མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ལ་འགྱུར་བ་གང་ཡང་མི་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་ལ་འགྱུར་བ་གང་ཡང་མེད་པར་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ནས་འཚོག་རྒྱུ་ཡིན་འདུག

བོད་མི་མང་སྤྱི་འཐུས་ལྷན་ཁང་། བོད་ཀྱི་དུས་བབ་གསར་ཁང་གི་པར།

ཟླ་འདིའི་ཕྱི་ཚེས་ ༡༩ ཉིན་དབུས་གཙང་དང་མདོ་སྨད་སྤྱི་འཐུས་གྲངས་ ༡༦ དང་ཡུ་རོབ་ཀྱི་སྤྱི་འཐུས་གཉིས་བཅས་ཀྱིས་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་ལས་རིམ་དེ་ཕྱི་ལོ་གསར་པའི་གྲོས་ཚོགས་ཚོགས་དུས་བདུན་པ་བར་འཕར་འགྱངས་བྱ་དགོས་པའི་སྙན་ཞུ་ཕུལ་ཡོད་པ་ལྟར། ཁ་སང་ཕྱི་ཚེས་ ༢༩ ཉིན་སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་སྙན་ཞུ་འབུལ་མཁན་གྱི་སྤྱི་འཐུས་རྣམས་ལ་བསྐུར་བའི་གསལ་བསྒྲགས་ནང་། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དྲུག་པའི་མཇུག་སྐྱོང་གི་ཚོགས་དུས་དེར་ཕར་འགྱངས་གང་ཡང་མེད་པར་སྔར་བཞིན་འདི་ལོའི་ཕྱི་ཟླ་ ༡༢ ཚེས་ ༢༥ ཉིན་ནས་འཚོག་རྒྱུ་ཡིན་པ་དེའང་མང་མོས་ཐག་གཅོད་བྱུང་བ་ཞིག་ཡིན་སྐོར་སོགས་འཁོད་འདུག

སྤྱི་འཐུས་ཚོགས་དྲུང་ལས་ཁུངས་ཀྱིས་སྙན་ཞུ་འབུལ་མཁན་གྱི་སྤྱི་འཐུས་རྣམས་ལ་བསྐུར་བའི་འཕྲིན་ཡིག་ནང་། ཕྱི་ལོ་ ༢༠༢༣ ཟླ་ ༡༡ ཚེས་ ༢༠ འཁོད་ཚོགས་དུས་དྲུག་པའི་མཇུག་སྐྱོང་ཚོགས་དུས་དེ་བཞིན་ཕྱི་ལོའི་ཟླ་གསུམ་པའི་ནང་འཚོགས་ཐབས་ཡོང་བའི་ཡིག་ཐོག་སྙན་ཞུ་གནང་འབྱོར་བྱུང་བ་སྤྱི་འཐུས་རྒྱུན་ལས་ལྷན་ཚོགས་ཐེངས་ ༡༡༩ ཐོག་སྙན་སེང་ཞུས་པར། སྤྱི་འཐུས་རྣམ་པར་ཚོགས་གཙོ་སྦྲེལ་པོས་ཕྱོགས་ཡོངས་ཀྱི་གནས་སྟངས་ལ་བསམ་ཞིབ་ཀྱིས་འཛིན་སྐྱོང་མཉམ་གོ་བསྡུར་དང་། བཅའ་ཁྲིམས་དགོངས་དོན་སྤྱི་འཐུས་རྒྱུན་ལས་རྣམ་པར་གོ་བསྡུར་གྱིས་གྲོས་ཚོགས་ཚོགས་དུས་དྲུག་པ་མཇུག་སྐྱོང་ཚོགས་དུས་འཚོག་རྒྱུའི་ཐག་གཅོད་གཏན་འབེབས་གནང་བ་ཞིག་ཡིན་པས། གསལ་བསྒྲགས་སྔོན་སོང་ལྟར་རང་འཇགས་གནས་རྒྱུའི་མང་མོས་ཐག་གཅོད་གནང་སོང་ཞེས་ཕེབས་སོང་བ་དེ་དོན་དགོངས་མངའ་ཡོང་བ་ཞུ། ཞེས་འཁོད་ཡོད་འདུག

འདི་གའི་གསར་འགོད་པས་བོད་མི་མང་སྤྱི་འཐུས་མི་འགྱུར་རྡོ་རྗེ་ལགས་སུ་འདི་ལོའི་ཟླ ༠༩ ཚེས་ ༢༣ ཉིན་བཞུགས་མོལ་ཚོགས་འདུ་དང་འབྲེལ་བའི་གསར་འགོད་གསལ་བསྒྲགས་ཤིག་གི་ནང་། རྣམ་པ་ཚོས་གྲོས་ཚོགས་ནམ་ཚོགས་ཀྱི་ཚོགས་བརྡར་ངང་སྒུག་བྱེད་བཞིན་ཡོད་སྐོར་གསལ་འདུག་ཀྱང་། ད་ལན་ཕྱིར་འགྱངས་གནང་རོགས་ཞུ་དགོས་དོན་ག་རེ་ཡིན་མིན་སོགས་ཀྱི་ཐད་དྲིས་པར། ཁོང་གིས། དེ་སྔོན་ང་ཚོས་གྲོས་ཚོགས་ཚོགས་རྒྱུར་ཨང་གསར་ཡིན། གྲོས་ཚོགས་ཀྱི་ཚོགས་གཙོ་རྣམ་པས་ག་དུས་བརྡ་ཁྱབ་གནང་བ་ཡིན་ན། ང་ཚོ་བཅར་ཆོག་ཆོག་ཡོད་ཅེས་ཞུས་ཡོད་རེད། དེ་ག་རང་ལ་གསོན་གནས་རེད་མ་གཏོགས་དེ་ལ་འགྱུར་བ་གང་ཡང་ཡོད་པ་མ་རེད། ང་ཚོས་གྲོས་ཚོགས་འཚོགས་ཀྱི་མིན། གྲོས་ཚོགས་འཚོགས་ན་འགྲིག་གི་མི་འདུག་ཅེས་དུས་ནམ་ཡང་ཞུ་ཡི་ཡོད་མ་རེད། ད་ལྟ་གྲོས་ཚོགས་འཚོག་རྒྱུ་དེ་དུས་ཚོད་རན་པོ་ཞིག་མི་འདུག དུས་ཚོད་རན་པོ་མེད་པའི་རྐྱེན་བྱས་ནས་གཞུང་ལ་དཔལ་འབྱོར་གྱི་ཐོག་ནས་དོ་ཕོག་ཅིག་འཕྲད་ཡོང་གི་འདུག་ལ། དེ་སྲི་ཚགས་ལ་འགྲོ་ཡི་མི་འདུག་ཅེས་ཞུས་ཡོད། གང་ལ་ཟེར་ན། ད་ལན་ཚོགས་དུས་དྲུག་པ་དེ་མཇུག་སྐྱོང་གི་ཚོགས་དུས་ཤིག་ཆགས་ཀྱི་ཡོད། དེའི་ནང་ལས་སྡོམ་གྱི་སྐོར་དེ་སྤྱི་འཐུས་རྒྱུན་ལས་ཀྱིས་ཞིབ་ཅིང་ཚགས་པར་ཞིབ་འཇུག་གནང་ནས་དྲི་བ་བཟོས་ཏེ། ཆ་ཚང་འབྲེལ་ཡོད་ལས་ཁུངས་ཀྱི་བཀའ་བློན་ཚོས་བཀའ་ལན་གནང་གྲུབ་པ་ཡིན་པས། ལས་སྡོམ་རྒྱས་པ་འགྲོ་རྒྱུ་ཙམ་ཞིག་མ་གཏོགས། གལ་ཆེ་བ་དང་ཛ་དྲག་གལ་མི་འདུག་པས། གཞུང་གི་དཔལ་འབྱོར་ལ་སྲི་ཚགས་ཀྱི་དགོངས་པ་བཞེས་ནས། ད་ལན་གྱི་མཇུག་སྐྱོང་གི་ཚོགས་འདུ་དེ་ཕྱི་ཟླ་ ༣ པའི་སྔོན་རྩིས་ཚོགས་འདུའི་གོང་ལ་ཉིན་མ་ཁ་ཤས་ཀྱི་སྔོན་ལ་གནང་། དེ་ནས་ཉིན་མ་གཅིག་སྟོང་པ་བཞག དེ་ནས་གྲོས་ཚོགས་ཚོགས་དུས་བདུན་པ་དེར་ཕེབས་ན་ཡག་པོ་ཡོད་པས། དེ་འདྲ་ཞིག་གནང་རོགས་གནང་ཟེར་ནས་འབོད་སྐུལ་ཞུ་ཡི་ཡོད་རེད། ཅེས་གསུངས་བྱུང་།

ཡང་ཁོང་གིས། སྤྱིར་སྤྱི་འཐུས་རྣམས་ལ་གཞུང་གིས་འགྲོ་གྲོན་གནང་གི་ཡོད་ཀྱང་།  ད་ལན་ཕྱི་ལོ་གསར་པ་དང་། ཡི་ཤུའི་འཁྲུངས་སྐར་སོགས་ཁེལ་ཡོད་སྟབས། ཕྱོགས་མཐའ་ཁག་ནས་ཕེབས་མཁན་རྣམས་ཀྱི་གནམ་གྲུའི་འགྲོ་གྲོན་མཐོ་བོར་གྱུར་ཡོད་པས། ཕྱོགས་ཡོངས་ནས་གཟིགས་ཏེ་ཚོགས་དུས་དེ་རེ་ཞིག་ཕར་འགྱངས་བྱས་ནས་ཡག་པོ་ཡོད་སྐོར་དང་། ལྷག་པར་ཕྱི་ཟླ་ ༡༢ ནང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་གནས་མཆོག་རྡོ་རྗེ་གདན་གྱི་མཛད་འཆར་ཁག་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་ཕེབས་དགོས་པ་སོགས་ཀྱི་གནད་དོན་མང་པོ་ཞིག་ལ་གཟིགས་ནས་དུས་འགྱངས་བྱ་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་སོགས་གསུངས་བྱུང་།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨
ནང་སྲིད་ལས་ཁུངས་ཀྱི་ལས་སྡོམ་སྙན་སྒྲོན་སྐབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

རྩིས་ལོ་ ༢༠༢༥-༢༠༢༦ ནང་རུབ་སྡོད་གཞིས་ཁང་གསར་རྒྱག་ཁྲོད་དེབ་བཀོད་ཟིན་པའི་ཁྱིམ་ཚང་གྲངས་ ༢༠༢༥ བྱུང་འདུག 

༢༠༢༦/༠༩/༡༧

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese