མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

སྨོན་ལམ་རིག་ནུས་ཀྱི་ལས་གཞི་ཐོག་མའི་དམིགས་ཡུལ་བཞིན་རྒྱུན་སྐྱོང་བྱེད་པའི་ཆོད་སེམས་ཡོད། 

བོད་ཀྱི་དུས་བབ།
༢༠༢༣/༡༡/༠༧
Share on FacebookShare on TwitterShare on EmailShare on Whatsapp

སྨོན་ལམ་རིག་ནུས་ཀྱི་ལས་གཞི་ཐོག་མའི་དམིགས་ཡུལ་བཞིན་བོད་ཀྱི་སྐད་ཡིག་དུས་རབས་དང་མཐུན་པའི་རྒྱུན་འཛིན་དར་སྤེལ་གཏོང་བར་སྒོ་ཀུན་ནས་འབད་པ་བྱ་ངེས་ཡིན་སྐོར་བརྗོད་འདུག

དེ་རིང་ཕྱི་ཚེས་ ༧ གྱི་ཉིན་རྒྱབ་ཏུ་སྨོན་ལམ་རིག་ནུས་ཀྱི་སྤྱི་ཚོགས་བརྒྱུད་ལམ་དུ། ཕྱི་ཟླ་ ༡༡ ཚེས་ ༠༣ ཞོགས་པར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཞལ་སྔ་ནས་སྨོན་ལམ་རིག་ནུས་ལས་གཞིའི་འགན་འཁུར་བ་དང་། འབྲེལ་ཡོད་ལས་མི་ཚོར་དམིགས་བསལ་མཇལ་ཁ་གནང་ཞིང་། སྐབས་དེར་ལས་གཞི་འདིའི་སྤྱི་ཁྱབ་འགན་འཛིན་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་རིག་ནུས་ལས་གཞིའི་སྐོར་སྙན་སྒྲོན་ཞུ་སྐབས། ༧མགོན་པོ་གང་ཉིད་ནས་”དཔེ་ཡག་པོ་འདུག མུ་མཐུད་དུ་འབད་བརྩོན་བྱོས་ཤོག”ཅེས་ཐུགས་དགྱེས་ཚོར་ཆེན་པོ་གནང་བས། ང་ཚོས་མུ་མཐུད་དུ་ཐོག་མའི་དམིགས་ཡུལ་བཞིན་བོད་ཀྱི་སྐད་ཡིག་དུས་རབས་དང་མཐུན་པའི་རྒྱུན་འཛིན་དར་སྤེལ་གཏོང་བར་སྒོ་ཀུན་ནས་འབད་པ་བྱ་ངེས་ཡིན་པའི་གནས་ཚུལ་སྤེལ་འདུག

ཟླ་འདིའི་ཕྱི་ཚེས་ ༥ ཉིན་བཀའ་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས། སྨོན་ལམ་རིག་ནུས་དབུ་འབྱེད་དང་འབྲེལ་བའི་བཀའ་སློབ་ལམ་སྟོན་འཁོད་པའི་བརྙན་ཞིག་སྨོན་ལམ་རིག་ནུས་ཀྱི་དྲ་ལམ་དུ་སྤེལ་བའི་ནང་། སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས། དེང་རབས་ཀྱིས་འཇིག་རྟེན་ལ་ལྟ་ཚུལ་གྱི་དབང་དུ་བྱས་ན། གདོད་མའི་སྤྱི་ཚོགས་ནས་རིམ་པའི་ཡར་རྒྱས་ཕྱིན་པ་དང་རྡོ་ཡི་དུས་རབས་ནས་དུས་རབས་གོང་མའི་བར་དུ་ཡར་རྒྱས་ཕྱིན་པ་སོགས་དུས་རབས་གོང་མའི་སྤྱི་ཚོགས་ཀྱི་དཔལ་ཡོན་ནང་བསྡད་ཡོད་པའི་གནས་ཚུལ་ཞིག་བཤད་ཀྱི་ཡོད། གང་ལྟར། ཉམས་པ་དང་ཡར་རྒྱས་ཕྱིན་པ་གང་ཡིན་ཡང་། འགྲོ་བ་མིའི་སྡུག་བསྔལ་གྱི་འབྱུང་ཁུངས་དང་བསམ་བློའི་གནས་སྟངས། འཇིག་སྐྲག་དང་དོགས་པ། འདོད་རྔམ་དང་ཕྲག་དོག འགྲན་སེམས། ཁོང་ཁྲོ། ཞེ་སྡང་དང་བཅས་པ་ད་ལྟའང་དངོས་ཡོད་ཀྱི་བསྡད་ཡོད་པ་དང་ཡར་རྒྱས་ཕྱིན་ཡོད་པ་ལས་ཉམས་པའི་གནས་སྟངས་ཤིག་མཐོང་རྒྱུ་ཁག་པོ་རེད།  དེ་ལ་བརྟེན་ནས། འགྲོ་བ་མིའི་སྡུག་བསྔལ་འཚེ་བ་དང་འགལ་ཟླ། འཐབ་རྩོད་ལ་སོགས་པ་གདོད་མའི་དུས་ཀྱི་མི་རབས་ཚོའི་སྐབས་སུ་ཡོད་པ་ལས་ཆེ་རུ་ཕྱིན་པ་མ་གཏོགས་ཉུང་དུ་ཕྱིན་མེད་པའི་གནས་ཚུལ་མཐོང་ཐུབ་པ་ཞིག་རེད།

འཇིག་རྟེན་གྱི་འགྱུར་འགྲོས་འདིའི་ནང་ལ་ཕྱིར་བལྟས་བསློགས་པ་ཡིན་ན། སྤྱི་ལོ་བརྒྱ་ཕྲག་བཅུ་དྲུག་བཅུ་བདུན་ནས་མགོ་བཙུགས་ཏེ།  སྤྱི་ལོ་བརྒྱ་ཕྲག་བཅོ་བརྒྱད་པ་ནས་ཕལ་ཆེ་ལོ་སུམ་བརྒྱ་ཡས་མས་རིང་ལ་འགྱུར་བའི་རྣམ་གྲངས་དང་འགྱུར་བའི་མགྱོགས་ཚད་ཧ་ཅང་མཐོ་རུ་ཕྱིན་པ་རེད། མཐོ་རུ་ཕྱིན་པ་དེར་དེང་རབས་ཀྱི་མི་ཚོས་ཡར་རྒྱས་ཀྱི་རང་བཞིན་ལ་བལྟས་ནས་སྤོབས་པ་བྱས་པ་རེད། ལོ་སུམ་བརྒྱའི་ནང་འགྱུར་བ་ཕྱིན་པའི་གཞི་རྩ་ནི་ཚན་རིག་དང་དེ་ལ་བརྟེན་པའི་འཕྲུལ་ལས་ཡར་རྒྱས་ཕྱིན་པ་ལ་ཐུག་བསྡད་ཡོད། དེ་ཡིན་སྟབས། འགྲིམས་འགྲུལ་དང་བཟོ་སྐྲུན། མཐུན་རྐྱེན་དང་གཏོར་བཤིག་གང་གི་ཐད་མིའི་མངོན་སུམ་གྱི་ནུས་ཚད་ལས་བརྒལ་བའི་ཤུགས་ཤིག་བསླེབས་ཡོད། དེས་ང་ཚོ་འགྲོ་བ་མིར་ཕན་དང་གནོད་ག་རེ་སྐྱེལ་ཡོད་མེད་ང་ཚོའི་ཉམས་མྱོང་གི་ཐོག་ནས་མཐོང་གསལ་རེད། ཚན་རིག་དང་འཕྲུལ་ལས་ཀྱི་འགྱུར་འགྲོས་ལ་བརྟེན་ནས་ཆབ་སྲིད་དང་དཔལ་འབྱོར་གྱི་ལམ་སྲོལ་ལའང་འགྱུར་བ་ཆེན་པོ་འགྲོ་ཡི་ཡོད། ཅེས་གསུངས་ཡོད།

བཀའ་ཟུར་མཁས་དབང་སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ་མཆོག་གིས་སྨོན་ལམ་རིག་ནུས་དང་འབྲེལ་བཀའ་སློབ་གནང་བཞིན་པ། པར་སྨོན་ལམ་རིག་ནུས་ཀྱི་ངོ་དེབ་ལས་བླངས།

ཡང་ཁོང་གིས། ཚན་རིག་དང་འཕྲུལ་ལས་ཀྱི་གསར་གཏོད་ནང་། དམིགས་བསལ་གཅིག་རིག་མཛོད་དང་གྲངས་མཛོད་འཕྲུལ་ལས་བྱུང་བ་རེད། བོད་སྐད་ནང་རྒྱ་ཡིག་བསྒྱུར་བ་མིན་ནམ་སྙམ། གློག་ཀླད་ལབ་ཀྱི་འདུག ཀམ་པུ་ཊར་འཕྲུལ་ཆས་རེད། གློག་ཀླད་དེ་འཕྲུལ་ཆས་གཞན་དང་བསྡུར་བ་ཡིན་ན། འཚེ་བའི་ཕྱོགས་སུ་བེད་སྤྱོད་ཕྲན་བུ་ཉུང་ཞིང་བརྡ་འཕྲིན་དང་སྐད་ཡིག རིག་གཞུང་། གསུང་རབ། ལེགས་སྦྱངས་སོགས་འཛིན་སྐྱོང་དང་འཆར་སྤེལ། ཤེས་ཡོན་སློབ་གསོ་སོགས་ཀྱི་ཐོག་བེད་སྤྱོད་ཧ་ཅང་ཆེ་བའི་འཕྲུལ་ཆས་ཤིག་ཡིན་པ་རེད།

ཕྱི་ལོ་ ༡༩༧༠ ཡས་མས་འདི་ཐོག་མ་དར་བའི་སྐབས་སུ། འཕྲུལ་ཆས་འདི་བོད་པའི་སློབ་གཉེར་ཁང་ཁག་ཏུ་བེད་སྤྱོད་བཏང་རུང་དང་མ་རུང་གི་སྐོར་ལ་རྒྱ་གར་གྱི་ཆེད་མཁས་པ་དང་ལྷན་དུ་གོ་བསྡུར་གཏིང་ཟབ་བྱས་རྗེས། ངེས་པར་དུ་བེད་སྤྱོད་མི་གཏོང་ཐབས་མེད་ཅིག་ཡིན་པའི་གྲོས་མཐུན་བྱུང་བ་རེད། རྒྱུ་མཚན་གཙོ་བོ་ཞིག་ནི་ང་ཚོས་ཆོས་དང་རིག་གཞུང་འཛིན་སྐྱོང་བྱེད་པར་ཁ་གཏད་གཅོག་ཡུལ་དེང་རབས་ཆགས་བསྡད་ཡོད། དེང་རབས་ལ་ཁ་གཏད་གཅོག་པའི་སྐབས་སུ་དེང་རབས་ཀྱི་ལག་ཆ་བེད་སྤྱོད་མ་བྱས་པ་ཡིན་ན། སྲོལ་རྒྱུན་གྱི་ལག་ཆས་དེང་རབས་ཀྱི་ལག་ཆ་དང་མཉམ་པ་ཞིག་འཐབ་ཐུབ་ཀྱི་མེད་པ་དེ་མངོན་གསལ་དོད་པོ་རེད། དེར་བརྟེན། འཕྲུལ་ཆས་འདི་ངེས་པར་དུ་ལག་བསྟར་བྱེད་དགོས་པའི་གནས་སྟངས་ཤིག་ཆགས་པ་རེད། འོན་ཀྱང་། འཕྲུལ་ཆས་འདི་བོད་པའི་སྐད་ཡིག་ནང་བེད་སྤྱོད་གཏོང་བའི་རང་དབང་ཆ་ཚང་ཞིག་མ་འཐོབ་པ་ཡིན་ན། སྐད་ཡིག་གཞན་རྐྱང་རྐྱང་གི་ལས་གཞིའི་ཐོག་ནས་ང་ཚོའི་དགོས་མཁོ་འདང་གི་མེད་སྟབས། དགེ་བཤེས་སྨོན་ལམ་ལགས་ཀྱིས་ཐུགས་འགན་བཞེས་ཏེ། ཐོག་མ་ཡིག་གཟུགས་བཟོ་བ་ནས་མགོ་བཙུགས་ཏེ་རིགས་གཅིག་རྐང་འཛིན་གྱི་ཕྱག་ལས་འདིའི་ཐོག་གནང་བ་དང་འབྲེལ། གློག་ཀླད་དང་འབྲེལ་བའི་དགོས་མཁོ་ཆེ་བའི་མཉེན་ཆས་མང་པོ་ཞིག་བཟོས་གནང་ཡོད།

ད་མངོན་གསལ་དོད་པོས་ངོ་སྤྲོད་ཞུ་ཐུབ་པ་ནི་བྱོན་རབས་ཀྱི་དོན་སྙིང་ལྡན་པའི་ཚིག་མཛོད་ཆེན་པོ་གསར་བསྐྲུན་གནང་བ་དང་། དེ་དག་སངས་རྒྱས་ཀྱི་བསྟན་པ་དང་བོད་ཀྱི་སྐད་ཡིག རིག་གཞུང་སོགས་ཚང་མར་བླ་ན་མེད་པའི་ཞབས་འདེགས་ཆེན་པོ་ཞིག་འགྲོ་ཡི་ཡོད་པ་ཚང་མས་མཁྱེན་གྱི་ཡོད། ཁོང་གིས་གནང་བཞིན་པ་དང་ཡར་ཐོན་འགྲོ་བཞིན་པའི་ཕྱག་ལས་དང་འབྲེལ། ལོ་སྔོན་མར་ངའི་སར་ཡོང་སྟེ་མིས་བཟོས་རིག་ནུས་བཟོ་རྒྱུ་ཡིན་གསུང་གི་འདུག ཁོང་རང་གི་ཚིག་ནང་དུ་མིས་བཟོས་རིག་ནུས་བེད་སྤྱོད་བྱས་འདུག ངས་ནམ་རྒྱུན་ལབ་བསྡད་པ་དེ་བཅོས་མིའི་རིག་རྩལ་ཟེར་བ་དེ་རེད། དོན་དག་ལ་དབྱིན་ཇིའི་ནང་ (Artificial Intelligence) ཟེར་བའི་ལས་གཞི་ཆ་ཚང་ཞིག་མགོ་འཛུགས་གནང་གི་ཡིན་ལབ་ནས་ངོ་སྤྲོད་བྱེད་སྐབས། དགའ་སྤྲོ་ཆེན་པོས་ཡག་པོ་བྱུང་འདུག རྗེས་སུ་ཡི་རངས་ཡོད་ཅེས་ཞུས་པ་ཡིན།

དེ་དུས་ངའི་བསམ་བློའི་ནང་ལ་ལས་གཞི་འདིའི་ཆ་ལག་སྤྱི་དང་ཁྱད་པར་དུ་སྒྲ་བསྒྱུར་ཡིག་བསྒྱུར་གྱི་ལས་གཞི་དེ་དེ་ཙམ་གྱི་ཚད་མཐོ་པོ་ཞིག་ཡོང་གི་རེད་བསམ་མ་སོང་། རྒྱུ་མཚན། དེ་སྔོན་ལ་ཧིན་རྡུ་ནས་དབྱིན་ཡིག་ནང་བསྒྱུར་བྱེད་ཀྱི་ལས་གཞི་དེ་འདྲ་ཡོད་པ་དང་། དེ་དག་ལ་བལྟས་དུས་ཚད་མཐོ་པོ་དེ་ཙམ་མེད་པ་ངས་ཤེས་ཀྱི་ཡོད། ཡིན་ནའང་། ཉིན་ཤས་གོང་མཇལ་བའི་སྐབས་སུ་སྒྲ་བསྒྱུར་གྱི་ལས་གཞི་དེར་བསམ་ཚུལ་ལས་བརྒལ་བའི་གྲུབ་འབྲས་མཐོ་པོ་ཧ་ལས་པ་བྱུང་འདུག དེ་བཞིན་འབྲི་ཀློག་དང་ཡིག་གཟུགས་ངོས་འཛིན་དང་བཅས་པའི་གྲུབ་འབྲས་དམིགས་བསལ་བྱུང་འདུག དེ་ཙམ་ཡོང་ཐུབ་པ་ནི་ཕྱོགས་གཅིག་ནས་ཁོང་རང་གི་འབད་བརྩོན་དང་ཕྱོགས་གཞན་ཞིག་ནས་བོད་པའི་གསུང་རབ་དང་ངག་གི་རང་བཞིན་དེ་ཧ་ཅང་ཕྱུག་པོ་ཡིན་སྟབས། ཡར་འཇུག་པའི་རྒྱུ་ཆ་གཞན་ལས་ཀྱང་ཧ་ཅང་ཕྱུག་པོ་ཡོད་པའི་རྒྱུ་མཚན་རེད་བསམ་གྱི་འདུག ལས་གཞི་འདི་ལ་དངོས་གནས་ང་ཚོས་སྙིང་ཐག་པ་ནས་དགའ་བསུ་དང་རྗེས་སུ་ཡི་རངས་བྱེད་འོས་པ་ཞིག་བྱུང་འདུག དེ་ཡིན་དུས། དགེ་བཤེས་སྨོན་ལམ་ཁོང་རང་གི་སྔོན་གྱི་ལས་དང་སྨོན་ལམ་དང་། ད་ལྟའི་བརྩོན་ཤུགས་དང་ལས་རོགས་ཚང་མའི་འབྲེལ་བ་ལ་བརྟེན་ནས་བྱུང་བ་ཡིན་སྟབས། ཚང་མར་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། མ་འོངས་པར་ཉམས་ཞིབ་པ་དང་སློབ་གཉེར་བ་ཚང་མས་འཕྲུལ་ཆས་འདི་བེད་སྤྱོད་ཡག་པོ་གཏོང་ཐུབ་པ་དང་། དེ་ལ་བརྟེན་ནས་སྤྱིར་འགྲོ་བ་མིའི་བདེ་སྐྱིད་དང་ལྷག་པར་དུ་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་ཐོག་ནུས་རླབས་ཆེན་པོ་ཡོང་བའི་རེ་བ་དང་སྨོན་ལམ་ཞུ་བཞིན་ཡོད། ཅེས་གསུངས་སོང་།

དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས་སྨོན་ལམ་རིག་ནུས་སྐོར་ངོ་སྤྲོད་གནང་བཞིན་པ། བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༣ ཉིན་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས། བོད་ཀྱི་ཟློས་གར་ཚོགས་ཁང་དུ། སྨོན་ལམ་མངོན་གྱུར་ཞེས་པའི་བརྗོད་གཞིའི་འོག་ནས། འདས་པའི་ལོ་གཅིག་ལྷག་ཙམ་རིང་སྨོན་ལམ་རིག་ནུས་ཀྱི་ལས་གཞི་བསྒྲུབས་ཏེ། ད་ལྟ་སྨོན་ལམ་ཡིག་སྒྱུར་རིག་ནུས་དང་ཀློག་འདོན་རིག་ནུས། སྒྲ་འཛིན་རིག་ནུས། ཡིག་འཛིན་རིག་ནུས་བཅས་སྨོན་ལམ་གྱི་རིག་ནུས་གསར་པ་བཞི་མངོན་གྱུར་བྱུང་ཡོད་པ་རེད།

སྐབས་དེའི་མཛད་སྒོའི་སྟེང་དགེ་བཤེས་བློ་བཟང་སྨོན་ལམ་ལགས་ཀྱིས། སྨོན་ལམ་རིག་ནུས་དེར་དབྱིན་ཡིག་བོད་ཡིག་ཕར་ཚུར་བསྒྱུར་བ་དང་། བོད་སྐད་ཀྱི་ལམ་ནས་བཤད་པ་ཡིག་ཐོག་ཏུ་འབེབས་ནུས་པ། ཡིག་ཐོག་ཏུ་ཡོད་པ་བོད་སྐད་ཀྱི་ལམ་ནས་ཀློག་འདོན་ཐུབ་པ། ཤིང་པར་སོགས་གློག་ཀླད་ནང་མ་བཅུག་པའི་དཔེ་ཆའི་རིགས་དཔར་བླངས་ཏེ་གློག་ཀླད་ནང་རང་འགུལ་གྱིས་འཇུག་ཐུབ་པ་སོགས་ཀྱི་ནུས་པ་ཡོད་སྟབས། མི་ཞིག་གི་ཁ་མིག་རྣ་གསུམ་གྱི་ནུས་པ་ཚང་ཡོད་སྐོར་བརྗོད་སོང་།

ད་དུང་མཛད་སྒོའི་སྟེང་སྨོན་ལམ་རིག་ནུས་གསར་བསྐྲུན་བྱས་པའི་བརྒྱུད་རིམ་ནང་ཕྱག་ལས་གནང་མཁན་བརྒྱ་ཆ་ ༩༧ བོད་རིགས་གཞོན་སྐྱེས་ཤ་སྟག་ཡིན་སྟབས། སྨོན་ལམ་གྱི་མངོན་གྱུར་ལྔ་བ་དེ་གཞོན་སྐྱེས་ཚོ་ཡིན་པ་དང་། དེ་བཞིན་ཕྱག་ལས་གནང་མཁན་བརྒྱ་ཆ་ ༢ གྲྭ་བཙུན་དང་བརྒྱ་ཆ་ ༡ ཕྱི་རྒྱལ་གྱི་སློབ་ཕྲུག་བཅས་ཡིན་འདུག་ལ། སྨོན་ལམ་རིག་ནུས་ཀྱི་ལས་གཞི་དེ་ལོ་གསུམ་རིང་གི་ལས་གཞི་ཡིན་སྟབས། ལོ་རྗེས་མ་ནས་མངོན་འགྱུར་བྱུང་བའི་རིག་ནུས་བཞིའི་ནུས་པ་གོང་འཕེལ་དུ་གཏོང་རྒྱུ་དང་ལོ་མཐའ་མར་ཕྱོགས་ཡོངས་ནས་སྨོན་ལམ་རིག་ནུས་ཀྱི་ནུས་པ་ཕུན་སུམ་ཚོགས་པ་ཞིག་ཏུ་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་འདུག

སྨོན་ལམ་རིག་ནུས་མངོན་འགྱུར་གྱི་མཛད་སྒོ་དེའི་སྟེང་། བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་གྱི་མཛད་གཙོ་རྣམ་པ་དང་བོད་མི་མང་སྤྱི་འཐུས་རྣམ་པ། ལྷན་ཁང་ཁག་གི་དྲུང་ཆེ་རྣམས་དང་སྲི་ཞུའི་ལས་བྱེད་ཁག་ཅིག དེ་བཞིན་དགའ་ལྡན་ཕོ་བྲང་གི་དྲུང་ཆེ་རྣམ་པ་དང་། སྦྱིན་བདག་དང་། རིག་ནུས་ཆེད་མཁས་མི་སྣ། གཞུང་འབྲེལ་མིན་པ་དང་རང་དབང་ཅན་གྱི་སྡེ་ཚན་ཁག་གི་འགན་འཛིན་དང་ཉམས་ཞིབ་པ། ལས་འགུལ་བ་དང་གསར་འགོད་པ། མི་མང་སོགས་འཛོམས་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Launch of Tibetan Arts Council. Photo: Tibetan Art Council
Mobile App

བོད་ཀྱི་སྒྱུ་རྩལ་མཐུན་ཚོགས་གསར་འཛུགས་གནང་བའི་གསར་འགོད་བསྒྲགས་གཏམ་སྤེལ།

ཆུ་ཚོད་ ༨ སྔོན་ལ།
Advertisement for App

ཨ་ཀྱཱ་བློ་བཟང་བསྟན་འཛིན་མཆོག་གི་ཕྱག་དེབ་“ཕྱིར་དྲན་”ཞེས་པའི་བོད་ཡིག་དེབ།

ཆུ་ཚོད་ ༩ སྔོན་ལ།
༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་སྐབས་བཅུ་བདུན་པའི་སྤྱི་འཐུས་གྲོས་ཚོགས་ལ་བསྩལ་བའི་བཀའ་ཡིག་རིན་པོ་ཆེ། ༢༠༢༡།༡༠།༠༦
Mobile App

སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོར་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་གྱིས་གཙོས་ད་ལྟའི་ཆོས་བརྒྱུད་སྤྱི་འཐུས་ཕལ་ཆེ་བས་སྒྲོ་འདོགས་དང་སྐུར་འདེབས་མཚན་སྨད་ཚབས་ཆེན་ཞུས་པའི་དངོས་ཡོད་གནས་ཚུལ་སྙིང་བསྡུས་ངོ་སྤྲོད།

ཆུ་ཚོད་ ༩ སྔོན་ལ།
བལ་ཡུལ་གྱི་ནང་སྲིད་བློན་ཆེན་གྷུ་རུང་དང་བལ་ཡུལ་རྒྱ་ནག་གཞུང་ཚབ་ཀྲང་མོ་མིན། ༢༠༢༦།༠༤།༡༣
Mobile App

བལ་ཡུལ་གཞུང་གིས་རྒྱ་ནག་ལ་རྒོལ་བའི་ལས་འགུལ་རིགས་ལ་བཀག་སྡོམ་བྱ་རྒྱུ་ཡིན་པའི་ཁས་ལེན་གནང་།

ཆུ་ཚོད་ ༡༠ སྔོན་ལ།
China's Vice Minister of Foreign Affairs Sun Weidong in Tokyo, Japan in 2023 [File: Issei Kato/Pool via Reuters]
Mobile App

རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གཞོན་པ་གནས་དབྱུང་བཏང་།

ཆུ་ཚོད་ ༡༠ སྔོན་ལ།
བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ། དྲ་ལམ་གྱི་པར།
Mobile App

བོད་ཀྱི་གློག་བརྙན་འཁྲབ་ཁྲིད་པ་གངས་སྒྲོན་ལགས་ལ་རྒྱལ་སྤྱིའི་བྱ་དགའ་གཉིས་ཐོབ།

༢༠༢༦/༠༤/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese