མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཁེ་ན་ཌའི་གྲོས་ཚོགས་ནང་བོད་དོན་རྒྱབ་སྐྱོར་ཤུགས་ཆེན་བྱས་ཡོད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༤
Share on FacebookShare on TwitterShare on EmailShare on Whatsapp

སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་བློན་ཆེན་དང་གྲོས་ཚོགས་འཐུས་མི་རྣམས་ལ་མཇལ་འཕྲད་གནང་ཡོད་པ་མ་ཟད། བོད་དོན་ཐོག་མུ་མཐུད་རྒྱབ་སྐྱོར་བརྟན་པོ་གནང་རྒྱུ་ཡིན་སྐོར་གསུངས་འདུག

ཟླ་འདིའི་ཕྱི་ཚེས་ ༡༥ ནས་ཕྱི་ཟླ་ ༡༢ ཚེས་ ༣ བར་དུ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌ་དང་། ཨ་རི། ཡུ་རོབ་ཁུལ་དུ་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་ཡོད་པ་ལྟར། ཟླ་འདིའི་ཕྱི་ཚེས ༢༢ ཉིན་ཁེ་ན་ཌའི་གྲོས་ཚོགས་ཚོགས་ཁང་དུ། གྲོས་ཚོགས་ཀྱི་ཚོགས་གཙོ་གྷེ་རེག་ཕར་གུ་སི་(Greg Fergus)མཆོག་དབུ་བཞུགས་ཐོག བོད་མིའི་སྒྲིག་འཛུགས་ཀྱི་སྐྱོང་སྤེན་པ་ཚེ་རིང་མཆོག་ཕེབས་བསུ་ཞུས་ཡོད་ཅིང་།  སྐབས་དེར་གྲོས་ཚོགས་འཐུས་མི་ཀེམ་མེ་སི་མཱ་ལོ་ནི་ལགས་ཀྱིས། སྲིད་སྐྱོང་མཆོག་ནི་འཛམ་གླིང་ཁྱོན་ཡོངས་ཀྱི་བོད་མིའི་སྐུ་ཚབ་ཡིན་ཞེས་ནན་བརྗོད་དང་། ཁེ་ན་ཌའི་ནང་གི་བོད་མིའི་ཆོས་དང་རིག་གཞུང་སྐོར། ས་གནས་ཨི་ཌོ་བྷི་ཁོ་ཀེ་(Etobicoke Lakeshore) ཏུ་ཡོད་པའི་གངས་ལྗོངས་ཆོས་ལྡན་གླིང་གིས་བོད་ཀྱི་ཆོས་དང་རིག་གཞུང་རྒྱུན་འཛིན་གནང་བཞིན་ཡིན་པའི་སྐོར། དེ་བཞིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གི་བོད་དོན་འཐབ་རྩོད་ཆེད་སྐུ་ལས་སྐྱོན་བཞིན་ཡོད་པར་བསྔགས་བརྗོད་དང་།བོད་དོན་ཐོག་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུ་ཡིན་སྐོར་སོགས་བརྗོད་འདུག

དེ་བཞིན་ཕྱི་ཚེས་ ༢༢ ཉིན་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་ཝ་རུ། ཁེ་ན་ཌ་གྲོས་ཚོགས་འཐུས་མི་བོད་དོན་རྒྱབ་སྐྱོར་ཚོགས་པའི་གོ་སྒྲིག་འོག སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ལ་ཕེབས་བསུ་སྣེ་ལེན་མཛད་སྒོ་ཞིག་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་ཁེ་ན་ཌ་ཡུལ་མིའི་ལས་དོན་བློན་ཆེན་གྷ་རེ་ནན་ངྷ་སཱན་གྷ་རེ་(Gary Anandasangaree)མཆོག་དང་། དམིགས་བསལ་དགོས་མཁོ་ལྟ་རྟོག་བློན་ཆེན་ཀཱ་མཱལ་ཁེ་རཱ་(Kamal Khera)མཆོག་དང་། ཁྲིམས་དོན་བློན་ཆེན་ཨ་རི་ཧྥི་ཝི་རཱ་ནི་(Arif Virani ) མཆོག མི་མང་བདེ་འཇགས་བློན་ཆེན་ཌོ་མི་ནི་ཁི་ལེ་བྷེ་ལཱན་ཁི་(Dominic LeBlanc) མཆོག གྲོས་ཚོགས་ཀྱི་ཚོགས་གཙོ་གྷེ་རེ་ཁི་ཧྥེར་གུ་སི་(Greg Fergus) མཆོག གྲོས་ཚོགས་འཐུས་མི་ཇེམ་སི་མཱ་ལོ་ནི་(James Maloney) ལགས་དང་ཡུ་ཝན་བྷ་ཀེར་(Yvan Baker)ལགས། བྷེ་རན་མེ་(Bryan May) ལགས། ཧྥི་རེན་སེ་སི་ཀོ་སོར་བྷ་རཱ་(Francesco Sorbara) ལགས་སོགས་བློན་ཆེན་དང་གྲོས་ཚོགས་འཐུས་མི་ཁྱོན་ ༢༦ གིས་མཉམ་ཞུགས་གནང་ཡོད་འདུག

སྐབས་དེར་ཁེ་ན་ཌའི་ཁྲིམས་དོན་བློན་ཆེན་ཨ་རི་ཧྥི་ཝི་རཱ་ནི་མཆོག་གིས། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་དམངས་གཙོ་སྐོར་དང་། བོད་ནང་གི་འགྲོ་བའི་མིའི་ཐོབ་ཐང་གི་གནས་སྟངས་སྐོར་ནན་བརྗོད་བྱས་ཡོད་ཅིང་། ཁེ་ན་ཌའི་གཞུང་ངོས་ནས་བོད་མིའི་སྐད་ཡིག་དང་རིག་གཞུང་གི་ཐོབ་ཐང་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་པ་མ་ཟད། རྒྱ་གར་དང་ཞི་བདེ་རྒྱ་མཚོ་སྲུང་སྐྱོབ་ས་ཁུལ་དུ་བོད་ཀྱང་ཚུད་དགོས་པའི་སྐོར་གསུང་བཤད་གནང་ཡོད་འདུག

སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས། ཁེ་ན་ཌས་བོད་དོན་ཐོག་རྒྱབ་སྐྱོར་བརྟན་པོ་གནང་བར་ཐུགས་རྗེ་ཆེ་ཞུས་ཡོད་པ་དང་། ༸གོང་ས་རྒྱལ་བ་རིན་པོ་མཆོག་གི་སྐུའི་འཕྲོད་བཞེས་སྐོར། བོད་དོན་ཐོག་ཁེ་ན་ཌ་དང་རྒྱལ་ཁབ་མང་པོས་རྒྱབ་སྐྱོར་བྱེད་མུས་ཡིན་པའི་སྐོར། ༸གོང་ས་མཆོག་གི་སྐུའི་ཡང་སྲིད་སྐོར་ལ་རྒྱ་ནག་གཞུང་གིས་ཐེ་གཏོགས་བྱེད་པར་རྒྱལ་སྤྱིའི་ཐོག་ནས་འགོག་དགོས་པའི་སྐོར། ༧གོང་ས་མཆོག་གི་དགོངས་དོན་བཞིན་དབུ་མའི་ལམ་གྱི་ལངས་ཕྱོགས་ལས་བོད་ཀྱི་བདེན་མཐའ་གསལ་དགོས་པའི་སྐོར་སོགས་གསུངས་ཡོད་འདུག

ཕྱི་ཚེས་ ༢༠ ཉིན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་སྲིད་དོན་ཚོགས་པ་(Bloc Québécois) མགོ་ཁྲིད་ཝ་ཡི་སི་ཧྥི་རན་ཀོ་སི་( Yves-François ) ལགས་དང་། གྲོས་ཚོགས་འཐུས་མི་ཨེ་ལེ་སི་བྷི་རུ་ནེ་ལེ་(Alexis Brunelle) ལགས། གྲོས་ཚོགས་འཐུས་མི་ཇུ་ལི་ཝི་གྷ་ནོ་ལཱ་ (Julie Vignola )ལགས་བཅས་དང་མཇལ་འཕྲད་གནང་སྟེ། བོད་ཀྱི་ཆབ་སྲིད་དང་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་སྐོར་གྲོས་མོལ་གནང་ཡོད་འདུག  དེ་བཞིན་སྲིད་སྐྱོང་མཆོག་གིས་ཁེ་ན་ཌའི་སི་བྷི་སི་གསར་ཁང་གི་བཅར་འདྲི་དང་ལེན་བྱས་ཏེ། གསར་འགོད་པ་ཌི་ཝི་དི་ཁོ་ཁ་རཱ་ནེ་ལགས་དང་ལྷན་དུ་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་ལ་གླེང་མོལ་གནང་ཡོད་འདུག

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཁེ་ན་ཌའི་རྒྱལ་ས་ཨོ་ཌ་ཝར་ཕེབས་འབྱོར་བྱུང་ཡོད་ཅིང་། སྐབས་དེར་ཁེ་ན་ཌའི་བོད་དོན་ལྷན་ཚོགས་ཀྱི་ངེས་སྟོན་པ་ཤེས་རབ་མཐར་ཕྱིན་ལགས། ས་གནས་བོད་རིགས་ཚོགས་པ་བཅས་ཀྱིས་ཕེབས་བསུ་ཞུས་འདུག དེ་བཞིན་ཟླ་འདིའི་ཕྱི་ཚེས་ ༡༧  ནས་ཉིན་གསུམ་རིང་ཁེ་ན་ཌའི་ཧཱ་ལི་ཧྥ་སི་གྲོང་ཁྱེར་དུ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཧཱ་ལི་ཧྥ་ཁི་སི་རྒྱལ་སྤྱིའི་བདེ་འཇགས་གླེང་སྟེགས་ནང་ (Halifax International Security Forum) མཉམ་ཞུགས་གནང་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese