མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་སྟེང་བོད་དོན་གླེང་སློང་དགོས་པའི་རེ་སྐུལ་ཞུས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༦
Share on FacebookShare on TwitterShare on EmailShare on Whatsapp

རྒྱ་ནག་གི་རྒྱལ་ས་པེ་ཅིན་དུ་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐེངས་ ༢༤ པ་འཚོག་རྒྱུ་ཡིན་པས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གིས་ལྷན་ཚོགས་དེའི་སྟེང་ཡུ་རོབ་མཐུན་ཚོགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་ཀྱི་གྲོས་འཆར་ངེས་གཏན་བཟོ་རྒྱུའི་ནན་སྐུལ་ཞུས་ཡོད་འདུག

སང་ཉིན་ཕྱི་ཚེས་ ༧ ནས་ ༨ བར་ཉིན་གྲངས་གཉིས་རིང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་ཐེངས་ ༢༤ པ་འཚོག་རྒྱུ་ཡིན་པ་དང་། ཐེངས་འདིའི་ལྷན་ཚོགས་སྟེང་ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཆཱར་ལེ་སི་ (Charles Michel) མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ལྕམ་ཨུར་སུ་ལ་ (Ursula Von der Leyen) མཆོག ཡུ་རོབ་ཕྱི་སྲིད་དང་བདེ་འཇགས་སྲིད་ཇུས་ཚན་པའི་འཐུས་མི་ཇོ་སི་ཧྥི་བྷོར་རིལ་ (Joseph Borrell) མཆོག་བཅས་དང་། རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་དང་རྒྱ་ནག་གི་སྲིད་བློན་ལི་ཆང་ (Li Qiang) སོགས་མཉམ་ཞུགས་བྱ་རྒྱུ་ཡིན་འདུག ད་ལན་གྱི་ལྷན་ཚོགས་དེ་ནི་ཕྱི་ལོ་ ༢༠༡༩ ནས་བཟུར་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་གཉིས་དངོས་སུ་ཐུག་འཕྲད་བྱས་པ་ཐེངས་དང་པོ་ཡིན་འདུག

དེ་འབྲེལ་ཁ་སང་ཕྱི་ཚེས་ ༥ ཉིན་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཡུ་རོབ་མཐུན་ཚོགས་ཀྱི་སྲིད་ཇུས་འགན་འཛིན་ (ICT’s EU Policy Director) ཝིན་སེན་ཌེ་ (Vincent Metten) ལགས་ཀྱིས། ཨེ་ཤ་ཡའི་ཁུལ་དུ་བོད་ཀྱི་གནད་དོན་གལ་ཆེན་ཞིག་ཏུ་རྩིས་ནས། ཡུ་རོབ་སྤྱི་མཐུན་ལྷན་ཚོགས་ཀྱི་ཚོགས་གཙོ་ཆཱར་ལེ་སི་ (Charles Michel) མཆོག་དང་། ཡུ་རོབ་མཐུན་ཚོགས་ཀྱི་འཛིན་སྐྱོང་ལྷན་ཁང་གི་ཚོགས་གཙོ་ལྕམ་ཨུར་སུ་ལ་ (Ursula Von der Leyen) མཆོག་གཉིས་ཀྱིས་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་དེའི་སྟེང་བོད་ནང་གི་སེལ་མ་ཐུབ་པའི་དཀའ་རྙོག་ཚུད་པའི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡིན་པའི་ཐད་གླེང་སློང་དང་གྲོས་མོལ་གནང་དགོས་པའི་རེ་འདུན་བཏོན་ཡོད་པ་མ་ཟད། རྒྱ་ནག་གཞུང་གིས་བོད་རྒྱ་ཞི་མོལ་སླར་གསོ་གནང་ཐབས་དགོས་སྐོར་ནན་སྐུལ་ཞུས་ཡོད་འདུག

གཞན་ཡང་། ཟླ་འདིའི་ཕྱི་ཚེས་ ༤ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྟ་ཞིབ་ཁང་ (Human Rights Watch) གིས་ཡུ་རོབ་མཐུན་ཚོགས་ལ་རེ་སྐུལ་ཞུ་ཡིག་ཅིག་ཕུལ་བའི་ནང་། རྒྱ་ནག་ནང་ཡུ་རོབ་མཐུན་ཚོགས་དང་རྒྱ་ནག་དབར་གྱི་ལྷན་ཚོགས་འཚོག་རྒྱུ་ཡིན་པས། རྒྱ་ནག་གཞུང་གིས་བོད་དང་ཧོང་ཀོང་། ཤར་ཊུར་ཀི་སི་ཐན་ལ་སོགས་པའི་ནང་དྲག་གནོན་ཚབས་ཆེན་བྱས་དང་བྱེད་མུས་ཡིན་པར་བརྟེན། ཡུ་རོབ་མཐུན་ཚོགས་ཀྱིས་རྒྱ་ནག་གཞུང་དང་ཚོང་འབྲེལ་རྒྱུན་ལྡན་ལྟར་མེད་པའི་གནད་དོན་ཁ་གསལ་བཟོ་དགོས་པའི་སྐུལ་མ་བཏང་འདུག

ཡང་ཞུ་ཡིག་དེའི་ནང་། རྒྱ་ནག་གཞུང་གིས་བོད་ནང་གི་བོད་མི་རྣམས་ལ་དྲག་གནོན་ཤུགས་ཆེན་བྱེད་མུས་ཡིན་པ་དང་། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཇེ་ཞན་དུ་འགྲོ་བཞིན་ཡོད་སྐོར། དེ་བཞིན་བོད་ཀྱི་སྐད་ཡིག་རྩ་མེད་བཟོ་ཐབས་ཀྱི་སྲིད་ཇུས་འདྲ་མིན་ལག་བསྟར་བྱས་ཏེ། བཙན་གྱིས་རྒྱ་སྒྱུར་སློབ་གསོ་སྤྲོད་མུས་ཡིན་པའི་གནད་དོན་དང་། རྒྱ་ནག་གཞུང་གིས་ཤར་ཊུར་ཀི་སི་ཐན་ནང་གི་ཡུ་གུར་བ་དང་། ཁ་ཆེའི་གྲངས་ཉུང་མི་རིགས་རྣམས་འཛིན་བཟུང་བཙན་ཁྲིད་དང་སྡུག་སྦྱོང་མནར་གཅོད་གཏོང་བ། དེ་བཞིན་ཡུལ་མི་དེ་དག་གི་ནང་མི་ཁ་བྲལ་དུ་གཏོང་བ་དང་ལྟ་སྲུང་ནན་པོ་བྱེད་མོས་ཡིན་པ་སོགས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྩིས་མེད་རྡོག་རོལ་བཏང་དང་གཏོང་མུས་ཡིན་པའི་གནད་དོན། ད་དུང་རྒྱ་གཞུང་གིས་ཧོང་ཀོང་རྒྱལ་ཁབ་ཀྱི་བདེ་འཇགས་རྩ་ཁྲིམས་ (Draconian National Security Law) ལག་བསྟར་འོག ཧོང་ཀོང་བའི་རང་དབང་དང་ཐོབ་ཐང་མེད་པ་བཟོ་བ་དང་། རྒྱ་གཞུང་གིས་ཧོང་ཀོང་གི་སྤྱི་ཚོགས་ཁྲོད་དམ་དྲག་ཆེས་ཆེར་བྱེད་མུས་ཡིན་པ་མ་ཟད། ཁྲིམས་ཐོག་ནས་ཡུལ་དེའི་འགྲོ་བ་མིའི་ཐོབ་ཐང་རྩོད་ལེན་པ་རྣམས་ལ་གདུག་རྩུབ་གཏོང་བའི་སྐོར། ད་དུང་ཕྱིའི་རྒྱལ་ཁབ་ཁག་ཏུ་ཡོད་པའི་ཧོང་ཀོང་གི་དམངས་གཙོ་དོན་གཉེར་བ་དང་ཁྲིམས་བཟོ་ལྷན་ཚོགས་ཀྱི་ཚོགས་མི་ཟུར་པ་རྣམས་ལ་རྒྱལ་མཚམས་ལས་བརྒལ་བའི་གནོན་ཤུགས་སྤྲོད་མུས་ཡིན་སྐོར་སོགས་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བསམ་ཚུལ།

སྤེན་པ་ཚེ་རིང་ལ་འོས་ཐོབ་བརྒྱ་ཆ་ ༦༠ ཡན་ལོན་ཡོད་དམ་མེད།

ཆུ་ཚོད་ ༣ སྔོན་ལ།
Front Slider

ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་དང་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟཊ་ཕུལ།

ཆུ་ཚོད་ ༣ སྔོན་ལ།
ཇོ་ནང་གཞིས་བྱེས་གཉིས་ཀྱི་ངོས་ནས་༸གོང་ས་མཆོག་ལ་བཀའ་དྲིན་རྗེས་དྲན་དུ་ཇོ་ནང་ཏཱ་ར་ནཱ་ཐ་གཟེངས་རྟགས་འབུལ་ལམ་ཞུས། ༢༠༢༦།༥།༡ དགའ་ལྡན་ཕོ་བྲང་གི་སྐུ་པར།
༸གོང་ས་མཆོག གསར་འགྱུར།

ཇོ་ནང་གཞིས་བྱེས་གཉིས་ཀྱིས་༧གོང་ས་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུས།

ཆུ་ཚོད་ ༤ སྔོན་ལ།
༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་ནས་གནས་བརྟན་སྡེ་བའི་ལུགས་ཀྱི་ས་ག་ཟླ་བར་འཚམས་འཕྲིན་མཛད།

ཆུ་ཚོད་ ༥ སྔོན་ལ།
Myanmar state TV
State TV broadcast a picture of the Nobel laureate in confinement
Mobile App

ལྕམ་ཨང་སན་སུའུ་སྐྱིད་ལགས་བཟང་བཙོན་དུ་བཞག་ཡོད་ལུགས་བསྒྲགས།  

ཆུ་ཚོད་ ༥ སྔོན་ལ།
Front Slider

གློ་སྒྲིག་གི་ལོ་རྒྱུས་ཀྱི་བྱུང་བ་བརྗོད་པ།

༢༠༢༦/༠༤/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese