མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

རྒྱ་གར་གཞུང་དམངས་གཉིས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་གཏང་བར་རྒྱབ་སྐྱོར་གནང་དགོས་པའི་འབོད་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་བའི་ཚོགས་འདུ་བསྡུས་ཏེ་རྒྱ་གར་གཞུང་དམངས་གཉིས་ཀྱིས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་གཏང་བར་རྒྱབ་སྐྱོར་གནང་དགོས་པའི་སྐོར་གྱི་དོན་ཚན་ ༦ ཅན་གྱི་འབོད་སྐུལ་ཞིག་ཞུས་འདུག

༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་བའི་ཚོགས་འདུ་ཞིག་འཚོགས། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༡༢།༠༧

ཁ་སང་ཕྱི་ཚེས་ ༥ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༦ པའི་ཐོག་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་གོ་སྒྲིག་འོག  རྒྱ་གར་རྒྱལ་ས་ལྡི་ལིའི་གྲོས་ཚོགས་ཀྱི་ཚོགས་གཞོན་ཚོགས་ཁང་ (Deputy Speaker hall) དུ་༧ཀུན་གཟིགས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་བའི་ཚོགས་འདུ་འཚོགས་ཡོད་པ་དང་། ཚོགས་ཐོག་ཏུ་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་དང་རྒྱ་གར་གྲོས་ཚོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་(Shri.Sujeet Kumar)མཆོག་དང་། རྒྱ་གར་གྲོས་ཚོགས་འཐུས་མི་ཟུར་པ་སྐུ་ཞབས་(Shri.R.K Khrimey)མཆོག གྲོས་ཚོགས་འཐུས་མི་སྐུ་ཞབས་(Aneel Prasad Hegde)མཆོག་དང་། གྲོས་ཚོགས་འཐུས་མི་(Chandeshwar Prasad)མཆོག རྒྱ་གར་གྲོས་ཚོགས་འཐུས་མི་འཇམ་དབྱངས་ཚེ་རིང་རྣམ་རྒྱལ་མཆོག རྒྱ་གར་རྒྱལ་ཡོངས་ཀྱི་བོད་དོན་རྒྱབ་སྐྱོར་ཚོགས་པ་(Core Group for Tibetan Cause – India)ཡི་ཚོགས་གཙོ་རིན་ཆེན་མཁའ་འགྲོ་(Rinchen Khando Khrimey)མཆོག   དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གི་དབུས་བོད་མི་མང་སྤྱི་འཐུས་གཉིས་དང་། ལ་དྭགས་རི་ལྗོངས་ཡར་རྒྱས་ལྷན་ཚོགས་ཀྱི་སྡེ་དཔོན་བཀྲིས་རྒྱལ་མཚན་མཆོག རྒྱལ་སྤྱིའི་ནང་པའི་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཤར་རྩེའི་མཁན་ཟུར་བྱང་ཆུབ་ཆོས་ལྡན་རིན་པོ་ཆེ།  དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་ཅིག་སྐུ་ཚབ་བཅས་ཚོགས་བཅར་གནང་ཡོད་འདུག

ཚོགས་ཐོག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས།  ༧ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གིས་བོད་དང་བོད་མིའི་ཆེད་དུ་བློས་གཏོང་གནང་བའི་རླབས་ཆེན་གྱི་མཛད་རྗེས་བསྐྱངས་བ་ལ་བརྟེན་ནས། ༧པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ནི་བོད་དང་བོད་མི་རྣམས་ལ་ཧ་ཅང་གལ་ཆེན་དུ་གྱུར་ཡོད་སྟབས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དང་༧པཎ་ཆེན་རིན་པོ་ཆེ་མཆོག་རྣམ་གཉིས་ནི་ཉི་ཟླ་བཞིན་དུ་ངོས་འཛིན་གནང་གི་ཡོད་ཀྱང་། དེང་གི་ཆར་འཛམ་གླིང་གི་བཙོན་པ་ཆུང་ཤོས་སུ་ངོས་འཛིན་བྱས་པའི་༧པན་ཆེན་རིན་པོ་ཆེ་མཆོག་རྒྱ་ནག་གཞུང་གིས་བཙན་ཁྲིད་བྱས་པའི་ཁྲིམས་དང་མི་མཐུན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད་ཅིང་། རྒྱ་ནག་དམར་ཤོག་སྲིད་གཞུང་གིས་གང་མགྱོགས་ཀློད་གྲོལ་གཏང་དགོས་སྐོར་དང་། བོད་ཀྱི་གནད་དོན་དང་ད་ལྟའི་ཛ་དྲག་གི་གནས་སྟངས་ཚུད་པའི་བོད་ནང་གི་བོད་མིའི་གནས་སྟངས་དང་། དེ་བཞིན་བོད་ཀྱི་ས་ཁམས་ཆགས་ཚུལ་སོགས་ཀྱི་ཐད་ནས་ཁྱིམ་མཚེས་རྒྱལ་ཁབ་དང་དེང་གི་འཛམ་གླིང་ལའང་གལ་ཆེན་དུ་གྱུར་ཡོད་སྐོར་སོགས་གསུང་བཤད་གནང་ཡོད་པ་རེད།

Tashi Lhunpo Monastery Appeals to Indian Government to Pressure China into Releasing 11th Panchen Lama of Tibet. Photo: CTA

བྱེས་ཀྱི་གདན་ས་བཀྲ་ཤིས་ལྷུན་པོ་དགོན་པའི་མཁན་པོ་གཟིག་རྒྱབ་རིན་པོ་ཆེ་མཆོག་གིས། བོད་མི་དང་ཧི་མ་ལ་ཡའི་ནང་པ། དེ་བཞིན་འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་དད་མོས་རང་དབང་། བྱིས་པའི་རང་དབང་རྩོད་ལེན་པ་དག་ཚུད་པའི་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་དད་ལྡན་ས་ཡ་མང་པོའི་ཚབ་བྱས་ནས། ངས་ལག་ཟུང་ཐལ་མོ་སྦྱར་ནས་རྒྱ་གར་གྲོས་ཚོགས་དང་མི་མང་གིས་རྒྱ་ནག་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་ཞུ་རྒྱུར་རྒྱབ་སྐྱོར་གནང་བའི་རེ་སྐུལ་ཞུ་ཡི་ཡོད། ཅེས་གསུངས་འདུག 

ད་ལན་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐོར་ལ་གོ་རྟོགས་ལས་འགུལ་སྤེལ་བའི་ཚོགས་འདུའི་སྟེང་། རྒྱ་གར་གཞུང་མང་གཉིས་ཀྱིས་རྒྱབ་སྐྱོར་གནང་དགོས་པའི་དོན་ཚན་དྲུག་ཅན་གྱི་འབོད་སྐུལ་ཞིག་གནང་བའི་ནང། རྒྱ་གར་གཞུང་གིས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གང་མགྱོགས་ཀློད་གྲོལ་སླད། རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དགོས་པ་མ་ཟད། ཁོང་གི་སྐུ་གཟུགས་འཕྲོད་སྦྱོར་སླད། རྒྱ་གར་གཞུང་གི་ཆེས་མཐོའི་མི་སྣ་དག་ཐུག་འཕྲད་གནང་དུ་འཇུག་དགོས་སྐོར། དེ་བཞིན་རྒྱ་གར་གཞུང་གིས་༧པཎ་ཆེན་རིན་པོ་ཆེ་མཆོག་གི་མི་ལོ་ ༢༨ རིང་བཙོན་ཁང་དུ་དཀའ་སྡུག་མྱོང་མུས་ཡིན་པར་ངོས་འཛིན་ཆེད་གཟེངས་རྟགས་དབུལ་དགོས་པ། རྒྱ་གར་གྲོས་ཚོགས་འཐུས་མིའི་མཚན་རྟགས་འཁོད་པའི་ཞུ་གཏུགས་བསྒྲགས་གཏམ་སྤེལ་བ། བྱ་བྲལ་རིན་པོ་ཆེ་སོགས་ཀློད་གྲོལ་གཏང་དགོས་པ་སོགས་ཀྱི་དགོས་འདུན་བཏོན་འདུག

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese