མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ང་ཚོས་ཕུགས་རྒྱང་རིང་པོའི་སྟེང་དུ་བསམ་བློ་གུ་ཡངས་གཏོང་དགོས་གསུངས་སོང་།

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གཙང་མ་ཞིག་དགོས་བཤད་ཀྱི་ཡོད་པ་དེས་ག་ལེར་རྒྱ་རིགས་མང་པོ་ཕན་ཐོགས་ཡོང་སྲིད་པ་རེད་ཅེས་གསུངས་སོང་།

༧གོང་ས་མཆོག་གིས་བོད་མིའི་ས་གནས་མགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ་སྩལ། དགའ་ལྡན་ཕོ་བྲང་གི་སྐུ་པར། ༢༠༢༣།༡༡།༧

དེ་རིང་སྔ་དྲོ་བཞུགས་སྒར་རྒྱལ་བའི་ཕོ་བྲང་དུ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ནང་སྲིད་ལས་ཁུངས་ཀྱི་ཁྱབ་ཁོངས་ས་གནས་མགོ་འཛིན་རྣམས་ལ་མཇལ་ཁ་དང་བཀའ་སློབ་བསྩལ། སྐབས་དེར༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། འཛམ་གླིང་དུ་སྐྱབས་བཅོལ་བྱས་ཏེ་སྡོད་མཁན་མི་ཧ་ཅང་མང་པོ་ཡོད།  བོད་པ་སྐྱབས་བཅོལ་བ་ཆགས་ཡོད་ཀྱང་སོ་སོའི་ཆོས་དང་རིག་གཞུང་ཉར་ཚགས་བྱས་ཡོད། ཆོས་དང་རིག་གཞུང་དེས་སེམས་ཅན་ཐམས་ཅད་ཀྱི་བདེ་བའི་ཆེད་དུ་རེད་མ་གཏོགས། ང་རང་བདེ་བོ་དང་སྐྱིད་པོ་ཤོག་ཟེར་གྱི་མེད་པ་རེད། ང་ཚོས་ནམ་རྒྱུན་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག་ཟེར་བསྡད་ཀྱི་ཡོད་པ་རེད། བསླབ་བྱ་དེ་ཧ་ཅང་ཡག་པོ་རེད། ཆོས་ཀྱི་སྐད་ཆ་མེད་པར་སེམས་ཅན་ཐམས་ཅད་ལ་བདེ་སྐྱིད་ལྡན་པ་དང་སྡུག་བསྔལ་མ་ཡོང་བའི་སྨོན་ལམ་རྒྱག་བཞིན་ཡོད་པ་ཧ་ཅང་ཡག་པོ་རེད།

ང་ཚོ་བོད་པ་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མི་འདྲ་བ་ཞིག་རེད། སྤྱིར་བོད་ལ་རིག་གཞུང་དང་གོམས་གཤིས་ཧ་ཅང་ཡག་པོ་ཞིག་ཡོད་ཅིང་། དེའི་སྤྱི་ཚོགས་ནང་དུ་མི་ཚང་མར་འཛུམ་ཤིག་ཤིག་བྱེད་པའི་མིག་དཔེ་ཡག་པོ་ཆགས་ཡོད། ངོས་ཀྱང་ད་དུང་བོད་མིའི་མགོ་འཁྲིད་ཀྱི་ཡོད། ངོས་ཀྱི་རྨི་ལམ་ལ་བརྟག་དཔྱད་བྱས་ཚེ། ངོས་རང་ལོ་བརྒྱ་དང་བཅུ་གྲངས་ཤིག་ལ་བསྡད་པའི་ཟོལ་འདུག ལོ་བཅུ་གྲངས་གཉིས་ལྷག་བསྡད་པའི་རིང་ངོས་རང་གིས་མགོ་འཁྲིད་དེ། མི་མང་ཚང་མས་སེམས་ཅན་ཐམས་ཅད་ཟེར་བཞིན་སྨོན་ལམ་འདེབས་ཀྱི་ཡོད་པ་ལྟར། ཁ་ཡོད་ལག་ཡོད་ཀྱི་ཐོག་ནས་ག་ཚོད་ཐུབ་ཐུབ་ཀྱིས་གཞན་ལ་ཕན་ཐོགས་རྒྱུ་གལ་ཆེན་པོ་འདུག ང་ཚོ་བོད་མི་སྐྱབས་བཅོལ་བ་འདྲ་འདྲའི་ནང་ནས་མ་འདྲ་བ་ཞིག་ཆགས་བསྡད་ཡོད་པ་དེ། ག་དུས་ཡིན་ཡང་གཞན་ཕན་གྱི་བསམ་བློ་ཡོད་པ་དང་འཛུམ་ཤིག་ཤིག་སྡོད་པའི་གོམས་གཤིས་ཆགས་ཡོད། འཛམ་བུ་གླིང་དུ་མིག་དཔེ་དེ་མུ་མཐུད་སྟོན་ཐུབ་པར་ཉར་དགོས། ད་ལྟ་འཛམ་གླིང་གི་མི་མང་པོས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ལ་དགའ་བོ་བྱེད་བཞིན་ཡོད། ང་ཚོས་ཆོས་ལུགས་དང་མ་འབྲེལ་བའི་ཐོག་ནས་བཟང་སྤྱོད་མུ་མཐུད་བྱས་པ་ཡིན་ན། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་གནས་སྟངས་ཐོག་ནས་བོད་པ་བཙན་དབང་གིས་བཟུང་ཡོད་པ་མ་གཏོགས་རྒྱུ་མཚན་བཤད་རྒྱུ་མེད་པ་དང་། ཡ་རབས་སྤྱོད་བཟང་གི་ཐོག་ནས་གང་ཡང་བཤད་རྒྱུ་མེད་པ་རེད། ང་ཚོས་ཡ་རབས་སྤྱོད་བཟང་གི་ཐོག་ནས་མི་ཚང་མར་ཕན་ཐོགས་པའི་བསམ་བློ་གཏོང་བཞིན་ཡོད་པས། འཛམ་གླིང་སྤྱི་ཡོངས་ཀྱི་ཐོག་ནས་རང་བཞིན་གྱིས་བོད་པར་དགའ་བོ་བྱེད་ཀྱི་འདུག ཅེས་གསུངས་སོང་།

དེ་བཞིན་མགོན་པོ་གང་ཉིད་མཆོག་གིས། དེང་སང་འཛམ་གླིང་སྟེང་ངོས་ཀྱིས་སེམས་ཁམས་རིག་པའི་ཐོག་ནས་སེམས་བཟང་པོ་བྱ་རྒྱུ་དང་ག་བར་མི་སུ་དང་ཐུག་པ་ཡིན་ན་འཛུམ་ཤིག་ཤིག་བྱེད་བཞིན་པ་དེར། ཆོས་ཡོད་མེད་གཉིས་དང་། ཚན་རིག་པ། སེམས་ཁམས་རིག་པ་སོགས་མི་མང་པོས་དགའ་བོ་བྱེད་ཀྱི་འདུག ང་ཚོའི་སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་བཟང་པོ་བྱ་རྒྱུ་དང་བྱམས་བརྩེ་སྒོམ་པ་སོགས་ལ་ནལེནྡྲའི་ཆོས་བརྒྱུད་ནས་བརྒྱུད་ཡོང་བའི་ནང་ཆོས་ལ་རྒྱུ་མཚན་གཏིང་ཟབ་ཡོད་པར་མི་མང་པོ་དགའ་བོ་བྱེད་ཀྱི་འདུག སེམས་ཁམས་རིག་པ་དང་འབྲེལ་བའི་སེམས་ཞི་བདེ་བྱེད་ཚུལ་དང་། བྱམས་བརྩེ་བྱ་རྒྱུ་ཡོད་པ་སོགས་ལ་མི་མང་པོས་དགའ་བོ་བྱེད་ཀྱི་འདུག ངོས་རང་གིས་བོད་ཀྱི་རིག་གཞུང་གི་ཚབ་བྱེད་ཀྱི་ཡོད་ལ། ངོས་རང་གི་ངོས་ནས་ཀྱང་བོད་ཀྱི་རིག་གཞུང་ལ་ཉམས་ལེན་བྱེད་ཀྱི་ཡོད། ངོས་ཀྱིས་ཉམས་ལེན་བྱས་པའི་འབྲས་བུས་སེམས་ལྷོད་ལྷོད་དང་གཉིད་སྐྱིད་པོ་ཁུགས་ཐུབ་ཀྱི་ཡོད། སེམས་སུ་དངངས་སྐྲག་སོགས་ཅི་ཡང་མེད་པར་ལྷོད་ལྷོད་སྡོད་ཀྱི་ཡོད། དེ་ནི་ང་ཚོ་བོད་པའི་རིག་གཞུང་རེད། ངོས་ཀྱི་སེམས་ཀྱི་ཞི་བདེ་ནང་བཞིན་རྒྱ་ནག་གི་དཔོན་པོ་ཡོང་རྒྱུ་ཁག་པོ་རེད། བོད་ཀྱི་ཆོས་དང་རིག་གཞུང་གིས་མིའི་སེམས་ལྷོད་ལྷོད་ཆགས་ཐུབ་ཀྱི་ཡོད། དེ་ནི་བོད་པའི་རིག་གཞུང་དང་གོམས་གཤིས་ཆགས་ཡོད་པ་རེད། སྐྱེ་བ་སྔ་ཕྱི་སོགས་གཏིང་ཟབ་པོ་བཤད་དགོས་པ་མ་རེད། ཚང་མས་ཉིན་རེ་བཞིན་ཞི་བདེ་དང་སེམས་ལྷོད་ལྷོད་ཡོང་བར་སེམས་སུ་འཇོག་རོགས། ལྷོད་ལྷོད་བྱས་ནས་སྡོད་ཨ།

བཟའ་ཚང་ནང་ཁུལ་དུ་འཁྲུག་པ་སོགས་བྱུང་སྐབས། ཏཱ་ལ་བླ་མའི་གདོང་དེ་དྲན་པ་བགྱིས་དང་། དེ་ནས་ལྷོད་ལྷོད་ཆགས་ཡོང་གི་རེད། ཆོས་བྱེད་མིན་སོ་སོའི་འདོད་མོས་རེད། གང་ལྟར་མི་ལུས་ཤིག་ཐོབ་ནས་ཡོད་དུས། སེམས་ལྷོད་ལྷོད་དང་ཞི་བདེ་ཧ་ཅང་གལ་ཆེན་པོ་རེད། ངོས་ཀྱིས་བོད་ལ་མིང་དོན་མཚུངས་བའི་རང་སྐྱོང་གཙང་མ་ཞིག་དགོས་བཤད་ཀྱི་ཡོད། དེ་ནི་ག་ལེར་ག་ལེར་རྒྱ་རིགས་མང་པོ་ཞིག་ལའང་ཕན་ཐོགས་ཡོང་སྲིད་པ་རེད། ཀྲུང་ཧྭ་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཁོངས་སུ་བསྡད་དེ། བོད་པས་རང་ཉིད་ཀྱི་ཆོས་དང་རིག་གཞུང་བདག་པོ་བརྒྱབ་སྟེ་ཡག་པོ་ཟིན་ཐུབ་པ་དང་། དེས་རྒྱ་མི་ལའང་ཤུགས་རྐྱེན་ཐེབས་ཐུབ་པ་ཞིག་བྱེད་དགོས། ང་ཚོས་ཕུགས་རྒྱང་རིང་པོའི་སྟེང་དུ་བསམ་བློ་གུ་ཡངས་གཏོང་དགོས། ང་ཚོ་བོད་པར་སྙིང་སྟོབས་དང་། སེམས་ཤུགས་ཡོད། ཚང་མས་སེམས་སྐྱིད་པོ་བྱས་ཏེ་ཧུར་ཐག་བྱེད་རོགས། ཞེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese