མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བལ་ཡུལ་གཞུང་གིས་རྒྱ་ནག་གི་ཊིག་ཊོག་བཀག་སྡོམ་བྱས།

བོད་ཀྱི་དུས་བབ།
༢༠༢༣/༡༡/༡༤
Share on FacebookShare on TwitterShare on EmailShare on Whatsapp

བལ་ཡུལ་གཞུང་གིས་རྒྱ་ནག་གི་ཊིག་ཊོག་དེས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ངན་པ་དང་སྤྱི་ཚོགས་འཆམ་མཐུན་ལ་གནོད་འཚེ་གཏོང་གིན་ཡོད་པའི་སྐྱོན་བརྗོད་བྱས་ཏེ་བཀག་སྡོམ་བྱས་ཡོད་འདུག

Nepal bans TikTok citing disruption to social harmony. photo:Getty image

འདས་པའི་ལོ་ཤས་རིང་རྒྱ་གར་གཙོས་རྒྱལ་སྤྱིའི་རྒྱལ་ཁབ་མང་པོས་རྒྱ་ནག་གཞུང་གིས་བཟོས་པའི་མཉེན་ཆས་མང་དག་ཅིག་བཀག་སྡོམ་དང་ནག་གསུབ་ཏུ་གཏོང་མུས་ཡིན་པ་ལྟར། ཁ་སང་ཕྱི་ཚེས་ ༡༣ ཉིན་བལ་ཡུལ་གཞུང་གིས་རྒྱ་ནག་གཞུང་ནས་བཟོ་སྐྲུན་བྱས་པའི་ཊིག་ཊོག་ (Tiktok) མཉེན་ཆས་དེས་གཞོན་སྐྱེས་ཚོར་ཤུགས་རྐྱེན་ངན་པ་དང་སྤྱི་ཚོགས་འཆམ་མཐུན་ལ་གནོད་འཚེ་གཏོང་གིན་ཡོད་པའི་སྐྱོན་བརྗོད་བྱས་ཏེ། མཉེན་ཆས་དེ་བལ་ཡུལ་རྒྱལ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན་པའི་གསལ་བསྒྲགས་བྱས་འདུག

དེའི་ཐད་བལ་ཡུལ་གྱི་འབྲེལ་མཐུད་དང་བརྡ་འཕྲིན་བློན་ཆེན་རེ་ཀ་ཤར་མ་(Rekha Sharma) ཡིས། མཉེན་ཆས་དེས་བལ་ཡུལ་ནང་འཆལ་གཏམ་སྣ་མང་ཞིག་བཟོ་བཞིན་ཡོད་པས།  ཊིག་ཊོག་དེ་གང་མགྱོགས་བལ་ཡུལ་རྒྱལ་ཡོངས་སུ་བཀག་སྡོམ་བྱ་རྒྱུ་ཡིན་སྐོར་བརྗོད་འདུག་ཀྱང་། བལ་ཡུལ་དམངས་གཙོ་ཚོགས་པའི་གྲོས་ཚོགས་འོག་མའི་འཐུས་མི་གྷ་གྷན་ཐཱ་པ་(Gagan Thapa) ཟེར་བས་བལ་ཡུལ་གཞུང་གིས་མཉེན་ཆས་རིགས་བཀག་སྡོམ་བྱས་པ་ལས། རྒྱུན་ལྡན་གྱི་འཚོ་བ་དངོས་ཀྱི་གནས་སྟངས་སོགས་ཀྱི་ཐད་ལ་ལྟ་ཞིབ་བྱ་དགོས། ད་ལན་བལ་ཡུལ་གཞུང་གིས་མཉེན་ཆས་བཀག་སྡོམ་བྱས་པ་དེས། འགྲོ་བ་མིའི་གཞི་རྩའི་སྨྲ་བརྗོད་ཀྱི་རང་དབང་ལ་བཙན་སྐུལ་བྱས་པ་ཡིན་སྐོར་སོགས་སྐྱོན་བརྗོད་བྱས་འདུག

སྤྱིར་ཊིག་ཊོག་ནི་བལ་ཡུལ་ནང་བཀོལ་སྤྱོད་བྱེད་མཁན་ཆེས་མང་བའི་སྤྱི་ཚོགས་དྲ་ལམ་གསུམ་པ་དེ་ཆགས་ཡོད་ཅིང་། འདས་པའི་ལོ་བཞི་ཙམ་རིང་ཊིག་ཊོག་དྲ་ལམ་མཉེན་ཆས་བརྒྱུད། བལ་ཡུལ་གཞུང་ལ་ཁ་མཆུ་གྲངས་ ༡༦༠༠ ལྷག་ཞུ་གཏུགས་བྱས་ཡོད་ཅིང་། མཉེན་ཆས་དེ་བརྒྱུད་བལ་ཡུལ་གྱི་མང་ཚོགས་ཁྲོད་ནང་འཁྲུག་ཀྱང་མང་དག་ཅིག་འབྱུང་འཇུག་གི་ཡོད་འདུག

བྷི་བྷི་སི་གསར་ཁང་གིས་བལ་ཡུལ་ནང་སྤྱི་ཚོགས་དྲ་ལམ་བཀོལ་སྤྱོད་བྱེད་མཁན་གྱི་མི་གྲངས་སོགས་ཀྱི་ཐོག་ལ་ཞིབ་འཇུག་བྱས་པ་ལྟར་ན། བལ་ཡུལ་གྱི་མི་འབོར་གྱི་བརྒྱ་ཆ་ ༩༠ ལྷག་གིས་ལག་ཐོགས་ཁ་པར་བཀོལ་སྤྱོད་བྱེད་ཀྱིན་ཡོད་པའི་ཁྲོད། བརྒྱ་ཆ་ ༦༧ ལྷག་གིས་དེང་རབས་ལག་ཐོགས་ཁ་པར་དང་། བརྒྱ་ཆ་༢༨ ལ་འཆར་དངོས་མེད་པའི་ཁ་པར་རིགས (feature phone) ། བརྒྱ་ཆ་ ༥ ཙམ་གྱིས་དེང་རབས་ལག་ཐོགས་ཁ་པར་དང་འཆར་ངོས་མེད་པའི་ཁ་པར་གཉིས་ཀ་བཀོལ་སྤྱོད་བྱེད་ཀྱི་ཡོད་ཅིང་། བལ་ཡུལ་ནང་ལོ་ ༡༦ ནས་ ༢༤ བར་ཊིག་ཊོག་བཀོལ་སྤྱོད་བྱེད་མཁན་བརྒྱ་ཆ་ ༨༡ དང་། ལོ་༢༥ ནས་ ༣༤ བར་བརྒྱ་ཆ་༧༤། ལོ་ ༣༥ ནས་༤༤ བར་བརྒྱ་ཆ་ ༥༩། ལོ་ ༤༥ ནས་༤༩ བར་བརྒྱ་ཆ་ ༤༨། དེ་བཞིན་ལོ་༦༠ ཡན་བརྒྱ་ཆ་ ༣༤ བཅས་ཡོད་འདུག

སྤྱིར་འདས་པའི་ལོ་ཤས་རིང་རྒྱ་ནག་གཞུང་གིས་ཆེད་གཉེར་བྱས་པའི་ཊིག་ཊོག་བརྒྱུད་རྒྱལ་ཁབ་གཞན་གྱི་ཚན་རིག་ལག་རྩལ་རྐུ་ཁྱེར་དང་ཉུལ་ཞིབ་བྱེད་ཀྱི་ཡོད་པའི་གནས་ཚུལ་མང་དག་ཅིག་ཐོན་ཡོད་སྟབས། ཨ་རི་དང་། རྒྱ་གར། དབྱིན་ཡུལ། ཡུ་རོབ་མཐུན་ཚོགས་ནང་གི་རྒྱལ་ཁབ་སོགས་ཀྱིས་རྒྱལ་ཁབ་སོ་སོའི་བདེ་འཇགས་དང་བརྟན་བརླིང་སོགས་ལ་དམིགས་ནས་ཊིག་ཊོག་སོགས་བཀག་སྡོམ་བྱས་ཡོད་པ་མ་ཟད།  རྒྱ་གར་གཞུང་གིས་རྒྱ་གར་རྒྱལ་ཡོངས་སུ་མི་གྲངས་ས་ཡ་མང་པོས་སྤྱོད་བཞིན་པའི་རྒྱ་ནག་གི་མཉེན་ཆས་ ༢༧༣ བཀག་སྡོམ་བྱས་ཡོད།

ཕྱི་ལོ་ ༢༠༡༨ ལོའི་ཟླ་ ༧ ཚེས་ ༣ ཉིན་ཨིན་དྷུ་ནི་ཤེ་ཡ་ (Indonesia) རྒྱལ་ཁབ་ཀྱིས་ཉིན་གྲངས་ ༨ རིང་མཉེན་ཆས་དེ་བཀག་སྡོམ་བྱས་པར་བརྟེན། མཉེན་ཆས་གཙོ་གཉེར་བས་ཁྲིམས་ཁང་གི་བཀའ་རྒྱ་ཇི་བཞིན་མཉེན་ཆས་ལ་བསྐྱར་བཅོས་བྱས་ཏེ་བསྐྱར་དུ་བཀོལ་སྤྱོད་ཆོག་པ་བཟོས་ཡོད་འདུག  ཕྱི་ལོ་༢༠༡༩ ཟླ་ ༢ པའི་ཚེས་ ༢༧ ཉིན་ཨ་རིའི་ཚོང་དོན་ལྷན་ཁང་ (The Federal Trade Commission) གིས། བྷའེ་ཊི་ཌན་སི་འཕྲུལ་རིག་བཟོ་ཚོང་ཁང་གིས་ཊིག་ཊོག་བརྒྱུད་མཉེན་ཆས་བཀོལ་སྤྱོད་པའི་གནས་ཚུལ་བསྡུ་ལེན་བྱེད་ཀྱི་ཡོད་པའི་ནག་ཉེས་བཙུགས་ཏེ། བཟོ་ཚོང་ཁང་དེར་ཨ་སྒོར་ས་ཡ་ ༥།༧ གྱི་ཉེས་ཆད་བཅད་ཡོད་པ་རེད།

ཊིག་ཊོག་ཅེས་པའི་དྲ་ལམ་མཉེན་ཆས་དེ་ནི་རྒྱ་ནག་རྒྱལ་ས་པེ་ཅིན་དུ་རྟེན་གཞི་བྱས་པའི་བྷའེ་ཊི་ཌན་སི་(Bytedance) དྲ་ལམ་འཕྲུལ་རིག་བཟོ་ཚོང་ཁང་གིས་ཕྱི་ལོ་ ༢༠༡༦ ལོར་དོ་དབྱིན་ (Douyin) ཞེས་པའི་མིང་ཐོག་ནས་རྒྱ་ནག་ནང་ཐོག་མར་འགྲེམས་སྤེལ་བྱས་ཡོད་པ་དང་། ལོ་གཅིག་གི་རྗེས་སུ་ཊིག་ཊོག་ཅེས་པའི་མིང་ཐོག་ནས་རྒྱལ་སྤྱིའི་ཁྲོམ་རའི་ནང་འགྲེམས་སྤེལ་བྱས་ཏེ། རྒྱ་གར་དང་ཨ་རི་གཙོས་པའི་རྒྱལ་ཁབ་མང་པོའི་ནང་དར་ཁྱབ་ཆེན་པོ་ཆགས་ནས་ད་ལྟའི་ཆར་དངོས་སུ་མཉེན་ཆས་བཀོལ་སྤྱོད་བྱེད་མཁན་ས་ཡ་ ༥༠༠ ལྷག་དང་། འཛམ་གླིང་གི་སྐད་ཡིག་ ༧༥ ཙམ་ནང་ཕབ་བསྒྱུར་བྱས་ཚར་ཡོད་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

China's domestic tourism market surges during Spring Festival holiday. Photo: Azernews
Mobile App

རྒྱ་ནག་གིས་རྒྱལ་ཁབ་བཅུ་གཉིས་ཀྱི་མི་སེར་ལ་ཐོངས་མཆན་རིན་མེད་སྤྲོད་ཀྱིན་འདུག

༢༠༢༤/༠༥/༠༨
ད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་ཤིག་འཚོགས། འབྲེལ་ཡོད་ཀྱིས་མཁོ་སྤྲོད་གནང་། ༢༠༢༣། ༡༡། ༣།
Mobile App

བོད་ཀྱི་མ་འོངས་དང་འབྲེལ་བའི་རྒྱ་གར་གྱི་སྲིད་ཇུས་ཞེས་པའི་ལྷན་ཚོགས་བསྡུས།  

༢༠༢༣/༡༡/༠༣
WIN-WIN COOPERATION Chinese President Xi Jinping meets with Nepalese Prime Minister Pushpa Kamal Dahal Prachanda in Hangzhou, capital city of east China’s Zhejiang Province on Saturday, Sept. 23, 2023. XINHUA PHOTO
Mobile App

བལ་ཡུལ་ནང་གི་བོད་མི་ཚོར་སྔར་ལས་དཀའ་ངལ་འཕྲད་ཉེན་འདུག

༢༠༢༣/༠༩/༢༩
བོན་རིག་པའི་བགྲོ་གླེང་ཐེངས་བཞི་པའི་ཐོག་ཕེབས་པའི་དགེ་བཤེས་དང་སློབ་གཉེར་བ་ཁག་ཅིག འབྲེལ་ཡོད་ཀྱི་པར།
Mobile App

བོན་རིག་པའི་བགྲོ་གླེང་ཐེངས་བཞི་པ་ཉིན་གྲངས་གཉིས་རིང་བལ་ཡུལ་གྱི་རྒྱལ་སར་འཚོགས།

༢༠༢༣/༠༩/༠༦

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese