མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་སྒོ་འབྱེད་གནང་།

བོད་ཀྱི་དུས་བབ།
༢༠༢༣/༡༢/༠༨
Share on FacebookShare on TwitterShare on EmailShare on Whatsapp

གངས་ཅན་སྐྱིད་གཤོངས་ཀྱི་བོད་ཀྱི་སྨན་རྩིས་ཁང་གི་ཉེ་འགྲམ་དུ་དབུས་རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་གསར་པ་ཞིག་སྒོ་འབྱེད་གནང་།

རྒྱལ་སྤྱིའི་དབུ་མའི་ལམ་ལས་འགུལ་ཁང་གི་ཡིག་ཚང་དབུ་འབྱེད་གནང་།  ནོར་ཝེ་རླུང་འཕྲིན་ཁང་གི་པར།

དེ་རིང་ཕྱི་ཚེས་ ༨ ཉིན་གྱི་ཞོགས་པ་ཆུ་ཚོད་ ༩ པའི་ཐོག་དབུས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ལས་ཁུངས་གསར་པ་སྒོ་འབྱེད་གནང་ཡོད་ཅིང་། མཛད་སྒོའི་ཐོག་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་དང་། དགའ་ལྡན་ཕོ་བྲང་གི་དྲུང་ཆེ་ཡང་སྟེང་རིན་པོ་ཆེ་མཆོག་གིས་དབུས། སྤྱི་འཐུས་ཚོགས་གཞོན་མཆོག་དང་སྤྱི་འཐུས་ཁག་ཅིག དེ་བཞིན་གཞུང་ཁོངས་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ་དང་མི་མང་ཁག་ཅིག་བཅས་འཛོམས་འདུག

སྐབས་དེར་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་དབུ་མའི་ལམ་གྱི་སྲིད་ཇུས་དང་འབྲེལ་ནས། འཛིན་སྐྱོང་བཀའ་ཤག་གིས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་པ་གཞི་ལ་བཞག་པའི་ཐོག་ནས། བོད་རྒྱའི་དཀའ་རྙོག་གཙོ་བོར་གྱུར་བའི་ལས་དོན་བྱ་རྒྱུ་ཡིན་ཞེས་ཞུ་ཡི་ཡོད་ལ། དེ་སྔའང་བཀའ་ཤག་གི་ལངས་ཕྱོགས་དང་ལས་དོན་བྱེད་ཕྱོགས་སོགས་ཀྱི་ཐོག་ལ། སྤྱི་ཚོགས་ནང་གང་འཚམ་ཞིག་ཞུས་ཟིན་པ་ཡིན། ཞེས་དང་། བཀའ་ཤག་སྐབས་བཅུ་དྲུག་པས་བོད་ཀྱི་བྱུང་རབས་ཀྱི་སྐོར་ལ་དོ་སྣང་སྤྲད་དགོས་ཞེས་མང་ཚོགས་ལ་ཞུ་ཡི་ཡོད་ལ། གྲོས་ཚོགས་སུའང་སྙན་གསེང་ཞུས་ཡོད། དེའི་རྒྱུ་མཚན་ཡང་རྒྱ་ནག་གཞུང་ལ་གོ་བརྡ་ཞིག་སྤྲད་དགོས་ཏེ། རྒྱ་ནག་གཞུང་གིས་བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱས་པ་ཡིན་ནའང་། བོད་ཀྱི་ལོ་རྒྱུས་ལ་འཁྱོག་བཤད་བྱེད་ཀྱི་ཡོད་པ་གསལ་སྟོན་དང་། རྒྱལ་སྤྱིའི་སྤྱི་ཚོགས་ནང་བོད་ལ་ལོ་རྒྱུས་ཀྱི་ཐོག་ནས་རང་བཙན་ཡོད་པའི་གནས་བབ་ལ་ངོས་འཛིན་བྱས་པ་བརྒྱུད། དབུ་མའི་ལམ་ལ་གདེང་འཇོག་ཚད་མེད་ཡོང་ཐུབ་རྒྱུ་ཞིག་བྱ་དགོས། དབུ་མའི་ལམ་གྱི་ཐོག་ནས་བོད་རྒྱའི་དཀའ་རྙོག་སེལ་ཐུབ་པའི་ལམ་ཞིག་ཏུ་འགྲོ་དགོས་ཀྱི་ཡོད་པ་རེད།  ཅེས་གསུངས་སོང་།

ཡང་སྲིད་སྐྱོང་མཆོག་གིས། ང་ཚོའི་སྤྱི་ཚོགས་ནང་རང་བཙན་དང་དབུ་མ་ཞེས་རྩོད་ཀྱིན་ཡོད་པ་རེད། དེ་དག་རྩོད་དགོས་པ་ཞིག་མི་འདུག རང་བཙན་རྩོད་དགོས་ནའང་རྒྱ་ནག་གཞུང་ལ་ཕར་ཁ་གཏད་ནས་རྩོད། དབུ་མས་ཀྱང་རྒྱ་ནག་ལ་ཁ་གཏད་ནས་རྩོད། བོད་མིའི་སྒྲིག་འཛུགས་ཀྱིས་དང་བླངས་བོད་དོན་ཞུ་གཏུགས་ལས་འགུལ་ཞེས་པའི་སྡིངས་ཆ་བསྐྲུན་ཡོད་པ་འདི། ང་ཚོས་གང་ཡིན་ཡང་རྩོད་ཆོག་པ་ཞིག་ཡིན་ཡང་། གཞན་ལ་འགྲེལ་བཤད་རྒྱག་སྐབས་དང་པོ་བོད་མིའི་སྒྲིག་འཛུགས་ཀྱིས་གཏན་ལ་ཕབ་པའི་སྲིད་ཇུས་འགྲེལ་བཤད་བརྒྱབ། དེ་ནས་སོ་སོ་སྒེར་གྱི་འདོད་པ་དེ་འདྲ་ཞིག་ཡིན་ཞེས་བཤད་ནའང་སྐྱོན་གང་ཡང་ཡོད་མ་རེད་ལ། འགལ་ཟླར་ཡང་འགྲོ་དགོས་པ་ཞིག་གཏན་ནས་མེད་དེ། དམངས་གཙོ་ཡིན་པའི་ཆ་ནས་བསམ་ཚུལ་མི་འདྲ་བ་ཡོང་བསྡད་པ་དེ་རང་བཞིན་རེད། དེ་ངོས་ཟིན་པའི་ཐོག་ནས་འགྲོ་དགོས་པ་རེད་མ་གཏོགས། ཚང་མ་གཅིག་པ་གཅིག་རྐྱང་ཡོང་གི་རེད་ཟེར་བ་ཁག་པོ་ཞེ་དྲགས་རེད། ཅེས་སོགས་གསུངས་སོང་། 

འདི་གའི་གསར་འགོད་པས་རྒྱལ་སྤྱིའི་དབུ་མའི་ལམ་མི་མང་ལས་འགུལ་ཁང་གི་ཚོགས་གཙོ་དགེ་བཤེས་བློ་བཟང་ཆོས་འཕེལ་ལགས་སུ་ལས་འགུལ་ཁང་གི་མ་འོངས་པར་ལས་གཞི་གསར་པ་དང་འཆར་འགོད་སོགས་གང་ཡོད་མེད་དྲིས་པར། ཁོང་གིས། སྐབས་དང་པོ་ནས་དྲུག་པ་བར་སྤྱི་ཡོངས་ཀྱིས་རྩོམ་ཡིག་འགྲན་སྡུར་དང་བགྲོ་གླེང་། མི་མང་ལ་གོ་རྟོགས་སོགས་སྤེལ་མུས་ཡིན་པའི་ཁྲོད། འདི་ལོར་དབུ་མའི་ལམ་ལས་འགུལ་ཁང་གིས་དབུ་མའི་ལམ་གྱི་བརྗོད་བྱ་རང་གི་ཐོག་ལ་འགྲོ་སོང་མང་དག་ཅིག་བཏང་ནས་རྩོམ་ཡིག་འགྲན་སྡུར་རྒྱ་ཆེན་པོ་ཞིག་བྱས་པ་དེའི་མཇུག་བསྐྱང་སྟེ། རྩོམ་ཡིག་དེ་དག་དེབ་གཟུགས་སུ་དགོད་རྒྱུའི་འཆར་གཞི་དང་། དཔེ་དེབ་དེ་དག་ཀྱང་འཛམ་གླིང་ས་ཕྱོགས་མང་དག་ཅིག་ཏུ་འགྲེམས་སྤེལ་བྱ་རྒྱུ། རྒྱ་བལ་འབྲུག་གསུམ་གཙོས་ས་གནས་གཞན་དུ་ཕྱིན་ནས། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་དགོངས་པ་ལས་འཁྲུངས་པའི་དབུ་མའི་ལམ་གྱི་སྲིད་ཇུས་སྐོར་ལ་གོ་རྟོགས་མང་ཙམ་སྤེལ་རྒྱུའི་མཚོན་པའི་རྒྱུན་ལས་གསར་འདེམས་དང་ཕྱོགས་སྐྱོད་བྱ་རྒྱུའི་འཆར་གཞི་ཡོད་སྐོར་སོགས་འགྲེལ་བརྗོད་གནང་བྱུང་།

ཡང་འདི་གའི་གསར་འགོད་པས་ཕྱོགས་སྐྱོད་གནང་བའི་བརྒྱུད་རིམ་ཁྲོད་བོད་མི་ཚོར་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ལ་གོ་རྟོགས་གང་འདྲ་ཡོད་མེད་དྲིས་པར། ཁོང་གིས། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐད་ནས་གོ་རྟོགས་ཧ་ཅང་དམན་པོ་ཡིན་ཡང་། མི་རབས་རྒན་པ་ཚོར་དབུ་མའི་ལམ་གྱི་སྲིད་ཇུས་དེ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་རླབས་ཆེན་གྱི་དགོངས་པ་ཡིན་པའི་སྒྲོམ་གཞི་མདོར་བསྡུས་ཤིག་ཤེས་ཀྱི་འདུག ཡིན་ཡང་། དབུ་མའི་ལམ་གྱི་སྲིད་ཇུས་དེ་ལྟ་གྲུབ་ཅིག་དང་རིག་པའི་གཞུང་ལུགས་ཤིག་ཡིན་པས་དེའི་ཐོག་མི་རབས་རྒན་པ་ཚོ་ལའང་གོ་རྟོགས་དམན་པོ་ཡིན་སྐོར་དང་། བཙན་བྱོལ་གྱི་བོད་པའི་ན་གཞོན་དང་ལྷག་པར་སློབ་གྲྭ་དང་མཐོ་སློབ་སོགས་སུ་འགྲིམ་མུས་ཡིན་པའི་ན་གཞོན་རྣམས་ལ་གོ་རྟོགས་དམན་པོ་ཡིན་ཡང་། ན་གཞོན་དེ་དག་ལ་གཞི་རྩའི་སློབ་སྦྱོང་ཡོད་པས་དབུ་མའི་ལམ་གྱི་སྐོར་གོ་རྟོགས་སྤེལ་ཚེ་གོ་བ་བླང་རྒྱུ་དང་ངོ་སྤྲོད་བྱ་རྒྱུ་ལས་སླ་པོ་ཡོད་སྐོར་སོགས་འགྲེལ་བརྗོད་གནང་སོང་། 

གསར་འགོད་པ། དཔལ་ལྡན། 

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་
Mobile App

ཨོ་གླིང་གི་གྲོས་ཚོགས་གོང་མའི་འཐུས་མི་བྷར་བྷ་ར་ལགས་ཀྱིས་༸གོང་ས་མཆོག་ལ་འཚམས་འདྲི་ཞུས།

ཆུ་ཚོད་ ༡༢ སྔོན་ལ།
Mobile App

ཨ་རིས་བོད་མི་རྣམས་ལ་ཨ་སྒོར་ས་ཡ་ ༢༣ རོགས་དངུལ་བཀའ་འཁྲོལ་གཏན་འབེབས་བྱས།

ཆུ་ཚོད་ ༡༣ སྔོན་ལ།
Mobile App

དྷ་ས་ནས་རྒྱ་མི་ཞིག་གསང་ཉུལ་བའི་དོགས་གཞིའི་འོག་འཛིན་བཟུང་བྱས་འདུག

༢༠༢༦/༠༢/༠༣
Meditation: Reflections of His Holiness the Dalai Lama, featuring Amjad Ali Khan, Amaan Ali Bangash, Ayaan Ali Bangash, and Kabir Sehgal, has earned a Grammy nomination for Best Audio Book, Narration & Storytelling Recording
༧གོང་ས་མཆོག གསུང་འཕྲིན།

༸གོང་ས་མཆོག་ལ་གྷི་རེ་མི་ཡི་གཟེངས་རྟགས་ཐོབ།

༢༠༢༦/༠༢/༠༢
Mobile App

བཙན་བྱོལ་བོད་མིའི་སྲིད་སྤྱི་གཉིས་ཀྱི་སྔོན་འགྲོའི་འོས་བླུག་བཞིན་པ།

༢༠༢༦/༠༢/༠༡
Mobile App

བོད་ནི་གནའ་སྔ་མོ་ནས་རྒྱ་ནག་གི་ཆ་ཤིས་མིན་ཞེས་པའི་དཔེ་དེབ་ཅིག་དབུ་འབྱེད་བྱས་འདུག

༢༠༢༦/༠༡/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese