མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་རྒྱལ་ཁབ་ཁག་ཅིག་གིས་རྒྱ་ནག་གི་ནད་གཞིར་ཡིད་གཟབ་དགོས་པའི་ལམ་སྟོན་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༢
Share on FacebookShare on TwitterShare on EmailShare on Whatsapp

ཉེ་ལམ་ནས་རྒྱ་ནག་གི་བྱིས་པ་མང་པོར་ངོ་རྟགས་མི་ཆོད་པའི་གློ་བའི་ནད་གཞི་ཕོག་མཁན་ཇེ་མང་དུ་ཕྱིན་པ་མ་ཟད། ནད་གཞི་དེའི་ཁྱབ་ཚད་ཤུགས་ཆེན་འགྲོ་བཞིན་ཡོད་པར་བརྟེན། འཛམ་གླིང་གི་རྒྱལ་ཁབ་འགས་ནད་གཞི་དེ་འགོས་ཁྱབ་མི་ཡོང་བ་དང་སྔོན་འགོག་སླད། རྒྱ་ནག་ནང་འགྲིམ་འགྲུལ་མི་བྱེད་པའི་ལམ་སྟོན་གནང་ཡོད་འདུག

Parents wait for their children to be treated for respiratory disease in Chongqing, China.Credit: Costfoto/NurPhoto via Getty

ཁ་སང་ཕྱི་ཚེས་ ༡ ཉིན་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་མར་ཁོ་རུ་བྷིའོ་ (Marco Rubio) དང་། གྲོས་ཚོགས་གོང་མའི་འཐུས་མི་ཇེམ་སི་ཌེ་ཝི་ཌི་ (James David Vance) ལགས། གྲོས་ཚོགས་གོང་མའི་འཐུས་མི་རིཀ་སི་ཀོ་ཊི་ (Rick Scott) ལགས། གྲོས་ཚོགས་གོང་མའི་འཐུས་མི་ཊོ་མི་ (Tommy Tuberville) ལགས། གྲོས་ཚོགས་གོང་མའི་འཐུས་མི་མ་ཡི་ཀི་ (Mike Braun) ལགས་བཅས་ཀྱིས་ཨ་རིའི་སྲིད་འཛིན་རྗོ་བྷའེ་ཌིན་མཆོག་གི་མཚན་ཐོག་ཏུ་ཨ་རྒྱའི་བར་གྱི་འགྲིམ་འགྲུལ་འཕྲལ་དུ་བཀག་སྡོམ་དགོས་པའི་འཕྲིན་ཡིག་ཅིག་བསྐུར་ཡོད་འདུག་ལ། འཕྲིན་ཡིག་དེའི་ནང་དུ། ཉེ་ལམ་རྒྱ་ནག་ནང་ངོ་རྟགས་མི་ཆོད་པའི་གློ་བའི་ནད་གཞི་ཞིག་ཁྱབ་གདལ་དུ་ཤུགས་ཆེན་འགྲོ་དང་འགྲོ་བཞིན་ཡོད་པས། ནད་གཞི་དེའི་འབྱུང་ཁུངས་དང་། ཉེན་ཚབས་ཆེ་ལུགས་སོགས་ཞིབ་ཕྲའི་གནས་ཚུལ་ཁ་གསལ་མ་ཆགས་བར་དུ་ཨ་རི་དང་རྒྱ་ནག་དབར་གྱི་འགྲིམ་འགྲུལ་འཕྲལ་དུ་བཀག་སྡོམ་བྱེད་དགོས་པའི་ནན་སྐུལ་ཞུས་ཡོད་ཅིང་། གལ་སྲིད་འགྲིམ་འགྲུལ་བཀག་སྡོམ་བྱ་ཚེ། ཨ་རིའི་ནང་རྐྱེན་འདས་དང་ཐེམ་སྤང་བཀག་རྒྱ་སོགས་ཀྱི་གནད་དོན་མི་འབྱུང་བའི་རེ་བ་བྱེད་ཀྱི་ཡོད་སྐོར་སོགས་བཀོད་འདུག

ཡང་། ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་ཐའེ་ཝན་གྱི་འཕྲོད་བསྟེན་ལྷན་ཁང་གིས། རྒྱ་ནག་ནང་གློ་བའི་ནད་གཞི་ཁྱབ་གདལ་མུ་མཐུད་དུ་འགྲོ་བཞིན་ཡོད་པར་བརྟེན། ལོ་ན་མཐོ་བ་དང་རྒན་རྒོན། དེ་བཞིན་བྱིས་པ་ཆུང་ཆུང་དང་འཕྲོད་བསྟེན་གྱི་གནས་སྟངས་ཞན་པའི་མི་རྣམས་རྒྱ་ནག་ནང་འགྲིམ་འགྲུལ་མི་བྱེད་པའི་འབོད་སྐུལ་ནན་ཏན་ཞུས་ཡོད་འདུག

དེ་བཞིན། ཕྱི་ཟླ་ ༡༡ ཚེས་ ༢༦ ཉིན་རྒྱ་གར་དབུས་གཞུང་གིས་ཀྱང་། རྒྱ་ནག་ནང་ངོ་རྟགས་མི་འཕྲོད་པའི་གློ་བའི་ནད་གཞི་ཞིག་ཁྱབ་གདལ་ཤུགས་ཆེན་འགྲོ་བཞིན་ཡོད་པ་དང་འབྲེལ་ནས་ཡོངས་ཁྱབ་གསལ་བསྒྲགས་ཤིག་སྤེལ་བའི་ནང་། མི་མང་གི་འཕྲོད་བསྟེན་གྱི་གནས་སྟངས་ཐད་ཞིབ་འཇུག་ངེས་པར་དུ་བྱ་དགོས་པ་དང་། སྨན་ཁང་ཁག་ཏུ་ཉལ་ཁྲི་དང་སྲོག་རླུང་། བརྟག་དཔྱད་ཀྱི་ཡོ་ཆས་སོགས་སྨན་བཅོས་ཀྱི་མཐུན་རྐྱེན་གང་མང་དགོས་པ་སོགས་སྔོན་འགོག་གི་གྲ་སྒྲིག་བྱེད་དགོས་པའི་ལམ་སྟོན་གནང་ཡོད་པ་ལྟར། རྒྱ་གར་གྱི་མངའ་སྡེ་ཀར་ན་ཊ་ཀཱ་ (Karnataka) དང་ཨུ་ཏར་ཁན་ཌི (Uttarakhand)། གྷུ་ཇ་ར་ཏི་ (Gujarat)། ཧར་ཡ་ན་ (Haryana)། ཏ་མིལ་ན་ཌུ་ (Tamil Nadu)། དེ་བཞིན་ར་ཇི་སི་ཐན་ (Rajasthan) དང་ཇར་ཁན་ཌི་ (Jharkhand)། ཨན་དྷ་ར་པ་ར་དྷེ་ཤི་ (Andhra Pradesh) སོགས་ཀྱི་མངའ་སྡེའི་འཕྲོད་བསྟེན་ལས་ཁུངས་ཀྱིས། རྒྱ་ནག་གི་ནད་གཞི་དེ་དང་འབྲེལ་ནས། མང་ཚོགས་ཀྱིས་ཁ་རས་གྱོན་པ་སོགས་སྔོན་འགོག་གི་ཐབས་ལམ་ལག་བསྟར་དགོས་པ་དང་། སྨན་ཁང་ནང་གི་ཉལ་ཁྲི་དང་སྲོག་རླུང་སོགས་གང་མང་གྲ་སྒྲིག་དགོས་པའི་སྔོན་བརྡ་བཏང་ཡོད་འདུག་ལ། ཡུལ་མིའི་ཁྲོད་ངོ་རྟགས་མི་ཆོད་པའི་གློ་བའི་ནད་གཞི་ཕོག་མཁན་ཡོད་མེད་ཐད་ཞིབ་འཇུག་བྱས་དང་བྱེད་མུས་ཡིན་འདུག

འདི་ལོའི་ཕྱི་ཟླ་ ༡༠ པའི་ཟླ་དཀྱིལ་ནས་བཟུང་རྒྱ་ནག་བྱང་ཁུལ་དུ་ཡོད་པའི་བྱིས་པ་ཆུང་ཆུང་ཚོར་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་ཞིག་འགོས་ཁྱབ་ཤུགས་ཆེན་བྱུང་ཡོད་ཅིང་། དེ་ནི་འདས་པའི་ལོ་ངོ་གསུམ་གོང་གི་ཏོག་དབྱིབས་གཉན་རིམས་ཀྱི་ཁྱབ་ཚད་ལས་ཀྱང་རྒྱ་ནག་ནང་ཁྱབ་གདལ་ཆེ་བའི་ནད་གཞི་ཞིག་ཆགས་ཡོད་པར་བརྟེན། ཕྱི་ཟླ་ ༡༡ ཚེས་ ༢༢ ཉིན་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས། རྒྱ་ནག་གཞུང་གིས་ངོས་འཛིན་མི་ཐུབ་པའི་གློ་བའི་ནད་གཞི་དེའི་འབྱུང་རྐྱེན་སོགས་ཞིབ་ཕྲའི་གནས་ཚུལ་མཁོ་སྤྲོད་དགོས་པའི་འབོད་སྐུལ་ཞུས་ཡོད་པ་རེད། གཞན་ཡང་། ད་ལྟའི་ཆར་རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡོད་པའི་ཡན་ལག་སྨན་ཁང་འགའི་ནང་ཉིན་རེར་མི་གྲངས་ ༧༠༠༠ ཙམ་དང་། རྒྱ་ནག་གི་གྲོང་ཁྱེར་ཐེན་ཅིན་དུ་ཡོད་པའི་སྨན་ཁང་དུ་བྱིས་པ་ ༡༣,༠༠༠ ལྷག་སྨན་པར་བསྟེན་གཏུག་བྱེད་བཞིན་པའི་གནས་སྟངས་ཛ་དྲག་ཅན་དུ་གྱུར་ཡོད་འདུག ད་ལྟའི་ཆར་རྒྱ་ནག་གཞུང་ཕྱོགས་ནས་རྒྱ་ནག་ནང་འགྲིམ་འགྲུལ་དང་ཚོང་འབྲེལ་སོགས་བཀག་སྡོམ་བྱས་མེད་ནའང་། རྒྱ་ནག་འཕྲོད་བསྟེན་ལས་ཁུངས་ཀྱིས། ས་གནས་དཔོན་རིགས་རྣམས་ཀྱིས་ཚ་བའི་བརྟག་དཔྱད་ཁང་ (fever clinic) གི་གྲངས་ཚད་མང་དུ་གཏོང་དགོས་པའི་ནན་སྐུལ་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese