མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་དོན་ཁྲིམས་འཆར་ལ་སྤྱི་མོས་ངོས་ལེན་རྒྱབ་སྐྱོར་ཐོབ་པར་དགའ་བསུ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༡/༣༠
Share on FacebookShare on TwitterShare on EmailShare on Whatsapp

ཁ་སང་ཕྱི་ཚེས་ ༢༩ ཉིན་ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་བསྐྱར་བཅོས་ཁྲིམས་འཆར་ཐོག་ཉན་ཞིབ་གནང་སྟེ། སྤྱི་མོས་ཐོག་ནས་ངོས་ལེན་རྒྱབ་སྐྱོར་ཐོབ་ཡོད་པར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དགའ་བསུ་ཞུས་ཡོད་འདུག

House Foreign Affairs Committee approves Tibet-China Conflict bill (Resolve Tibet Bill)

དེ་འབྲེལ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་སྤྱི་མོས་ངོས་ལེན་གནང་བའི་ཁྲིམས་འཆར་དེ་བརྒྱུད། ཨ་རིའི་གཞུང་འབྲེལ་གྱི་སྲིད་ཇུས་ཐོག་ནས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་བམ་མང་གཙོའི་ལམ་ནས་འོས་འདེམས་བྱུང་བའི་བོད་མིའི་དབུ་ཁྲིད་དང་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔོན་རིགས་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུར་རྒྱབ་སྐྱོར་ཡོད་པ་དང་། ཕྱི་ལོ་ ༢༠༡༠ ནས་རྒྱ་གཞུང་གིས་བོད་རྒྱའི་ཞི་མོལ་མཚམས་འཇོག་བྱས་ཡོད་པའི་སྐོར། རྒྱ་ནག་གིས་གནའ་ནས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་དག་ལོ་རྒྱུས་ཀྱི་ཐོག་ནས་དྲང་བདེན་མིན་པ་རྣམས་གསལ་སྟོན་བྱས་ཡོད་པ་མ་ཟད། བོད་རང་སྐྱོང་ལྗོངས་ཟེར་བ་དང་བོད་རིགས་རང་སྐྱོང་ཁུལ་ཟེར་བ་ཚང་མ་བོད་ཅེས་པའི་ཐ་སྙད་ཀྱི་ཁོངས་གཏོགས་ས་ཁུལ་ཡིན་པ་སོགས་གསལ་སྟོན་བྱས་འདུག་ལ། ཁྲིམས་འཆར་ནང་ད་དུང་རྒྱ་ནག་གིས་བོད་ཀྱི་ལོ་རྒྱུས་དང་རིག་གཞུང་། དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་བྱེད་མཚམས་འཇོག་དགོས་སྐོར་སོགས་བརྗོད་འདུག

འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༦ ནས་ ༢༠ བར་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་ (Washington) དུ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་ཁྲིམས་འཆར་དེ་མདུན་སྐྱོད་ཡོང་ཐབས་སུ་ཆེད་ཕེབས་ཀྱིས། ཨ་རིའི་གྲོས་ཚོགས་སྐབས་ ༡༡༨ པའི་ཐོག་ཁྲིམས་འཆར་དེ་གཏན་འབེབས་ཡོང་རྒྱུའི་རེ་བ་ཆེན་པོ་ཡོད་སྐོར་གསུངས་འདུག ད་དུང་སྲིད་སྐྱོང་མཆོག་གིས། རྒྱ་ནག་གཞུང་གིས་བོད་དེ་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་བཤད་པ་དེ་ལོ་རྒྱུས་ཀྱི་དཔང་རྟགས་གང་ཡང་མེད་པས་བདེན་པ་མ་རེད། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་འོག་ནས་ལོ་ངོ་བཅུ་ཕྲག་མང་པོའི་རིང་ང་ཚོ་བོད་མི་རྣམས་སྡུག་སྦྱོང་མནར་གཅོད་ཚད་མེད་མྱངས་ཡོད་ནའང་། ང་ཚོས་དུས་རྟག་ཏུ་འཚེ་བ་མེད་པ་དང་ཞི་བའི་གྲོས་མོལ་གྱི་ལམ་ནས་དཀའ་རྙོག་སེལ་ཐབས་སུ་འབད་བརྩོན་བྱེད་ཀྱི་ཡོད། ཅེས་གསུངས་ཡོད་འདུག

ཡང་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  ཁྲིམས་འཆར་འདིས་ཨ་རིའི་གཞུང་ཕྱོགས་ནས་རྒྱ་ནག་གཞུང་ལ་བོད་རྒྱ་ཞི་མོལ་གནང་དགོས་པའི་སྐུལ་འདེད་བྱས་པ་དང་བསྟུན། བོད་མི་རྣམས་ནས་རང་གི་རྒྱལ་ཁབ་ཀྱི་བདག་དབང་རྩོད་དགོས་པའི་སྐུལ་མ་གཏོང་གི་ཡོད་ཅིང་། ཁྲིམས་འཆར་འདིས་བོད་དོན་ཐོག་ལ་ཕན་ཐོགས་པ་ཙམ་མིན་པར། འཛམ་གླིང་ཡོངས་ཀྱི་མང་གཙོ་དང་གྲོས་མོལ། ཞི་བདེའི་རྩ་དོན་ལ་རྒྱལ་ཁ་ཐོབ་པ་ཞིག་ཆགས་ཀྱི་ཡོད། དེར་བརྟེན། ཨ་རིའི་གྲོས་ཚོགས་གོང་འོག་གཉིས་ཀའི་ནང་གཏན་འབེབས་ཀྱིས་སྲིད་འཛིན་གྱི་མདུན་ལྕོག་སྟེང་བསླེབ་ཐུབ་པའི་གདེང་ཚོད་ཡོད། ཅེས་དང་། ཨ་རིའི་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་སྐུ་ཞབས་མཱ་ཡི་ཀེལ་མེ་ཁོལ་ (Michael McCaul) ལགས་དང་། ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་མི་གྷེ་རི་གྷོ་རི་མིག་སི་ (Gregory Meeks) ལགས་ཀྱི་གཙོས་ཚོགས་མི་རྣམས་ཀྱིས་བོད་དོན་ཁྲིམས་འཆར་ལ་ངོས་ལེན་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་སྐོར་སོགས་གསུངས་འདུག

ཨ་རིའི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གིས་ངོས་ལེན་རྒྱབ་སྐྱོར་ཐོབ་པའི་ཁྲིམས་འཆར་དེའི་ནང་། ཨ་རིའི་གྲོས་ཚོགས་ཀྱི་གཟིགས་ཚུལ་དང་ཨ་རིའི་སྲིད་ཇུས། དགོངས་འཆར་བཅས་རིམ་པ་གསུམ་ཡོད་པའི་ཁྲོད། ཨ་རིའི་གྲོས་ཚོགས་ཀྱི་གཟིགས་ཚུལ་ནི། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་ཚོའི་བར་ཆ་རྐྱེན་གང་ཡང་མེད་པའི་ཐོག་ནས་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ་དང་། ཕྱི་ལོ་ ༢༠༠༢ ནས་ ༢༠༡༠ བར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་ཐེངས་ ༩ བྱས་ཡོད་ཀྱང་བོད་རྒྱའི་དཀའ་རྙོག་སེལ་ཐུབ་མེད་པ་མ་ཟད། ཕྱི་ལོ་ ༢༠༡༠ ཟླ་ ༡ པོ་ནས་བོད་རྒྱ་ཞི་མོལ་མཚམས་ཆད་ཡོད་པ། དེ་བཞིན་རྒྱ་ནག་གཞུང་གིས་བོད་དེ་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་ཡིན་ཚུལ་སོགས་ཆ་རྐྱེན་མང་པོ་བསྐྲུན་པ་དེ་དག་དྲང་བདེན་མིན་པ། རྒྱལ་སྤྱིའི་ཁྲིམས་ལུགས་གཞིར་བཟུང་མི་ཡོངས་ལ་ཆབ་སྲིད་གནས་བབ་ཀྱི་ཐོག་ནས་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད་པ་མ་ཟད། དཔལ་འབྱོར་དང་། སྤྱི་ཚོགས། རིག་གཞུང་གོང་འཕེལ་གཏོང་བར་རང་དབང་ཡོད་པ། ད་དུང་ཨ་རིའི་གཞུང་ནས་བོད་དེ་གནའ་བོའི་ལོ་རྒྱུས་ཀྱི་ཐོག་ནས་རྒྱ་ནག་གི་ཆ་ཤས་མིན་པ་སོགས་གསལ་འདུག

མུ་མཐུད་དུ། ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་སྲིད་ཇུས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་གནང་ནས་ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་མོས། བོད་ཀྱི་སྐད་ཡིག་དང་རིག་གཞུང་། ལོ་རྒྱུས་ཀྱི་ངོ་བོ་སོགས་གོང་སྤེལ་གཏོང་བ་དང་། བོད་མི་རྣམས་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག། ལོ་རྒྱུས་ཀྱི་ངོ་བོ་སོགས་ཡོད་པར་ཁས་ལེན་པ། རྒྱ་ནག་གི་དཔོན་རིགས་ཀྱིས་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་དད་རང་དབང་ཐོག་དྲག་གནོན་ཤུགས་ཆེན་བྱེད་བཞིན་ཡོད་སྐོར་དང་། ཕྱི་ལོ་ ༢༠༠༢ ལོར་གཏན་ལ་ཕབ་པའི་བོད་དོན་རྒྱབ་སྐྱོར་སྲིད་ཇུས་ཀྱི་ཁྲིམས་ཡིག་ལ་བསྐྱར་བཅོས་གནང་སྟེ། ཨ་རིའི་གཞུང་གིས་ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་གྱི་ཁྲིམས་འཆར་ནང་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་ཞི་བའི་གྲོས་མོལ་ཡོང་བར་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་གཞག་གནང་ཡོད་སྐོར་སོགས་འཁོད་འདུག

ཨ་རིའི་སྲིད་ཇུས་ཀྱི་ཐོག་ནས་ངོས་འཛིན་ག་རེ་གནང་གི་ཡོད་པའི་སྐོར་ལ། བོད་མི་རྣམས་ལ་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་། སྐད་ཡིག ལོ་རྒྱུས་བཅས་ཡོད་པར་ངོས་འཛིན་བྱེད་པ་དང་། རྒྱལ་སྤྱིའི་ཁྲིམས་ལུགས་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བཅའ་ཁྲིམས་གཞིར་བཟུང་། ཆ་རྐྱེན་གང་ཡང་མེད་པར་ཞི་བའི་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་དགོས་པ། རྒྱ་ནག་གཞུང་གིས་དགའ་ལྡན་ཕོ་བྲང་ཚུད་པའི་བོད་ཀྱི་ལོ་རྒྱུས་དང་། བོད་མི་དང་སྒྲིག་འཛུགས་ཁག་གི་སྐོར་ལ་འཁྱོག་བརྗོད་དང་ལོག་འགྲེལ་གྱི་དྲིལ་བསྒྲགས་མཚམས་འཇོག་བྱ་དགོས་པ། རྒྱ་ནག་གིས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྤྱི་དམངས་དང་ཆབ་སྲིད་ཀྱི་ཐོབ་ཐང་། རྒྱལ་སྤྱིའི་དཔལ་འབྱོར་དང་སྤྱི་ཚོགས། རིག་གཞུང་བཅས་ཀྱི་ཐོབ་ཐང་གི་སྒྲིག་གཞིར་ཁས་ལེན་དམ་བཅས་པ་བཞིན་མདུན་སྐྱོད་ལག་བསྟར་བྱེད་པའི་སྐུལ་འདེད་གཏོང་བ། ཕྱི་ལོ་ ༢༠༢༠ ལོའི་བོད་དོན་སྲིད་ཇུས་དང་རྒྱབ་སྐྱོར་ཁྲིམས་འཆར་གཞིར་བཟུང་། རྒྱ་ནག་གཞུང་གིས་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་༧གོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་དང་རྒྱ་ནག་གི་དཔོན་རིགས་དབར་གྲོས་མོལ་གྱི་ལམ་ནས་བོད་རྒྱའི་དཀའ་རྙོག་སེལ་རྒྱུའི་སྐུལ་མ་གཏོང་བ་དང་། གཞུང་གཞན་དང་མཉམ་འབྲེལ་གྱིས་གྲོས་མོལ་བྱས་ཏེ་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་དམིགས་ཡུལ་འགྲུབ་དགོས་པ། རྒྱ་ནག་གཞུང་གིས་བོད་མིའི་མངོན་འདོད་ལྟར་བོད་ཀྱི་ཐུན་མོང་མ་ཡིན་པའི་ལོ་རྒྱུས་དང་རིག་གཞུང་། ཆོས། སྐད་ཡིག་སོགས་ལ་བརྩི་མཐོང་བྱ་དགོས་པ་བཅས་ལ་ངོས་འཛིན་གྱི་ཡོད་པ་སོགས་འཁོད་འདུག

ཁྲིམས་འཆར་བསྐྱར་བཅོས་དེའི་ནང་འཁོད་པའི་ཨ་རིའི་གྲོས་ཚོགས་ཀྱི་དགོངས་འཆར་ཞེས་པའི་ནང་། ཁྲིམས་འདིའི་ནང་བོད་ཅེས་པའི་ཐ་སྙད་ཀྱི་ཁྱབ་ཁོངས་ས་ཁུལ་འདི་དག་ཡིན། གཅིག་བོད་རང་སྐྱོང་ལྗོངས་ (Tibetan Autonomous Region) ཟེར་བ་དང་། གཉིས་ཕྱི་ལོ་ ༢༠༡༨ ལོར་རྒྱ་ནག་གཞུང་གིས་བཏགས་པའི་བོད་རང་སྐྱོང་ (Tibetan Autonomous) ས་ཁུལ་ཟེར་བའི་འོག་ཏུ། ཀན་སུའུ་ཞིང་ཆེན་དུ་ཡོད་པའི་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་། དཔའ་རིས་བོད་རིགས་རང་སྐྱོང་རྫོང་། དེ་བཞིན་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཟེར་བ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ། སྐྱེ་རྒུ་མདོ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་ཟེར་བ་བཅས་དང་། སི་ཁྲོན་ཞིང་ཆེན་དུ་ཡོད་པའི་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་དང་། རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ། སྨི་ལི་བོད་རིགས་རང་སྐྱོང་རྫོང་ཟེར་བ། ཡུན་ནན་ཞིང་ཆེན་དུ་ཡོད་པའི་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་ཟེར་བ་བཅས་ལ་གོ་དགོས་ཡོད་ཅེས་གསལ་བོར་བརྗོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༥ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese