མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཡུ་རོབ་ནང་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་གྱི་ཐང་གའི་འགྲེམས་སྟོན་འཚོག་བཞིན་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་ཡུ་རོབ་རྒྱལ་ཁབ་སི་པན་ནང་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་ཐང་གའི་ལམ་ནས་འགྲེམས་སྟོན་གནང་གིན་འདུག

སི་པེན་བོད་ཁང་དུ་ཐང་གའི་འགྲེམས་སྟོན་གྱི་ཉིན་དང་པོར་ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་དང་། ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས། འགུལ་རིས་པ་བསྟན་འཛིན་ཉི་སྒྲོན་ལགས་བཅས་ཀྱིས་གསུང་བཤད་དང་མགུར་ལེན་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༢།༡༢

ཁ་སང་ཕྱི་ཚེས་ ༡༢ ཉིན་གྱི་དགོང་མོའི་ཆུ་ཚོད་ ༧།༣༠ སྟེང་ཡུ་རོབ་རྒྱལ་ཁབ་སི་པེན་གྱི་གྲོང་ཁྱེར་བྷར་སི་ལོ་ནའི་བོད་ཁང་དུ་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་ལོ་གཉིས་ལྷག་རིང་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་ཐང་གའི་འགྲེམས་སྟོན་ཞིག་མགོ་འཛུགས་གནང་ཡོད་འདུག་ལ། འགྲེམས་སྟོན་དེ་ཟླ་འདིའི་ཕྱི་ཚེས་ ༡༢ ནས་ཕྱི་ལོ་ ༢༠༢༤ ཟླ་ ༡ ཚེས་ ༡ དབར་ཉིན་གྲངས་ ༢༠ རིང་སི་པེན་གྱི་བྷར་སི་ལོ་ན་བོད་ཁང་དུ་འཚོག་བཞིན་ཡོད་འདུག

ད་ལན་གྱི་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་ཐང་གའི་ལམ་ནས་འགྲེམས་སྟོན་དབུ་འཛུགས་ཉིན་གྱི་མཛད་སྒོའི་སྟེང་། ཡུ་རོབ་སྤྱི་འཐུས་ཐུབ་བསྟན་དབང་ཆེན་ལགས་ཀྱིས་སི་པེན་གྱི་སྐད་ཡིག་ནང་གཏམ་བཤད་སྤེལ་ཡོད་ཅིང་། ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་སྐོར་ལ་ངོ་སྤྲོད་དང་། འགུལ་རིས་པ་བསྟན་འཛིན་ཉི་སྒྲོན་ལགས་ཀྱིས་མི་ལ་རས་པའི་མགུར་ཁག་ཅིག་ངག་ལམ་ནས་བླངས་པ་སོགས་བྱས་ཡོད་པ་མ་ཟད། ཕྱི་གླིང་བའི་ཡུལ་མི་དང་ས་གནས་བོད་མི་ཁག་ཅིག་བཅས་འགྲེམས་སྟོན་ནང་མཉམ་ཞུགས་གནང་ཡོད་འདུག

དེ་འབྲེལ་དེ་རིང་འདི་གའི་གསར་འགོད་པས་ཁ་པར་བརྒྱུད་ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་སུ་འགྲེམས་སྟོན་འདི་འཚོགས་པའི་དམིགས་ཡུལ་གཙོ་བོ་ག་རེ་ཡིན་སྐོར་དྲིས་པར་ཁོང་གིས། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་ནས་བོད་ཀྱི་གྲུབ་ཆེན་མི་ལ་རས་པའི་མཛད་པ་འཕྲིན་ལས་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་བྲིས་ཡོད་པ་དེ་དག་ཕྱིའི་རྒྱལ་ཁབ་ཏུ་གོ་རྟོགས་སྤེལ་རྒྱུ་དང་། ང་ཚོའི་བོད་ལ་རྣལ་འབྱོར་བ་མང་པོ་བྱུང་ཡོད་པ་དེའི་ནང་ནས་གཙོ་བོ་མཆོག་ཏུ་གྱུར་བ་དེ་རྗེ་བཙུན་མི་ལ་རས་པ་ཡིན་པར་བརྟེན། ཁོང་གི་རྣམ་ཐར་དང་ཐང་གའི་རིག་གཞུང་། སྒོམ་སྒྲུབ་ཉམས་ལེན་གྱི་བརྒྱུད་རིམ་སོགས་འཛམ་གླིང་ས་ཕྱོགས་གང་སར་སྟོན་རྒྱུའི་ཆེད་དུ་འགྲེམས་སྟོན་འདི་གོ་སྒྲིག་ཞུས་པ་ཡིན། ཞེས་བརྗོད་བྱུང་།

མ་འོངས་པར་འགྲེམས་སྟོན་དེ་དང་འབྲེལ་ནས་ས་གནས་གཞན་ལ་སྐོར་སྐྱོད་ཀྱི་ལས་རིམ་འཚོག་འཆར་ཡོད་མེད་ཐད་ལ་ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས། ད་ལྟའི་ཆར་མི་ལ་རས་པའི་མཛད་རྣམ་ཐང་གའི་ལམ་ནས་འགྲེམས་སྟོན་འཚོག་བཞིན་པ་དེ་སི་པན་རྒྱལ་ཁབ་མ་གཏོགས་འཛམ་གླིང་གི་རྒྱལ་ཁབ་གཞན་དུ་སྟོན་རྒྱུའི་འཆར་གཞི་མེད། འོན་ཀྱང་། མ་འོངས་པར་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཁ་ཕྱོགས་ཏེ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་འདི་འཛམ་གླིང་ནང་གོ་རྟོགས་སྤེལ་སླད། བཟོ་རིག་པའི་སྐོར་དང་ཐང་གའི་བྱུང་རིམ་དང་ལོ་རྒྱུས། ཐང་ག་ལ་རྒྱུ་ཆ་གང་ཚང་དགོས་པ་སོགས་ངོ་སྤྲོད་བྱ་རྒྱུ་དང་ཆབས་ཅིག རྣལ་འབྱོར་བ་རྗེ་བཙུན་མི་ལ་རས་པའི་ལོ་རྒྱུས་དང་ཁོང་གི་མཛད་པ་འཕྲིན་ལས་གང་དང་གང་བསྐྱངས་ཡོད་པ་སོགས་ཀྱི་བརྒྱུད་རིམ་གྱི་ཐང་ག་ཁྱོན་ ༨༠༠ ལྷག་བྲིས་ཡོད་པར་བརྟེན། ཐང་ག་དེའི་བརྒྱུད་ནས་བོད་ཀྱི་སྲོལ་རྒྱུན་གྱི་ཐང་བྲིས་སྒྱུ་རྩལ་དང་བོད་ཀྱི་རྣལ་འབྱོར་བ་ཆེན་པོ་རྗེ་བཙུན་མི་ལ་རས་པའི་མཛད་པ་འཕྲིན་ལས་སོགས་སྒྱུ་རྩལ་གྱི་ལམ་ནས་འཛམ་གླིང་ཡོངས་ལ་གོ་རྟོགས་སྤེལ་འཆར་ཡོད་སྐོར་སོགས་བརྗོད་བྱུང་།

འདི་ལོའི་ཕྱི་ཟླ་ ༧ ཚེས་ ༥ ཉིན་བཞུགས་སྒར་གཙུག་ལག་ཁང་གི་ཉེ་འགྲམ་དུ་ཡོད་པའི་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་གླིང་གིས་ལོ་གཉིས་ལྷག་རིང་རྗེ་བཙུན་མི་ལ་རས་པའི་མཛད་རྣམ་ཐང་གའི་ལམ་དུ་འབྲི་བཞེང་བྱས་པ་ལེགས་འགྲུབ་བྱུང་བའི་འགྲེམས་སྟོན་མཛད་སྒོ་འཚོགས་ཡོད་ཅིང་། སྐབས་དེར་ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས། བོད་ཀྱི་ཐང་ག་འཛམ་གླིང་དུ་ངོ་སྤྲོད་བྱ་རྒྱུ་དང་། ལྷག་པར་བོད་ཀྱི་གྲུབ་ཆེན་མི་ལ་རས་པའི་མཛད་པ་འཕྲིན་ལས་ཐང་གའི་སྒྱུ་རྩལ་གྱི་ལམ་ནས་བོད་ཀྱི་གཞོན་སྐྱེས་རྣམས་ལ་དོ་སྣང་ཡོང་ཆེད་དུ་ཡིན་སྐོར་སོགས་འགྲེལ་བརྗོད་གནང་འདུག་ལ། འགྲེམས་སྟོན་གྱི་མཛད་སྒོའི་སྟེང་སྐུ་མགྲོན་གཙོ་བོ་བོད་མི་མང་སྤྱིི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་མཆོག་དང་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་རྣམ་གཉིས་དང་། དྷ་སའི་སེར་སྐྱ་མི་མང་ཁག་ཅིག་དང་གསར་འགོད་པ་སོགས་མཉམ་ཞུགས་གནང་ཡོད་འདུག

ལྷ་རིས་པ་སྐལ་བཟང་དམ་ཆོས་ལགས་ཀྱིས་རྗེ་བཙུན་མི་ལའི་མཛད་རྣམ་ཐང་གའི་འགྲེམས་སྟོན་ངོ་སྤྲོད་གནང་བཞིན་པ། དུས་བབ་ཀྱི་པར། ༢༠༢༣།༡༢།༡༢

ལྷ་བྲིས་པ་སྐལ་བཟང་དམ་ཆོས་ལགས་ནི་ལོ་ན་ཆུང་དུས་ཕ་མ་དང་དགོན་པ་སོགས་བོད་ཀྱི་རི་མོ་དང་ཐང་ག་འབྲི་བའི་ཁོར་ཡུག་ཅིག་ནས་འཚར་ལོངས་བྱུང་ཞིང་། ཁོར་ཡུག་དེའི་བག་ཆགས་ཁྲོད་ཆུང་བྱིས་པའི་དུས་ནས་རི་མོ་འབྲི་རྒྱུར་ཧ་ཅང་དགའ་པོ་ཡོད་མཁན་ཞིག་ཏུ་གྱུར། ཕྱིས་སུ་རྒྱ་གར་ནང་བསླེབས་རྗེས། ཁོང་གིས་བཙན་བྱོལ་གྱི་འཚོ་བའི་དཀའ་སྡུག་གི་གཡུལ་ས་ནས་རང་ཉིད་ཀྱི་ཕུགས་འདུན་དང་དགའ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ལྷ་བྲིས་འཛིན་གྲྭར་ཟུར་ཞུགས་དང་རང་སྦྱོང་ལ་བརྟེན་ནས་བོད་ཀྱི་ལྷ་བྲིས་སྒྱུ་རྩལ་རིག་གནས་ལ་སློབ་གཉེར་བྱས་པ་དང་། ད་ལྟ་ཁོང་གིས་བཞུགས་སྒར་དྷ་རམ་ས་ལར་སྐལ་བཟང་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་དར་སྤེལ་ཁང་ཞེས་པ་ཞིག་དང་། སྐལ་བཟང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་འགྲེམ་ཚོང་ཁང་ཞེས་པ་གཉིས་བཙུགས་ཡོད་པ་དང་། མ་འོངས་པར་སྐལ་བཟང་བོད་ཀྱི་ཐང་བྲིས་སྒྱུ་རྩལ་འགྲེམ་ཚོང་ཁང་དེ་བོད་ཀྱི་ཐང་བྲིས་སྒྱུ་རྩལ་རིག་གནས་འགྲེམས་སྟོན་ཁང་ཞིག་ཏུ་འཕེལ་རྒྱས་བཏང་སྟེ། ལོ་རྒྱུས་རང་བཞིན་ལྡན་པའི་གནའ་དེང་གི་བོད་ཀྱི་སྲོལ་རྒྱུན་ཐང་བྲིས་སྒྱུ་རྩལ་རིག་གནས་མི་ཉམས་རྒྱུན་འཛིན་དང་དར་ཁྱབ་གཏོང་ཐབས་སུ་འབད་བརྩོན་བྱེད་བཞིན་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

ལས་འགུལ་བ་སྐལ་བཟང་མཐར་ཕྱིན་ལགས། པར་ཁོང་གི་ངོ་དེབ་ལས་བླངས།
Mobile App

ཀ་ཁ་ག་ང་རྣམ་པར་རྒྱལ་གྱུར་ཅིག་ཅེས་པའི་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་ཀྱི་ཞི་བའི་གོམ་བགྲོད་མཚམས་འཇོག་བྱས། 

ཆུ་ཚོད་ ༡༧ སྔོན་ལ།
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

དཔའ་བོ་རང་བཙན་བློ་དགའ་ལགས་ཀྱིས་རང་ལུས་མེར་བསྲེགས་ཏེ་སྐུ་གྲོངས་ནས་ཞག་ཞེ་དགུའི་ཉིན་མོ་སྲུང་གཙི་ཞུས། 

༢༠༢༦/༠༨/༢༠
པར་འགྲེལ། དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Mobile App

འཛམ་གླིང་ས་ཕྱོགས་གང་སར་ངོ་རྒོལ་གྱི་ལས་འགུལ་སྤེལ།

༢༠༢༦/༠༨/༢༠
དྷ་སར་བཀའ་སྤྱི་གཉིས་ཀྱིས་ལས་འགུལ་སྤེལ་སྐབས། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༨།༢༠
Editorials

ལེའུ་གསར་པ་འདིའི་མཇུག་སྐྱོང་མཁན་ནི་ང་ཚོ་ཡིན།

༢༠༢༦/༠༨/༢༠
Mobile App

རྒྱ་ནག་གི་སྒྱུ་རྩལ་བ་གྲགས་ཅན་ཞིག་ལ་འདྲི་ཞིབ་བྱེད་ཀྱི་འདུག

༢༠༢༦/༠༨/༡༩
The expanded list bars Pentagon-funded researchers from collaborating with listed institutions or using their equipment under new rules. Photo: Handout
Mobile App

ཨ་རིས་རྒྱ་ནག་གི་མཉམ་འབྲེལ་ཞིབ་འཇུག་ལས་དོན་ལ་དོགས་ཟོན་བྱ་དགོས་པའི་བཀོད་ཁྱབ་བཏང་།

༢༠༢༦/༠༨/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese