོགས་ཀྱི་སྐོར་རྒྱུས་ལོན་ཡོང་ཐབས་སུ་ཡིག་ཆ་དེར་ལྟ་ཀློག་བྱ་དགོས་ཤིང་། དམིགས་བསལ་དེའི་ནང་དུ་གསལ་བའི་ལས་དོན་བྱེད་ཕྱོགས་མང་པོ་ཞིག་མི་མང་གི་དགོས་མཁོ་དང་ཐད་ཀར་འབྲེལ་བ་ཡོད་པས། ས་གནས་འགོ་འཛིན་རྣམས་ཀྱིས་ཡིག་ཆ་དེའི་ནང་དོན་གོ་རྟོགས་ཡག་པོ་དགོས་རྒྱུ་གལ་གནད་ཆེན་པོ་ཡིན་སྐོར་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར། བདག་དབང་། བོད་ཀྱི་དཔེ་མཛོད་ཁང་།
Mobile App

གསར་འགྱུར་མེ་ལོང་ལོ་ ༡༠༠ འཁོར་བའི་རྗེས་དྲན།

༢༠༢༥/༡༠/༡༡
FILE - Venezuelan opposition leader Maria Corina Machado gestures at a protest ahead of the Friday inauguration of President Nicolas Maduro for his third term, in Caracas, Venezuela January 9, 2025. [File photo: Reuters/Maxwell Briceno]
Mobile App

༢༠༢༥ ལོའི་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ལྕམ་མཱ་རི་ཡ་ཁོ་རི་ནཱ་མཱ་ཆཱ་ཌོ་ལགས་སུ་ཐོབ།

༢༠༢༥/༡༠/༡༠
བོད་རིགས་དཔོན་པོ་བསྟན་འཛིན་དང་རྒྱ་ནག་གཞུང་གི་ཆོས་ལུགས་ལས་དོན་བཀག་སྡོམ་གྱི་བཅའ་ཁྲིམས། པར་དུས་བབ་ཀྱིས་བསྒྲིགས།
Mobile App

ཆོས་ལུགས་ལ་དད་མོས་བྱས་པའི་ཉེས་མིང་འོག་བོད་རིགས་དཔོན་པོ་ཞིག་གནས་དབྱུང་བཏང་།

༢༠༢༥/༡༠/༡༠
Hungary's Laszlo Krasznahorkai poses for photographers in London [File: Matt Dunham/AP]
Mobile App

འདི་ལོའི་ནོ་སྦེལ་རྩོམ་རིག་གཟེངས་རྟགས་དེ་ཧང་གྷ་རིའི་རྩོམ་པ་པོ་ལཱ་སི་ལོ་ཀ་རཱ་སི་ཛ་ན་ཧོར་ཁའེ་ཐོབ། 

༢༠༢༥/༡༠/༡༠
From left, Susumu Kitagawa, Richard Robson and Omar Yaghi, winners of the Nobel Prize in Chemistry, announced at the Nobel Assembly of the Karolinska Institutet, in Stockholm, Sweden, on October 8, 2025
Mobile App

ནོ་སྦེལ་རྫས་འགྱུར་རིག་པའི་གཟེངས་རྟགས་ཡོངས་བསྒྲགས་གནང་།

༢༠༢༥/༡༠/༠༩
The 7th Young Indian Scholars’ Conference on Tibetan Studies Commences in Dharamshala Organises by Tibet Policy Institute (TPI). PC : CTA
Mobile App

རྒྱ་གར་ན་གཞོན་བོད་རིག་པ་ཉམས་ཞིབ་པའི་ཚོགས་འདུ་ཐེངས་བདུན་པ་མཇུག་བསྡུས།

༢༠༢༥/༡༠/༠༩

མཆན། 1

  1. Tseten Gyurmae says:
    ལོ་ 2 སྔོན།

    བཀའ་ཁྲི་ཟབ་གདོང་རིན་པོ་ཆེ་མཆོག་ནས་་དབུ་འཕྲིད་པའི་བཀའ་ཤག་སྐབས་ ༡༢ པའི་སྐབས་ཕྱི་ལོ་༢༠༠༢ ནང་བོད་མིའི་ས་གནས་འགོ་འཛིན་གྱི་འཛིན་སྐྱོང་ཚོགས་ཐེངས་དང་པོ་འཚོག་རྒྱུའི་གསལ་བསྒྲགས་དེ་མཇལ་སོང་། འཛིན་སྐྱོང་ཚོགས་ཐེངས་དང་པོ་ཅེས་ཀློག་སྐབས་སེམས་ནང་བདེ་མིན་བྱུང་། དེ་སྐབས་ང་རང་གཞུང་ཞབས་ཞིག་ཡིན་པའི་ཆ་ནས་ནང་སྲིད་ས་གནས་འགོ་འཛིན་གྱི་ཚོགས་འདུ་དེའི་སྔོན་དུའང་འཚོགས་པ་གོ་མྱོང་ལ་ཚོགས་མི་ངོ་ཤེས་པའང་ཡོད་པའི་མཇལ་དུས་བྱུང་།
    སེམས་བདེ་མིན་གྱི་གནས་དེ་ཚོགས་ཐེངས་དང་པོ་དེ་ལས་བྱུང་། འཚོག་ལམ་འདྲ་མིན་ཞིག་བྱུང་ཡོད་གཤས་ལས་ཕྱི་ལོ་ ༦༠ ནང་མུ་འཐུད་ཀྱི་ས་གནས་འགོ་འཛིན་གམ་གཞི་འགོ སྐབས་རེ་གཞིས་སྒར་འཐུས་མི་དང་གཞི་འགོ་སོགས་མཉམ་དུའང་བྱུང་ཡང་ཡོད་ཉེ། གང་ལྟར་ཚོགས་ཐེངས་དང་པ་མིན། བཀའ་ཤག་སྐབས་ ༡༢ པའི་ས་འགོའི་ཚོགས་ཆེན་དང་པོ་ཞུས་ན་རྩོད་པ་ཆུང་། ངའི་རྒྱུ་རྐྱེན་གཙོ་བོ་ནི་གང་ཟག་ལས་ཆོས་དེ་དངོས་དོན་དུ་མུ་འཐུད་བྱུང་ན་ཕན་རན་ཆེ་པའི་ཆེད་ཡིན། དཔེ་ན་གཞིས་ཆགས་ཁག་ཐབས་སྐྱོའི་ངང་གནས་པའི་དབང་དུ་བྱས། ཕྱི་བྱུང་བོད་མི་རབས་དང་དེ་མིན་བོད་གནས་ལ་དོ་དབྱིངས་པ་ཚོས་ཞིབ་དུས་ ༢༠༠༢ ལ་གནས་འགོའི་ཚོགས་འདུ་དང་པོ་འཚོགས་འདུག དེ་བར་མི་ལོ་ ༤༠ རིང་གཞིས་ཆགས་ཁག་ཐབས་སྐྱོའི་གནས་ནས་གྲོལ་ཐབས་ཀྱི་བསམ་ཞིབ་ཆེད་དམའ་མཐར་ཚོགས་འདུ་ཞིག་ཀྱང་བྱས་མིན་འདུག་བསམ་སྲིད། དོན་དུ་དངོས་གནས་མ་རེད་པ། དེ་མིན་ཚོགས་ཐེངས་ ༡༥ སོགས་ཐད་བསམ་བསྡུར་ཞུ་རྒྱུ་འདུག་ཀྱང་འདིར་ཞུ་ཡི་མིན།
    གཙོ་དོན་དེ་ཕྱི་བྱུང་གང་གབ་ཏུ་གཅིག་མཇུག་གཉིས་མཐུད་བྱུང་ན་མི་རྒྱུ་གཉིས་ཐད་ནས་མཐོན་འཕེལ་གྲོན་ཆུང་མེད་དམ་སྙམ་པའི་སྤྱི་དོན་དུ་གཉེར་ལགས།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese