མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་ནག་གིས་བོད་སྐོར་ལ་དོན་ཚན་ཆེན་པོ་དྲུག་ཅན་གྱི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༠
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པ་ཟེར་བའི་ཐག་གཅོད་ལྟར་བོད་ལ་ངེས་པར་དུ་དགོས་པ་བཅུ་ཟེར་བ་གཞི་རྩར་བཟུང་ནས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཟེར་བའི་རྒྱབ་ཤ་དཀར་པོའི་དེབ་ཅིག་ཡོངས་བསྒྲགས་བྱས་འདུག

རྒྱ་ནག་གཞུང་གིས་བཏོན་པའི་བོད་སྐོར་གྱི་རྒྱབ་ཤ་དཀར་པོའི་དེབ་གསར་ཡོངས་བསྒྲགས་བྱས། ༢༠༢༣།༡༡།༡༠ རྒྱ་གཞུང་གི་དྲ་ངོས་པར།

དེ་རིང་ཕྱི་ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་ནག་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་ལས་སྒྲུབ་ཁང་ཟེར་བ་དེས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ལག་བསྟར་དང་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཞེས་པའི་དོན་ཚན་ཆེན་པོ་དྲུག་ཡོད་པའི་རྒྱབ་ཤ་དཀར་པོའི་དེབ་ཅིག་བཏོན་ཏེ། རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་གཞུང་གིས་བོད་སྐད་ཡིག་བཀོལ་སྤྱོད་བཀག་སྡོམ་དང་། དགོན་པ་སོགས་ཆོས་ལུགས་ཀྱི་བྱེད་སྒོ་སྤེལ་ཡུལ་དུ་དམ་དྲག་ཆེན་པོ་བྱེད་བཞིན་པ། བོད་ཀྱི་ཁོར་ཡུག་ལ་འབག་བཙོག་དང་གནོད་སྐྱོན་ཚབས་ཆེན་ཐེབས་བཞིན་པའི་གནད་དོན་བཅས་ཐེར་འདོན་བྱེད་བཞིན་པ་རྣམས་ལ་ཁ་གཏད་གཅོག་ཐབས་དང་མངོན་ཆུང་དུ་བཟོ་ཐབས་བྱས་འདུག

རྒྱབ་ཤ་དཀར་པོའི་དེབ་དེའི་སྔོན་གླེང་ནང་དུ། དམར་ཤོག་ཚོགས་ཆེན་ཐེངས་ ༡༨ པ་འཚོགས་པ་ནས་བཟུང་བོད་དུའང་རྒྱལ་ཡོངས་ལམ་བུ་གཅིག་གི་སྲིད་ཇུས་ལག་བསྟར་བྱས་ཏེ་ཁྱོན་ཡོངས་ནས་འཕེལ་རྒྱས་སུ་འགྲོ་བར་དོ་ནན་བྱས་ཡོད་སྐོར་དང་། བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་དང་བདུན་པའི་ཐོག བོད་ཀྱི་ལས་དོན་ལ་སྣེ་འཁྲིད་ཀྱི་བསམ་བློ་ལེགས་པོར་བསྒྲུབ་དགོས་པ་དང་། རེ་འདོད་དང་ལས་འགན་ཕྱོགས་གཅིག་ཏུ་བསྡུས་ཏེ། བོད་ལྗོངས་ཀྱི་མི་རིགས་ཚོས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་བའི་རེ་འདོད་མངོན་འགྱུར་ཡོང་ཐབས་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པར་ཁ་ཕྱོགས་གསལ་སྟོན་སོགས་བྱེད་དགོས་པའི་བསམ་ཚུལ་བཏོན་སྐོར་བཀོད་འདུག

ལྷག་པར་དུ་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་བདུན་པའི་ཐོག་དུས་རབས་གསར་པའི་ཏང་གི་བོད་སྐྱོང་སྲིད་ཇུས་ཟེར་བ་གཏན་འབེབ་བྱས་ཡོད་པ་མ་ཟད། ངེས་པར་དུ་དགོས་པ་བཅུ་ཞེས་པ་ཞིག་གཏན་འབེབ་བྱས་པའི་ནང་། ངེས་པར་དུ་བོད་ཀྱི་ལས་དོན་ཐོག་རྒྱ་ནག་དམག་ཤོག་ཚོགས་པས་མགོ་འཁྲིད་རྒྱུན་འཁྱོངས་དགོས་པ་དང་། རྒྱ་ནག་གི་ཐུན་མོང་མ་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། མི་རིགས་རང་སྐྱོང་ས་ཁུལ་གྱི་ལམ་ལུགས་རྒྱུན་འཁྱོངས། ངེས་པར་དུ་རྒྱལ་ཁབ་སྐྱོང་བར་ཐོག་མར་མཐའ་མཚམས་སྐྱོང་བ་དང་། མཐའ་མཚམས་སྐྱོང་བར་ཐོག་མར་བོད་བརྟན་བརླིང་གི་འཐབ་ཇུས་ཀྱི་བསམ་བློ་རྒྱུན་འཁྱོངས་དགོས་པ། དེ་བཞིན་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་རྒྱུན་འཁྱོངས། མི་རིགས་མཐུན་སྒྲིལ་ཡར་སྐུལ་ནི་བོད་ཀྱི་ལས་དོན་གྱི་ཤུགས་གནོན་རྒྱག་ས་ལྟེ་བ་དང་། ངེས་པར་དུ་ཁྲིམས་ལྟར་བོད་སྐྱོང་བྱ་བ་གཉེར་ཏེ་དམངས་སེམས་འགུག་པ་དང་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་ཐབས་རྒྱུན་འཁྱོངས། བོད་བརྒྱུད་ནང་བསྟན་རྒྱ་ནག་ཅན་དུ་ཁ་ཕྱོགས་པ་རྒྱུན་འཁྱོངས་དང་། ཁྲིམས་ལྟར་ཆོས་ལུགས་བྱ་བར་དོ་དམ་ནན་པོ་བྱེད་དགོས་པ་སོགས་བཀོད་ཡོད་པ་རེད།

རྒྱབ་ཤ་དཀར་པོའི་དེབ་ཀྱི་དོན་ཚན་གཉིས་པ་བསམ་བློའི་དཔལ་འབྱོར་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་ཟེར་བའི་ནང་དུ། བོད་སྐད་ཡིག་སློབ་སྦྱོང་དང་བཀོལ་སྤྱོད་བྱེད་པར་ཁྲིམས་ལྟར་སྲུང་སྐྱོབ་བྱེད་ཀྱི་ཡོད་སྐོར་བཀོད་དེ། སྦྲག་སྲིད་དང་ཆ་འཕྲིན། འགྲིམ་འགྲུལ། མ་རྐང་། ཚན་རྩལ་སོགས་སུ་རྒྱ་ཡིག་དང་ལྷན་དུ་བོད་ཡིག་སྤྱོད་ཀྱི་ཡོད་ལུགས་དང་། སློབ་གྲྭ་ཆུང་འབྲིང་དུ་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་དང་བོད་སྐད་ཡིག་བེད་སྤྱོད་གཏོང་གི་ཡོད་ཚུལ་བཀོད་དེ། བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་རྒྱ་བསྒྱུར་སྲིད་ཇུས་མངོན་ཆུང་དུ་བཟོ་ཐབས་བྱས་འདུག་པ་མ་ཟད། ཕྱི་ལོ་ ༢༠༢༢ ལོ་མཇུག་བར་དུ་བོད་ལྗོངས་སུ་ཡོངས་གྲགས་ཐོག་བོད་ཡིག་དུས་དེབ་མི་འདྲ་བ་ ༡༧ དང་། བོད་ཡིག་ཚགས་པར་ ༡༡། བོད་ཡིག་དེབ་གྲངས་ཁྲི་ ༤༥༠༡ ལྷག་བཏོན་ཡོད་ཚུལ་སོགས་ཀྱང་བཀོད་འདུག

ཡང་དོན་ཚན་གསུམ་པ་མི་རིགས་ཆོས་ལུགས་ཀྱི་ལས་དོན་བརྟན་གནས་ཡར་སྐུལ་ཟེར་བའི་ནང་དུ། ཆོས་ལུགས་བྱེད་སྒོ་གོ་རིམ་ལྡན་པའི་ཐོག་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་ལ། ད་ལྟ་བོད་ལྗོངས་སུ་བོད་བརྒྱུད་ནང་བསྟན་གྱི་བྱེད་སྒོ་སྤེལ་ཡུལ་ཟེར་བ་ ༡༧༠༠ ལྷག་ཡོད་པ་དང་། གྲྭ་བཙུན་ཁྲི་ ༤.༦ ཙམ་དང་། ཁ་ཆེའི་ལྷ་ཁང་ ༤། ཡེ་ཤུ་ཆོས་ལུགས་པ་ཁྲི་༡.༢ ལྷག་དང་། གནམ་བདག་ཆོས་ལུགས་ཀྱི་ལྷ་ཁང་ ༡ དང་། རྗེས་འཇུག་པ་ ༧༠༠ ལྷག་ཡོད་སྐོར་སོགས་བཀོད་འདུག་ལ། ཕྱི་ལོ་ ༢༠༡༦ ལོར་བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་འཚོལ་བཤེར་མ་ལག་བཏང་ཏེ་ཕྱི་ལོ་ ༢༠༢༢ ལོ་མཇུག་བར་དུ། བོད་བརྒྱུད་ནང་བསྟན་གྱི་སྤྲུལ་སྐུ་ ༩༣ ལ་ངོས་འཛིན་དཔང་ཡིག་ཐོབ་ཡོད་སྐོར་དང་།  ཕྱི་ལོ་ ༢༠༢༢ ལོ་མཇུག་བར་དུ། དགེ་འདུན་པ་གྲངས་ ༡༦༤ དགེ་བཤེས་ལྷ་རམས་པ་ཐོན་པ་དང་། དགེ་འདུན་པ་གྲངས་ ༢༧༣ ལ་བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་བསླབ་གནས་མཐོ་རིམ་རབ་འབྱམས་པ་ཟེར་བ་ཐོན་ཡོད་སྐོར་སོགས་བཀོད་འདུག

དེ་བཞིན་དེབ་དེའི་ནང་ཕྱི་ལོ་ ༡༩༩༤ ནས་ ༢༠༢༢ བར་དུ། སྔ་གཞུག་ཏུ་བོད་སྐྱོར་ལས་བྱེད་པ་ཟེར་བའི་མིང་ཐོག་ནས་མི་གྲངས་ ༡༡༩༠༠ བོད་ཁུལ་དུ་ཡོང་ནས་ལས་ཀ་བྱེད་པར་ཆོག་མཆན་སྤྲད་ཡོད་པ་དང་། ལོ་ལྔ་ཚན་བཅུ་གསུམ་པའི་ནང་རྒྱ་ནག་གི་ཞིང་ཆེན་གྲོང་ཁྱེར་ཁག་ ༡༧ ནས་ལས་གཞི་ཁག་ ༡༢༦༠ ལྷག་བོད་ཁུལ་དུ་ལག་བསྟར་བྱས་ཡོད་ལུགས་དང་། རྒྱལ་སྤྱི་རྒྱལ་ནང་གི་གྲོང་ཁྱེར་ ༧༠ ལྷག་ལ་བོད་ལྗོངས་ཀྱི་མཁའ་ལམ་མཐུད་དེ་ཕྱི་ལོ་ ༢༠༢༢ ལོར་བོད་ཁུལ་དུ་ཡུལ་སྐོར་བ་དང་འགྲུལ་བ་ཁྲི་ ༣༣༤ ལྷག་སྐྱེལ་འདྲེན་བྱས་ཡོད་ཚུལ་བཀོད་འདུག

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese