མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་ཀྱི་གླུ་བ་མགོ་ལོག་དཔལ་ལྡན་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༢༧
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་གི་གླུ་བ་མགོ་ལོག་དཔལ་ལྡན་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ནས་ད་ལྟ་མགོ་ལོག་པདྨ་རྫོང་གི་བཙོན་ཁང་དུ་ཡོད་འདུག

བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན། བོད་ཀྱི་དུས་བབ་གསར་ཁང་གི་པར།

རྒྱ་ནག་གཞུང་གིས་བོད་ནང་གི་སྒྱུ་རྩལ་བ་དང་རྩོམ་པ་པོ། མཁས་དབང་སོགས་ལ་དམ་དྲག་དང་ནག་ཉེས་སྣ་ཚོགས་གཡོགས་ནས། གང་བྱུང་འཛིན་བཟུང་བཀག་ཉར་དང་བཙན་འཁྲིད་སོགས་བྱས་དང་བྱེད་མུས་ཡིན་པ་ལྟར། ཉེ་ལམ་རྒྱ་ནག་གཞུང་གིས་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་པའི་བོད་ཀྱི་ན་གཞོན་གླུ་བ་མགོ་ལོག་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་ཞིག་བླངས་བར་ཁ་གཡར་ནས་འཛིན་བཟུང་བཙན་ཁྲིད་བྱས་ཏེ། ད་ལྟ་མགོ་ལོག་པདྨ་རྫོང་གི་བཙོན་ཁང་དུ་བཀག་ཉར་གྱིས་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག

འདི་གའི་གསར་འགོད་པར་བོད་ནང་གི་འབྲེལ་ཡོད་བོད་མི་ཞིག་གིས། རྒྱ་ནག་གཞུང་གིས་ཟླ་ཤས་སྔོན་པདྨ་རྫོང་ཡོ་སྟག་གི་གླུ་བ་མགོ་ལོག་དཔལ་ལྡན་ལགས་ཀྱིས་ལ་རྒྱའི་གླུ་ཞིག་བླངས་པའི་ཉེས་མིང་གི་འོག་ནས། འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་མ་ཟད། དུས་ཡུན་གང་འཚམ་ཞིག་ལ་བཀག་ཉར་དང་འདྲི་རྩད་བྱས་པ་བརྒྱུད། གསང་བའི་ཐོག་ནས་ཁོང་ལ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་སྐོར་བརྗོད་བྱུང་།

ཡང་ཁོང་གིས། རྒྱ་ནག་གཞུང་གིས་མགོ་ལོག་དཔལ་ལྡན་ལ་ཁྲིམས་དང་མཐུན་པའི་ཐོག་ནས་ཁྲིམས་བཤེར་བྱས་མེད། སྤྱིར་མགོ་ལོག་པདྨ་རྫོང་དུ་ཁྲིམས་ཁང་ཡོད་ཀྱང་གནད་དོན་དེ་ནི་དམར་ཤོག་ཏང་གི་གནད་དོན་ཞིག་ཏུ་ངོས་འཛིན་གྱིས་མགོ་ལོག་ཁུལ་ཐོག་ནས་ཐག་གཅོད་བྱ་དགོས་སྐོར་བརྗོད་ཡོད་ཀྱང་། མགོ་ལོག་པདྨ་རྫོང་གི་ཉེན་རྟོག་པས་མགོ་ལོག་དཔལ་ལྡན་ལགས་ཀྱི་ནང་མིར་ཁོང་ལ་ལོ་གསུམ་གྱི་ཁྲིམས་ཐག་བཅད་པ་རེད་ཟེར་བ་ཙམ་མ་གཏོགས། ནང་མིར་གཞུང་འབྲེལ་གྱི་ཐོག་ནས་ཁྲིམས་ཐག་བཅད་པའི་ཡིག་ཆ་གང་ཡང་འབྱོར་མེད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

གླུ་བ་མགོ་ལོག་དཔལ་ལྡན་ལགས་ནི་མགོ་ལོག་པདྨ་རྫོང་དྷི་མདའ་ཡུལ་ཚོའི་ཡོ་སྟག་སྡེ་བ་ནས་ཡིན་ཞིང་། ཁོང་ཉིད་རྒྱུན་དུ་ནས་རྡུང་ལེན་སོགས་ལེན་རྒྱུར་དགའ་པོ་ཡོད་ལ། འདས་ལོར་སྨིན་ཐང་གསེར་མོ་འཚོས་གཙོ་སྒྲུབ་བྱས་པའི་རྡུང་ལེན་འགྲན་སྡུར་ཁྲོད་ཨང་རིམ་དྲུག་པ་བླངས་ནས། ཁོང་གི་ལྷད་མེད་པའི་མི་གཤིས་དྭངས་མ་དེར་བོད་ཁམས་སུ་བསྔགས་བརྗོད་བྱེད་མཁན་མང་དག་ཅིག་བྱུང་ཡོད་ལ། འདས་ལོར་ཁོང་གིས་ཨ་མ་དྲན་གླུ་ཞེས་པའི་རྡུང་ལེན་བརྩམས་ཆོས་ཤིག་ཀྱང་དྲ་ལམ་དུ་བཀྲམ་ཡོད་པ་རེད། ད་ལྟ་གླུ་བ་དཔལ་ལྡན་ལགས་ཀྱི་མགྱོགས་འཕྲིན་ལ་རྗེས་འདེད་བྱེད་མཁན་མི་གྲངས་ ༩༨༠༠༠།༥ ལྷག་ཡོད་ཀྱང་། ཁོང་གིས་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༦ རྗེས་ནས་མགྱོགས་འཕྲིན་དྲ་ལམ་དུ་གླུ་དང་པར་སོགས་ཁྱབ་སྤེལ་བྱས་མེད་པ་རེད།

བསྐྱར་བཅོས། དེ་སྔོན་གྱི་གསར་འགྱུར་ནང་མགོ་ལོག་པདྨ་རྫོང་ཐོག་ཏུ་ཁྲིམས་ཁང་མེད་པས་མགོ་ལོག་ཁུལ་ཐོག་ནས་ཁྲིམས་ཐག་གཅོད་དགོས་སྐོར་བྲིས་ཡོད་ཀྱང་། མགོ་ལོག་པདྨ་རྫོང་ཐོག་ཏུ་ཁྲིམས་ཁང་ཡོད་ཀྱང་དཔལ་ལྡན་གྱི་གནད་དོན་དེ་ཚབས་ཆེན་དུ་བརྩིས་ནས་ཁུལ་ཁྲིམས་ཁང་ནས་ཐག་གཅོད་བྱེད་དགོས་སྐོར་བརྗོད་པ་ཞིག་ཡིན་འདུག་པས་བཟོ་བཅོས་བྱས་ཡོད།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

ཆུ་ཚོད་ ༡༢ སྔོན་ལ།
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠
གསར་འགྱུར།

འབའ་ཁྲི་བློ་བཟང་ལུང་རིགས་ལགས་འཛིན་བཟུང་བྱས་འདུག

༢༠༢༦/༠༡/༣༠
གནས་མཆོག་རྡོ་རྗེ་གདན་དུ་ཡོད་པའི་ཞེ་ཆེན་དགོན་དུ་ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་པ། ༢༠༢༥།༡།༢༩ དུས་བབ་གསར་ཁང་གིས་པར་སྒྲིག་སྦྱོར་བྱས།
Mobile App

ནང་པའི་གསར་གཏོད་ཀྱི་ཚོགས་ཆེན་ཐེངས་དང་པོ་འཚོག་བཞིན་འདུག 

༢༠༢༦/༠༡/༢༩

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese