མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
No Result
ཆ་ཚང་གཟིགས།

བདུན་གཅིག་རིང་བོད་དོན་ཞུ་གཏུགས་ཀྱི་པར་རིས་འགྲེམ་སྟོན་གནང་གི་འདུག 

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༠
Share on FacebookShare on TwitterShare on EmailShare on Whatsapp

དེ་རིང་ཕྱི་ཚེས་ ༢༠ ནས་བདུན་ཕྲག་གཅིག་རིང་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་གོ་སྒྲིག་འོག་བོད་དོན་ཞུ་གཏུགས་ཀྱི་པར་རིས་འགྲེམ་སྟོན་ཞིག་གནང་གི་འདུག 

བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས། བོད་ཀྱི་དུས་བབ་ཀྱི་པར། ༢༠༢༣།༡༡།༢༠

དེ་རིང་ནས་བདུན་ཕྲག་གཅིག་རིང་བོད་མིའི་སྒྲིག་འཛུགས་ཕྱི་འབྲེལ་ལས་ཁུངས་ཀྱི་གོ་སྒྲིག་འོག  བཞུགས་སྒར་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ་བོད་དོན་ཞུ་གཏུགས་ཞེས་པའི་བརྗོད་གཞིའི་ཐོག་བོད་དོན་ཐད་ཀྱི་འགྲེམ་སྟོན་ཞིག་གནང་མགོ་བཙུགས་ཡོད་ཅིང་། འགྲེམ་སྟོན་འདི་བརྒྱུད་བཞུགས་སྒར་ཁུལ་དུ་ཕེབས་མུས་ཡིན་པའི་རྒྱ་གར་གྱི་ཡུལ་སྐོར་བ་གཙོས། རྒྱལ་སྤྱིའི་ཡུལ་སྐོར་བ་སོགས་ལ་བོད་ཀྱི་ཆོས་རིག་གཙོས་བོད་དོན་ཐོག་གོ་རྟོགས་སྤེལ་ཐབས་གནང་རྒྱུ་ཡིན་འདུག 

དེའི་ཐད་བོད་ཀྱི་འགྲེམ་སྟོན་ཁང་གི་འགན་འཛིན་བསྟན་འཛིན་སྟོབས་ལྡན་ལགས་ཀྱིས། བོད་ཀྱི་འགྲེམ་སྟོན་ཁང་གིས་དེ་རིང་ནས་བདུན་ཕྲག་གཅིག་རིང་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་གི་ར་བའི་ནང་དུ་བོད་དོན་ཞུ་གཏུགས་ཞེས་པའི་ཐོག་འགྲེམས་སྟོན་གྱི་ལས་རིམ་ཞིག་མགོ་བརྩམས་ཡོད་ཅིང་།  ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེའི་འོག་ནས། ཡུལ་སྐོར་སྤྲོ་འཆམ་པ་དང་དད་ལྡན་ཆོས་ཞུ་བ་མང་དག་ཅིག་འདིར་ཕེབས་མུས་ཡིན་ལ། འདིར་ཕེབས་མཁན་མང་དག་ཅིག་བོད་དོན་ལ་དོ་སྣང་ཡོད་པར་ངོས་འཛིན་བྱེད་ཀྱི་ཡོད་སྐོར་དང་། སྤྱིར་བོད་ཀྱི་འགྲེམ་སྟོན་ཁང་གིས་རྒྱ་གར་གྱི་ས་གནས་མང་དག་ཅིག་ཏུ་འགྲེམ་སྟོན་བྱས་དང་བྱེད་མུས་ཡིན་པ་དང་། དེ་རིང་འདིར་ཕེབས་མཁན་མང་དག་ཅིག་ལ་བོད་དོན་ཐོག་དོ་སྣང་ཡོད་མཁན་ཞིག་ཏུ་ངོས་འཛིན་བྱེེད་ཀྱི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་། 

ཡང་ཁོང་གིས། སྤྱིར་བོད་ཀྱི་འགྲེམ་སྟོན་ཁང་གིས་མི་མང་ལ་བོད་དོན་ཐད་གོ་རྟོགས་སྤེལ་རྒྱུ་དེ་ཧ་ཅང་གལ་ཆེན་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་སྟབས། ད་ལན་འདིར་བདུན་ཕྲག་གཅིག་རིང་འགྲེམས་སྟོན་བྱ་རྒྱུ་དང་།  དེ་བཞིན་ད་ལན་གྱི་འགྲེམ་སྟོན་འདི་ཡག་པོ་ཞིག་བྱུང་ཚེ། མ་འོངས་པར་བརྗོད་གཞི་མི་འདྲ་བ་མང་པོ་ཞིག་གི་ཐོག་འགྲེམ་སྟོན་བྱ་འཆར་ཡོད་ཅིང་། ལྷག་པར་ཕྱི་ཟླ་ ༡༢ དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་བའི་སྐབས་དང་བསྟུན། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་དང་འབྲེལ་བའི་སྐོར་སྐྱོད་ཀྱི་འགྲེམ་སྟོན་ཞིག་བྱ་འཆར་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་། 

བདུན་གཅིག་རིང་གི་བོད་དོན་ཞུ་གཏུགས་ཞེས་པའི་འགྲེམ་སྟོན་འདིའི་སྟེང་། ཧིན་བོད་ཀྱི་འབྲེལ་བ་ཞེས་པ་དང་སྦྲགས་ནས། བོད་དང་རྒྱ་གར་གྱི་གནའ་རབས་ཀྱི་འབྲེལ་ལམ་སྐོར་གྱི་འགྲེམ་སྟོན་དང་། དེ་ནས་ཕ་ཡུལ་ཕྱོགས་སུ་རྒྱང་ལྟ་ཞེས་པའི་བརྗོད་གཞིའི་འོག་བོད་ཀྱི་ཆོས་རིག་དང་། རང་བྱུང་ཁོར་ཡུག་སོགས་ཚུད་པའི་བོད་དོན་ཐད་ཀྱི་འགྲེམ་སྟོན། དེ་བཞིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུ་ཚེ་མཛད་འཕྲིན་སོགས་ཀྱི་སྐོར་ལ་པར་རིས་འགྲེམ་སྟོན་གནང་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ། 

འབྲེལ་ཡོད་གསར་འགྱུར།

Japanese media said the CV-22 Osprey was trying to land at Yakushima Airport when it crashed. photo: GETTY IMAGES
Mobile App

ཨ་རིའི་དམག་དོན་གནམ་གྲུ་ཞིག་བརྡབ་སྐྱོན་བྱུང་། 

ཆུ་ཚོད་ ༡༠ སྔོན་ལ།
བོད་དོན་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་གནང་རྒྱུའི་འབོད་སྐུལ་ཞུས།
Mobile App

བོད་དོན་བསྐྱར་བཅོས་ཁྲིམས་འཆར་གཏན་འབེབས་གནང་རྒྱུའི་འབོད་སྐུལ་ཞུས།

༢༠༢༣/༡༡/༢༨
རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནས་ཟུང་ཆུ་བར་གྱི་མེ་འཁོར་ཤར་གཏོང་བྱེད་མགོ་བཙུགས་འདུག བོད་ཀྱི་དུས་བབ་ཀྱིས་སྒྲིག་བཟོ་བྱས།
Mobile App

རྒྱ་ནག་གཞུང་གིས་ཁྲིན་ཏུའུ་གྲོང་ཁྱེར་ནས་ཟུང་ཆུ་བར་གྱི་མེ་འཁོར་ཤར་གཏོང་བྱེད་མགོ་བཙུགས་འདུག

༢༠༢༣/༡༡/༢༨
Mobile App

སྲིད་སྐྱོང་མཆོག་གིས་ཨ་རིའི་མེ་ནེ་སོ་ཌར་ས་གནས་སུ་འཚམས་གཟིགས་གནང་།

༢༠༢༣/༡༡/༢༧
བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན། 
བོད་ཀྱི་དུས་བབ་གསར་ཁང་གི་པར།
Mobile App

བོད་ཀྱི་གླུ་བ་མགོ་ལོག་དཔལ་ལྡན་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

༢༠༢༣/༡༡/༢༧
Front Slider

ལ་དྭགས་བོད་ཁྱིམ་སློབ་གྲྭར་ཞབས་ལོ་ ༤༠ རིང་སྲི་ཞུ་བསྒྲུབས་པའི་རྒན་ངག་དབང་རྒྱ་མཚོ་ལགས།

༢༠༢༣/༡༡/༢༥

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist