མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་སློབ་ཐོན་པ་རྣམས་ལ་མཇལ་ཁ་བསྩལ།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༤
Share on FacebookShare on TwitterShare on EmailShare on Whatsapp

ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་སློབ་ཐོན་པ་རྣམ་པས་བོད་རང་གི་སྐད་ཡིག་ཐོག་ནས་རྒྱལ་སྤྱིའི་ཤེས་ཡོན་གྱི་འཕེལ་རིམ་ལྟར་འབུམ་རམས་པའི་བསླབ་གནས་ཐོབ་པ་དེ་ནི་བོད་ཀྱི་ཤེས་ཡོན་གྱིས་གོམ་པ་ཆེན་པོ་ཞིག་མདུན་དུ་སྤོས་བར་ངོས་འཛིན་གནང་གི་འདུག

པར་འགྲེལ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་སློབ་ཐོན་པ་རྣམས་ལ་མཇལ་ཁ་བསྩལ། ༢༠༢༣།༡༢།༠༤

དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སྐབས་དང་པོའི་འབུམ་རམས་སློབ་ཐོན་པ་བདུན་ལ་མཇལ་ཁ་བསྩལ་ཡོད་པ་དང་། འབུམ་རམས་སློབ་ཐོན་པ་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་ཀྱིས་འདི་ག་བོད་ཀྱི་དུས་བབ་གསར་འགོད་པར། བཙན་བྱོལ་གྱི་སྒྲིག་འཛུགས་ཤིག་གི་ནང་ལོགས་ལ་སོ་སོའི་སྐད་ཡིག་གི་ཐོག་ནས། རྒྱལ་སྤྱིའི་ཤེས་ཡོན་གྱི་འཕེལ་རིམ་ནང་བཞིན་ཕྱིན་ནས་འབུམ་རམས་པའི་སྒྲིག་སྲོལ་གཞིར་བཟུང་རྒྱལ་སྤྱིའི་ཞིབ་འཇུག་གི་དཔྱད་ཐབས་རིག་པ་བེད་སྤྱོད་བཏང་སྟེ། གནའ་རབས་ཀྱི་ལྟ་གྲུབ་དང་། རྩོམ་རིག ལོ་རྒྱུས། དེ་བཞིན་སྐད་བརྡ་དང་། དེང་རབས་ཀྱི་དཔེ་མཛོད་སོགས་ཀྱི་ཐོག་ལ། དེང་དུས་ཀྱི་ཞིབ་འཇུག་གི་དཔྱད་ཐབས་བེད་སྤྱོད་བྱས་ནས་ཐོན་ཐུབ་པ་དེ། ༧རྒྱལ་བ་རིན་པོ་ཆེ་མཆོག་གི་ཤེས་ཡོན་གྱི་གོམ་ཁ་མདུན་དུ་སྤོ་རྒྱུའི་གནའ་དེང་གི་འདབ་གཤོག་གཉིས་ལྡན་སྐྱེད་སྲིང་བྱ་དགོས་པའི་བཀའ་སློབ་ཡང་དང་ཡང་དུ་གནང་བ་ལ་བརྟེན་ནས། བོད་ཁྱིམ་སློབ་གྲྭ་དང་། ཏཱ་ལའི་བླ་མ་མཐོ་སློབ་ཀྱི་དབུ་ཁྲིད་ཚོས་འགན་བླངས་ཏེ། སྐབས་དང་པོ་དེ་ཐོན་པ་དེས་བཙན་བྱོལ་སྒྲིག་འཛུགས་དང་ལྷག་པར་དུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་ཐུགས་རྗེ་བཀའ་དྲིན་ལ་བརྟེན་ནས་བྱུང་སོང་། སྐབས་དང་པོ་ཐོན་པ་ཡིན་ཙང་སྐབས་ཕྱི་མ་དེ་འགྲོ་སྟངས་ཀྱི་ལམ་ཕྱེས་པར་བརྟེན། ང་ཚོས་ཤེས་ཡོན་གྱི་གོམ་པ་ཆེན་པོ་སྤོ་ཐུབ་ཡོད་རེད་བསམ་གྱི་འདུག ཅེས་བརྗོད་བྱུང་།

ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ་འབུམ་རམས་སློབ་ཐོན་པ་སྨན་ཤེར་བློ་གྲོས་ལགས་ཀྱིས། དགའ་ཚོར་ཆེན་པོ་བྱུང་། རྒྱུ་མཚན་ནི། ང་ཚོ་བོད་ཀྱི་སྐད་ཡིག་དང་བོད་རིག་པའི་སྒང་ལ་འབུམ་རམས་པའི་གནས་རིམ་དེ་འདྲ་ཞིག་བསླེབས་པར་མི་རབས་རྒན་པ་མང་པོ་ཞིག་གིས་སྐུ་ལས་བསྐྱོན་པ་དང་། མི་རབས་གཞོན་པ་མང་པོ་ཞིག་གིས་འབད་བརྩོན་བྱས་ཏེ། ད་ལྟ་དངོས་སུ་རྒྱ་གར་ནང་དུ་སོ་སོ་བོད་པ་རང་གི་འཛིན་སྐྱོང་གི་གཙུག་ལག་སློབ་གྲྭ་འདིའི་ནང་དངོས་སུ་ལེགས་འགྲུབ་བྱུང་བ་མ་ཟད། འདིའི་ནང་ཆ་ཤས་ལེན་ཐུབ་པར་ཧ་ཅང་གི་དགའ་པོ་བྱུང་། ཞེས་བརྗོད་བྱུང་།

འབུམ་རམས་སློབ་ཐོན་པ་དགེ་བཤེས་བློ་བཟང་དངོས་གྲུབ་ལགས་ཀྱིས། དེ་རིང་ཚོར་བ་དམིགས་བསལ་ཞིག་འདུག ཕྱོགས་གཅིག་ནས་དེ་རིང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཇལ་ཁ་རག་པ་དང་། ལྷག་དོན་དུ་ངའི་དཔྱད་རྩོམ་འདི་བརྡ་སྤྲོད་གཞུང་ལུགས་རང་དང་འབྲེལ་བ་ཡོད་པ་ཞིག་རེད། དེ་འདྲ་འབྲི་མཁན་ཉུང་ཉུང་རེད། དེར་བརྟེན། ༧གོང་ས་མཆོག་ལ་དཔྱད་རྩོམ་འདི་སྤྱན་འབུལ་ཞུ་སྐབས། ༧གོང་ས་མཆོག་གིས་འགྲིག་ཨ། འགྲིག་ཨ། ཞེས་བཀའ་གནང་སོང་། དེར་བརྟེན་ཚོར་སྣང་སྐྱིད་པོ་བྱུང་། ཞེས་བརྗོད་བྱུང་།

ཉེ་སྔོན་ཕྱི་ཟླ་ ༡༡ ཚེས་ ༣༠ ཉིན་རྒྱ་གར་ལྷོ་ཕྱོགས་སྦེང་ལོར་དུ་རྟེན་གཞི་བྱས་པའི་ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་དུ་སྐབས་དང་པོའི་བོད་ཀྱི་སྐད་ཡིག་དང་རྩོམ་རིག ལོ་རྒྱུས། ནང་པའི་ལྟ་གྲུབ་བཅས་རིག་ཚན་བཞིའི་ཐོག་ནས་འབུམ་རམས་པའི་བསླབ་པ་མཐར་སོན་པའི་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དང་པོའི་འབུམ་རམས་སློབ་ཐོན་པ་རྣམས་ནི་དགེ་བཤེས་རོང་བོ་བློ་བཟང་སྙན་གྲགས་ལགས་དང་། དགེ་བཤེས་བློ་བཟང་སྨོན་ལམ་ལགས། དགེ་བཤེས་བློ་བཟང་དངོས་གྲུབ་ལགས། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་བསོད་ནམས་རྒྱལ་མཚན་ལགས། ཏཱ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་དཔོན་ཨ་འབྲུག་དཀོན་མཆོག་ལགས། ས་རཱ་མཐོ་སློབ་ཀྱི་སློབ་དཔོན་གཙང་ཕྲུག་སྟོབས་ལགས། ནོར་གླིང་མཐོ་སློབ་ཀྱི་སློབ་སྤྱི་ཟུར་པ་སྨན་ཤེར་བློ་གྲོས་ལགས་བཅས་ཡིན་པ་རེད།

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་རང་སྐྱོང་སྲིད་གཞུང་ཟེར་བའི་མགོ་འཁྲིད་ཟུར་པ་ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཐག་བཅད། དྲ་ལམ་གྱི་པར།
Mobile App

ཆེ་དགྲ་ལྷར་ཚེ་བཙོན་གྱི་ཁྲིམས་ཆད་བཅད་འདུག

ཆུ་ཚོད་ ༡༤ སྔོན་ལ།
LG of Ladakh Vinai Kumar Saxena laid the foundation stone of Ladakh’s first Model Border Village at Chumur, under the Vibrant Village Program (VVP) in Changthang district in Eastern Ladakh
Mobile App

རྒྱ་གར་གྱིས་ལ་དྭགས་ཀྱི་མཐའ་མཚམས་སུ་གྲོང་ཚོ་དང་པོ་འཛུགས་སྐྲུན་བྱེད་མགོ་བཙུགས་འདུག

༢༠༢༦/༠༦/༠༥
TT
Mobile App

གྲྭ་འཇམ་དབྱངས་བཀྲ་ཤིས་སླར་ཡང་རྒྱ་ནག་གཞུང་གིས་འཛིན་བཟུང་བཙན་འཁྲིད་བྱས། 

༢༠༢༦/༠༦/༠༥
Mobile App

ཕ་སྤྲེའུ་དང་མ་བྲག་སྲིན་གྱི་གཏམ་རྒྱུད་ལས་མཆེད་པའི་མེས་པོའི་ཞལ་ཆེམས་གླེང་བ།

༢༠༢༦/༠༦/༠༤
TT
Mobile App

ལོ་འཁོར་སྙན་ཐོ་དང་བོད་ནང་གི་ཆོས་དད་རང་དབང་གི་དམིགས་བསལ་སྙན་ཐོ་ཞིག་འདོན་སྤེལ་གནང་སོང་།

༢༠༢༦/༠༦/༠༤
tttt
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་ནས་ཀ་ན་ཊ་ཀའི་སྤྱི་ཁྱབ་བློན་ཆེན་མཆོག་ལ་འཚམས་འདྲིའི་གསུང་འཕྲིན་བསྩལ། 

༢༠༢༦/༠༦/༠༤

མཆན། 1

  1. ཚེ་དཔག་རིག་འཛིན། says:
    ལོ་ 3 སྔོན།

    ཁྱེད་རྣམ་པའི་མཛད་བཟང་ལ་སྤྲོ་སེམས་རབ་ཏུ་འཁོལ་བཞིན་རྗེས་སུ་ཡི་རངས་ཚད་མེད་ཞུ། བོད་མི་རིགས་ཀྱི་བླ་སྲོག་གསོན་པོར་གནས་དགོས་ན་བོད་ཀྱི་རིག་གནས་གཅེས་སྐྱོང་དང་གོང་སྤེལ་གྱི་ལས་ལ་ནམ་ཡང་ཉིན་མཚན་ལྟོས་མེད་ཀྱིས་ཞབས་འདེགས་ཞུ་མཁན་མཁས་དབང་ཁོང་རྣམ་པ་ལྷན་རྒྱས་ལྟ་བུ་ལ་དུས་ནས་དུས་སུ་སྤྱི་སྒེར་ཚང་མས་ཆེ་བསྟོད་དང་ངོས་ལེན་གནང་གལ་ཆེ།།

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese