མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སོག་པོའི་མཁན་པོ་གསར་པར་འཚམས་འདྲི་མཛད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་གསར་བསྐོས་མཁན་པོ་བླ་མ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།

ཁ་སང་ཕྱི་ཚེས་ ༦ ཉིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་སོག་པོའི་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་བླ་མ་གསར་པར་འདེམས་ཐོན་བྱུང་བར་འཚམས་འདྲི་མཛད་འདུག

༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་འཚམས་འཕྲིན་བསྩལ་བའི་ནང་། ནང་ཆོས་ (Dharma) ནི་འཚེ་བ་མེད་པ་དང་སྙིང་རྗེའི་རྩ་བ་ཡིན་པར་བརྟེན། འགྲོ་བ་མིའི་རིགས་ཀྱི་བདེ་དོན་ལ་ཕན་ཐོགས་པའི་ནུས་པ་ལྡན་གྱི་ཡོད། འོན་ཀྱང་། ང་ཚོ་ཆོས་ཀྱི་ཐོག་ལ་སློབ་གཉེར་དང་ཉམས་ལེན་བྱེད་པའི་གོ་སྐབས་ཡོད་མཁན་ཁོ་ནར་དེ་ལྟར་ཡོང་རྒྱུ་ཡིན་པ་རེད། ནང་ཆོས་འཆད་འཁྲིད་གནང་སྐབས། ཆོས་ཞུ་ཡུལ་གྱི་རྒྱུད་ཚོད་དང་མོས་པ་སེམས་སུ་ངེས་པར་བྱ་དགོས་གལ་ཆེན་པོ་རེད། ཅེས་གསུངས་འདུག

ཡང་གསུང་འཕྲིན་དེའི་ནང་དུ་བགྲེས་ཡོལ་དུ་ཕེབས་པའི་ཁམས་པ་བླ་མ་ག་བུར་རྡོར་ཤུལ་ཆོས་རྗེ་ (Gabju Demberel Choijamts) མཆོག་གིས་ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་ནང་པ་སངས་རྒྱས་པའི་ཆོས་གོང་འཕེལ་གཏོང་བར་ཡི་རངས་བསྔགས་བརྗོད་ཡོད་པ་དང་། མཁན་པོ་ཁོང་གིས་མི་ཚེ་དོན་དང་ལྡན་པ་བསྐྱལ་ཡོད་པ་མ་ཟད། མགོན་པོ་གང་ཉིད་ཀྱི་ལོ་མང་པོའི་རིང་གི་གྲོགས་པོར་ངོས་འཛིན་གནང་གི་ཡོད་སྐོར་གསུངས་འདུག

མཁན་པོ་གསར་པ་དགེ་བཤེས་རྗེ་བཙུན་རྡོ་རྗེ་མཆོག་ནི་ཕྱི་ལོ་ ༡༩༨༠ ལོར་སོག་པོའི་མངའ་སྡེ་སུག་པ་ཐར་ (Sükhbaatar) ནང་སྐུ་འཁྲུངས་ཤིང་། ས་གནས་ཀྱི་སློབ་གྲྭར་འཛིན་རིམ་དང་པོ་ནས་བཅུ་པ་བར་དུ་སློབ་སྦྱོང་གནང་རྗེས། ༡༩༩༡ ལོར་སུག་བྷ་ཊར་མངའ་སྡེའི་ནང་ཡོད་པའི་དགོན་པ་ཞིག་གི་ནང་དུ་ཆོས་ཞུགས་གནང་། ༡༩༩༣ ལོར་སོག་པོའི་རྒྱལ་ས་ཨུ་ལན་པཱ་ཐར་ (Ulaanbaatar) ནང་ཡོད་པའི་དགོན་པར་སློབ་གཉེར་གནང་ཡོད་པ་རེད། ཕྱི་ལོ་ ༡༩༩༨ ལོར་རྒྱ་གར་ལྷོ་ཕྱོགས་སུ་ཡོད་པའི་འབྲས་སྤུངས་སྒོ་མང་གྲྭ་ཚང་དུ་བསྡུས་གྲྭ་ནས་རིམ་བགྲོད་ཀྱིས་སློབ་གཉེར་ཚུལ་བཞིན་གནང་ནས་གྲྭ་ཚང་གི་ལོ་རེའི་རྒྱུགས་སྤྲོད་ཀྱི་སྐབས་ཨང་རིམ་དང་པོ་དང་གཉིས་པ་ཤ་སྟག་བླངས་ཡོད་པ་རེད། ཕྱི་ལོ་ ༢༠༡༢ ལོར་དགེ་བཤེས་ཀྱི་སློབ་གཉེར་གནང་སྟེ། ༢༠༡༧ ལོར་དགེ་བཤེས་ལྷ་རམས་ཨང་དང་པོ་ཐོབ་ཡོད་པ་རེད། ཁོང་ནི་དགེ་བཤེས་ལྷ་རམས་ཨང་དང་པོ་ལེན་མཁན་གྱི་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སོག་རིགས་གྲྭ་རྒྱུན་ཐོག་མའི་གྲས་ཤིག་ཡིན་པ་མ་ཟད། བཙན་བྱོལ་གྱི་ཆེས་ཐོག་མའི་སོག་རིགས་ལྷ་རམས་པ་ཞིག་ཡིན་འདུག

ཕྱི་ལོ་ ༢༠༡༨ ལོར་དྷ་རམ་ས་ལའི་རྒྱུད་སྟོད་གྲྭ་ཚང་དུ་བཞུགས་ནས་སྔགས་རམས་ཀྱི་སློབ་གཉེར་གནང་སྟེ། ལོ་ངོ་ ༢ ཀྱི་རིང་ལ་སྔགས་རམས་པའི་རྒྱུགས་སྤྲོད་ཁྲོད་ཨང་རིམ་དང་པོ་བླངས། ཁོང་སོག་ཡུལ་དུ་ཕྱིར་ཕེབས་ཏེ། ད་བར་དུ་མི་མང་ལ་ནང་ཆོས་ངོ་སྤྲོད་དང་བཀའ་སློབ་ལམ་སྟོན། དཔེ་ཁྲིད་སོགས་གནང་ཡོད་པ་རེད། རིམ་པས་ཁོང་གིས་སོག་ཡུལ་དུ་ཆོས་ཚོགས་སི་མཱ་ཊི་ཀིར་ཊི་ཞེས་པ་ཞིག་བཙུགས་གནང་ཡོད་པ་མ་ཟད། སོག་པོ་དགའ་ལྡན་དགོན་པའི་མཐོ་རིམ་སློབ་གྲྭའི་དགེ་རྒན་གནང་། འདི་ལོའི་ཕྱི་ཟླ་ ༡༡ ཚེས་ ༡ ཉིན་སོག་པོ་དགའ་ལྡན་ཐེག་ཆེན་གླིང་དགོན་པའི་མཁན་པོ་བླ་མར་བསྐོ་བཞག་གནང་ཡོད་པ་རེད། 

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

No Content Available

མཆན། 1

  1. བརྩོན་འགྲུས་རྒྱ་མཚ། says:
    ལོ་ 2 སྔོན།

    སོག་ཡུལ་དགའ་ལྡན་དགོན་པའི་མཁན་པོ་གསར་པ་དགེ་བཤེས་ལྷ་རམས་པ་རྗེ་བཙུན་རྡོ་རྗེ་ལགས་ཀྱི་མཛད་རྣམ་སྙིང་བསྡུས་རེ་འགོད་ཐུབ་ཚེ་དགེ་མཚན་ཆེ་བར་མཐོང་།  ཁོང་ནི་གདན་ས་འབྲས་སྤུངས་སུ་སློབ་གཉེར་ཚུལ་བཞིན་གནང་སྟེ་དགེ་བཤེས་ལྷ་རམས་རྩེ་ཕུད་དང་བོ་ལེན་མཁན་གྱི་དཔལ་ལྡན་འབྲས་སྤུངས་བཀྲ་ཤིས་སྒོ་མང་གྲྭ་ཚང་གི་སོག་རིགས་གྲྭ་རྒྱུན་ཐོག་མའི་གྲས་རེད། 

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese