མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་མཐར་ཕྱིན་མཛད་སྒོ་འཚོགས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༡
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་པའི་སློབ་ཐོན་པའི་ཁོངས་སུ།  བོད་ཀྱི་སྐད་ཡིག རྩོམ་རིག ལོ་རྒྱུས། ནང་པའི་ལྟ་གྲུབ་བཅས་རིག་ཚན་བཞིའི་ཐོག་འབུམ་རམས་པའི་སློབ་གཉེར་བ་བདུན་བསླབ་པ་མཐར་སོན་བྱུང་འདུག

ཏཱ་ལའི་བླ་མའི་མཐོ་སློབ་ཀྱི་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ། སློབ་སྤྱི་མཆོག་ནས་པར་མཁོ་སྤྲོད་གནང་།

ཁ་སང་རྒྱ་གར་སྦེང་ལོར་ཏཱ་ལའི་བླ་མ་མཐོ་སློབ་ཚོགས་ཁང་དུ། སྐབས་དང་པོའི་འབུམ་རམས་བསླབ་པ་མཐར་སོན་གྱི་མཛད་སྒོ་འཚོགས་ཡོད་ཅིང་། ཚོགས་ཐོག་ཏུ་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་གི་ཡིག་རྒྱུགས་ཚན་པའི་རིག་སྡེ་འགན་འཛིན་འབུམ་རམས་པ་སི་རི་ནི་ཝ་སི་ (Pro.Srinivas Chowdappa)ལགས། དམིགས་བསལ་འབྲེལ་མཐུད་པ་འབུམ་རམས་པ་ཀཱ་རི་གྷར་ (C.S Karigar ) ལགས། བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་ཆོས་ལགས། ཝཱ་ཎ་གཙུག་ལག་སློབ་གཉེར་ཁང་གི་ལོ་རྒྱུས་སློབ་དཔོན་བྱམས་པ་བསམ་གཏན་ལགས། འབུམ་རམས་པ་ལྷག་པ་ཚེ་རིང་ལགས། འབུམ་རམས་པ་རབ་གླིང་བློ་བཟང་རྡོ་རྗེ་ལགས། འབུམ་རམས་པ་ཟུར་བ་སྤེན་པ་རྡོ་རྗེ་ལགས། ས་རཱ་མཐོ་རིམ་སློབ་གཉེར་ཁང་གི་འབུམ་རམས་པ་རྡོ་རྗེ་ཚེ་རིང་ལགས་བཅས་མཐོ་སློབ་ཀྱི་དགེ་སློབ་རྣམས་མཉམ་ཞུགས་གནང་ཡོད་འདུག

སྐབས་དང་པོའི་འབུམ་རམས་པ་བསླབ་པ་མཐར་སོན་གྱི་ནང་དུ་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས། དགེ་བཤེས་བློ་བཟང་དངོས་གྲུབ་ལགས། བསོད་ནམས་རྒྱལ་མཚན་ལགས། ཨ་འབྲུག་དཀོན་མཆོག་ལགས། གཙང་ཕྲུག་སྟོབས་ལགས། སྨན་ཤེར་བློ་གྲོས་ལགས་བཅས་ཡོད་འདུག

འདི་གའི་གསར་འགོད་པས་ཁ་པར་བརྒྱུད་སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་སྐོར་ལ་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་བསྟན་འཛིན་དཔལ་བཟང་ལགས་སུ་བཀའ་འདྲི་ཞུ་སྐབས། ཐེངས་འདིའི་འབུམ་རམས་པའི་བསླབ་པ་མཐར་སོན་གྱི་མཛད་སྒོ་ནི་ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སྐབས་དང་པོའི་འབུམ་རམས་པ་ཆགས་ཀྱི་ཡོད་ཅིང་། བོད་ཕྲུག་ཁྱིམ་སྡེའི་མཐོ་རིམ་སློབ་གཉེར་ཁང་གིས་སློབ་སྦྱོང་གི་རིམ་པ་མཐོ་ཤོས་དེ་ཡིན་པ་མ་ཟད། བོད་ཕྲུག་ཁྱིམ་སྡེའི་སྔོན་འགྲོ་ནས་འབུམ་རམས་པའི་ཤེས་ཡོན་གྱི་གནས་རིམ་བར་དུ་སླེབས་པའི་ལོ་རྒྱུས་ཀྱི་ཉིན་མོ་ཞིག་ཀྱང་ཡིན། ཞེས་བརྗོད་སོང་།

འབུམ་རམས་པའི་བསླབ་གནས་ཀྱི་བྱུང་རིམ་སྐོར་ལ་ཁོང་གིས། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་སློབ་སྤྱི་ཟུར་བ་བུ་མོ་ཚེ་རིང་ལགས་ཀྱིས་སྦེང་ལོར་གཙུག་ལག་སློབ་གཉེར་ཁང་ནས་འབུམ་རམས་པའི་སློབ་དཔོན་གྱི་ལག་འཁྱེར་བཞེས་ཏེ། འབུམ་རམས་པའི་ཉམས་ཞིབ་པ་ ༨ བླངས་ཆོག་པའི་ཆོག་མཆན་ཐོབ་རྗེས། ཕྱི་ལོ་ ༢༠༢༠ ལོ་ནས་བཟུང་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་འབུམ་རམས་པའི་བསླབ་གནས་མགོ་ཚུགས་པ་རེད། ཉེ་ཆར་འབུམ་རམས་པ་རྣམས་ཀྱིས་ཞིབ་འཇུག་གི་དཔྱད་རྩོམ་དང་གཏམ་བཤད་སོགས་ཡོངས་སུ་གྲུབ་སྟེ། ཕྱི་ཟླ་ ༡༡ ཚེས་ ༢༨ ནས་ཉིན་གཉིས་རིང་འབུམ་རམས་པའི་བསླབ་གནས་ཀྱི་མཐའ་མའི་དམ་བཅའ་ཕུལ་བ་རེད། ཅེས་བརྗོད་སོང་།

དེ་བཞིན་ཁོང་གིས། ཐེངས་འདིར་འབུམ་རམས་པ་བདུན་བསླབ་པ་མཐར་སོན་བྱུང་ཐུབ་ཡོད་ཅིང་། དེ་ནི་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། ཨ་མ་རྗེ་བཙུན་པདྨ་ལགས་ཀྱི་མི་ཚེ་ཧྲིལ་བོར་སྐུ་ངལ་བསྐྱོན་པའི་གྲུབ་འབྲས་ཤིག་རེད། ཐེངས་འདིའི་འབུམ་རམས་པའི་བསླབ་པ་མཐར་སོན་ནི་རྒྱལ་སྤྱིའི་ཐོག་ངེས་ལེན་ཡོད་པའི་བསླབ་གནས་ཚད་ལྡན་གྱི་ལག་འཁྱེར་ཞིག་ཆགས་ཡོད་པས། འབུམ་རམས་པ་རྣམ་པ་ཡང་ལག་འཁྱེར་གྱི་ཐོག་ནས་གཞན་དང་མཉམ་དུ་དཔུང་བ་འདྲ་མཉམ་བྱས་ཏེ་འགྲོ་ཐུབ་རེད་ལ། དེ་ནི་བོད་པ་རང་ཉིད་ཀྱི་འཛིན་སྐྱོང་འོག་ཏུ་ཡོད་པའི་མཐོ་རིམ་སློབ་གཉེར་ཁང་ཞིག་ཡིན་པར་སྤོབས་པ་སྐྱེས་པ་ཞིག་རེད། མ་འོངས་བའང་བོད་ཀྱི་གཞོན་སྐྱེས་རྣམས་བོད་རིག་པའི་ཐོག་འབུམ་རམས་པའི་བསླབ་གནས་ཐོག་སློབ་སྦྱོང་བྱ་དགོས་པ་གལ་ཆེན་པོ་རེད། ཅེས་བརྗོད་སོང་།

མཛད་སྒོའི་ཐོག་བོད་ཕྲུག་ཁྱིམ་སྡེའི་སྤྱི་ཁྱབ་འགན་འཛིན་བསོད་ནམས་སྲི་ཆོས་ལགས་ཀྱིས། སྐབས་དང་པོའི་འབུམ་རམས་པའི་བསླབ་པ་མཐར་སོན་མཁན་རྣམས་ནི་མི་ཚེ་ཧྲིལ་བོ་ཤེས་ཡོན་ཐོག་བརྩོན་པ་གནང་ཞིང་། བོད་ཀྱི་སྤྱི་ཚོགས་ནང་དུ་ཞབས་ཞུ་རླབས་ཆེན་སྒྲུབ་མཁན་ཤ་སྟག་རེད། བཀྲ་ཤིས་ཉིན་མོར་བོད་ཕྲུག་ཁྱིམ་སྡེའི་མགོ་ལས་ཡོངས་ཀྱི་ཚབ་ཞུས་ཏེ་འཚམས་འདྲི་ཞུ་རྒྱུ་ཡིན། མ་འོངས་བར་བོད་མི་ཡོངས་ཀྱིས་བོད་ཀྱི་སྐད་ཡིག་དང་རྒྱལ་རབས་ལོ་རྒྱུས་སོགས་ཀྱི་ཐོག་སྦྱངས་བརྩོན་བྱེད་དགོས་ཀྱི་འདུག ད་ལྟའི་ཆར་ང་ཚོའི་སྐབས་སུ་བབ་པའི་དཀའ་ངལ་ནི་མཐུན་རྐྱེན་བཟང་པོ་དང་གོ་སྐབས་ཡག་པོ་ཡོད་ཀྱང་། བོད་པའི་སྤྱི་ཚོགས་ནང་དུ་བོད་ཀྱི་རིག་གཞུང་སོགས་ཀྱི་ཐོག་སློབ་སྦྱོང་བྱེད་པར་མཉམ་ཞུགས་བྱེད་མཁན་ཉུང་ཉུང་ཡིན་པས། བོད་ཀྱི་སྤྱི་ཚོགས་ཡོངས་ནས་གནད་དོན་དེའི་ཐོག་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ཡར་རྒྱས་གཏོང་དགོས་པའི་འབོད་སྐུལ་ཞུ་བཞིན་ཡོད། ཅེས་བརྗོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

 མགོན་པོ་སྐྱིད་ལགས་ཀྱིས་སླར་ཡང་རང་སྲོག་བློས་གཏོང་གིས་ལས་འགུལ་སྤེལ།

ཆུ་ཚོད་ ༢༠ སྔོན་ལ།
ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་ཡེ་ཤུའི་ལྷ་ཁང་གྲགས་ཅན་ MONTSERRAT ནས་གདན་ཞུས་གནང་ལྟར་ཆོས་ཁང་དུ་ཕེབས་ཏེ་ཆོས་ལུགས་འཆམ་མཐུན་དང་འཛམ་གླིང་ཞི་བདེའི་སྐོར་ལ་བཀའ་མོལ་ལྷུག་པོ་གནང་། ༢༠༢༥།༡༡།༠༤ པར་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱི་ངོ་དེབ་ནས་བླངས།
Mobile App

ཀུན་བདེ་གླིང་རྟ་ཚག་རྗེ་སྤྲུལ་རིན་པོ་ཆེ་མཆོག་གིས་ཡུ་རོབ་རྒྱལ་ཁབ་ཁག་ཅིག་ནང་མཛད་འཕྲིན་སྐྱོང་བཞིན་པ།  

༢༠༢༥/༡༡/༠༥
༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེའི་སྐུ་ཚབ་ཞུས་ཏེ་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས་དམངས་གཙོའི་གཟེངས་རྟགས་བཞེས་པ། ༢༠༢༥།༡༡།༤ དྲ་ལམ་གྱི་པར།
Mobile App

འདི་ལོའི་དམངས་གཙོའི་གཟེངས་རྟགས་༧ཀུན་གཟིགས་༸པཎ་ཆེན་རིན་པོ་ཆེ་མཆོག་སོགས་ལ་ཕུལ།

༢༠༢༥/༡༡/༠༥
Aftab Pureval accepts congratulations following his reelection as Mayor of Cincinnati. Photo by Xiaojie Zavon
Mobile App

བོད་རིགས་ཀརྨ་ལགས་སླར་ཡང་ཨ་རིའི་སིན་སིན་ན་ཊི་གྲོང་ཁྱེར་སྤྱི་ཁྱབ་པར་བདམས་ཐོན་བྱུང་།

༢༠༢༥/༡༡/༠༥
Photo Credit: Global Peace Prayer Festival
Mobile App

འབྲུག་གི་འཛམ་གླིང་ཞི་བདེའི་སྨོན་ལམ་ཆེན་མོ་དངོས་སུ་དབུ་འཛུགས་གནང་།

༢༠༢༥/༡༡/༠༤
Setti Warren directed the Harvard Institute of Politics out of the Harvard Kennedy School since 2022. By Claire Yuan
Mobile App

སྲིད་སྐྱོང་མཆོག་གིས་ཧྭ་ཝར་ཌིའི་སྐུ་ཞབས་ཝ་རན་ལགས་འདས་གྲོངས་སུ་ཕྱིན་པར་ཐུགས་གསོ་གནང་།

༢༠༢༥/༡༡/༠༤

མཆན། 1

  1. བསྟན་འཛིན་ཕུན་ཚོགས། says:
    ལོ་ 2 སྔོན།

    ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའའི་འབུམ་རམས་པའི་བསླབ་པ་མཐར་ཕྱིན་སོན་པ་ཡོངས་ལ་འཚམས་འདྲི་དང་། བོད་ཀྱི་སྐད་དང་རིགས་གཞུང་། ལོ་རྒྱུས། ནང་པའི་ལྟ་གྲུབ་གང་གི་ཆ་ནས་བོད་སྤྱི་པའི་ཞབས་འདེགས་ཞུས་ཐུབ་པའི་སྨོན་འདུན་ཞུས། བཀྲིས་བདེ་ལེགས་འབུམ་རམས་པ་རྣམ་པ་ལྷན་རྒྱས་ལ།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese