མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

བོད་རིགས་གངས་ཤུད་རྩེད་འགྲན་པ་གསུམ་ལ་གསེར་གྱི་བྱ་དགའ་ཐོབ་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༣
Share on FacebookShare on TwitterShare on EmailShare on Whatsapp

འདི་ལོའི་འཛམ་གླིང་ན་གཞོན་བུམ་པ་རྟགས་མའི་གངས་ཤུད་རྩེད་འགྲན་ཁྲོད་བོད་རིགས་རྩེད་འགྲན་པ་གཡུ་སྒྲོན་ལྷ་མོ་དང་བུ་མོ་ཨ་ཉི་ལགས། ཚེ་རིང་གཡུ་སྒྲོན་ལགས་བཅས་ལ་གསེར་གྱི་བྱ་དགའ་ཐོབ་འདུག

བོད་རིགས་གངས་ཤུད་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་དང་གཡུ་སྒྲོན་ལྷ་མོ་གཉིས། པར། SkiMoStats

ཉེ་ཆར་ཧྥ་རན་སི་རྒྱལ་ཁབ་ཀྱི་མེ་རི་བྷེལ་(Méribel) གངས་ཤུད་ས་ཁུལ་དུ། རྒྱལ་སྤྱིའི་གངས་ཤུད་རྩེད་འགྲན་ལྷན་ཚོགས་ (International Ski Mountaineering Federation) ཀྱི་གོ་སྒྲིག་འོག ཕྱི་ལོ་ ༢༠༢༣ ནས་ ༢༠༢༤ ལོའི་བར་གྱི་འཛམ་གླིང་ན་གཞོན་བུམ་པ་རྟགས་མའི་གངས་ཤུད་རྩེད་འགྲན་འཚོགས་ཡོད་པའི་ཁྲོད་དུ།  བོད་རིགས་རྩེད་འགྲན་པ་གཡུ་སྒྲོན་ལྷ་མོ་ལགས་ལ་ལོ་ ༢༠ མན་གྱི་བུ་མོའི་རྩེད་འགྲན་ནང་ཐག་ཉེ་བའི་འགྲན་བསྡུར་གྱི་གསེར་གྱི་བྱ་དགའ་དང་སྒེར་གྱི་རྒྱང་རྒྱུག་འགྲན་བསྡུར་ནང་དངུལ་གྱི་བྱ་དགའ་ཐོབ་ཡོད་ཅིང་། བུ་མོ་ཨ་ཉི་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་གྱི་ཐག་ཉེ་འགྲན་བསྡུར་ནང་གསེར་གྱི་བྱ་དགའ་དང་། སྒེར་གྱི་རྒྱང་རྒྱུག་འགྲན་བསྡུར་ནང་ཟངས་ཀྱི་བྱ་དགའ་ཐོབ་འདུག  དེ་བཞིན་ཚེ་རིང་གཡུ་སྒྲོན་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ཁྲོད་སྒེར་གྱི་རྒྱང་རྒྱུག་འགྲན་བསྡུར་གྱི་ནང་དུ་གསེར་གྱི་བྱ་དགའ་ཐོབ་འདུག  ཐེངས་འདིའི་གངས་ཤུད་རྩེད་འགྲན་ནང་ཧྥ་རན་སི་དང་།  ཨེ་ཊ་ལི། ཨོ་གླིང་། འཇར་མན། སི་པན་སོགས་རྒྱལ་ཁབ་ ༡༢ ཀྱི་རྩེད་འགྲན་པ་ ༡༠༠ ལྷག་ཙམ་མཉམ་ཞུགས་གནང་ཡོད་འདུག

ཡང་། འདི་ལོའི་ཕྱི་ཟླ་ ༢ ཚེས་ ༡༡ ཉིན་ནས་ཉིན་གཉིས་རིང་ཡུ་རོབ་ཀྱི་རྒྱལ་ཁབ་ཨི་ཊ་ལི་རུ། ཐོག་མར་འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རྩེད་འགྲན་འཚོགས་ཡོད་ཅིང་། སྐབས་དེར་བོད་རིགས་རྩེད་འགྲན་པ་ཚེ་བརྟན་གཡུ་སྒྲོན་ལགས་ལ་ལོ་ ༡༨ མན་གྱི་བུ་མོའི་རྩེད་འགྲན་ནང་ཨང་དང་པོ་ཐོབ་ཡོད་པ་དང་། ལོ་ ༡༦ མན་གྱི་སྐྱེས་པའི་རྩེད་འགྲན་ནང་བོད་རིགས་རྩེད་འགྲན་པ་ཀུན་བཟང་རྣམ་རྒྱལ་ལགས་ལ་གསེར་གྱི་རྟགས་མ་དང་། དངོས་གྲུབ་ཚེ་རིང་ལགས་ལ་དངུལ་གྱི་རྟགས་མ་ཐོབ་ཡོད་པ་མ་ཟད།  ལོ་ ༡༦ མན་གྱི་བུ་མོའི་འགྲན་བསྡུར་ཁྲོད་ནམ་མཁའ་བུ་ཁྲིད་ལགས་ལ་ཨང་གཉིས་པ་བཅས་ཐོབ་འདུག

དེ་བཞིན་ལོ་ ༡༦ མན་གྱི་བུ་མོའི་འགྲན་སྡུར་ནང་ཨ་ཉི་བུ་མོ་ལ་ཨང་བཞི་པ་དང་། ལོ་ ༢༠ མན་གྱི་བུ་མོའི་རྩེད་འགྲན་ཁྲོད་བསོད་ནམས་ཆོས་སྒྲོན་ལགས་ལ་ཨང་བཞི་པ། གཡུ་སྒྲོན་ལྷ་མོ་ལགས་ལ་ཨང་ལྔ་པ་བཅས་ཐོབ་ཡོད་འདུག་ལ། སྐབས་དེར་འཛམ་གླིང་གི་རྒྱལ་ཁབ་ཧྥ་རན་སི་དང་། ནོར་ཝེ། རྒྱ་ནག་སོགས་རྒྱལ་ཁབ་ ༡༢ ཀྱི་རྩེད་འགྲན་པ་མི་གྲངས་ ༡༢༠ ལྷག་གིས་འཛུལ་ཞུགས་བྱས་ཡོད་འདུག

འཛམ་གླིང་བུམ་པ་རྟགས་མའི་ན་གཞོན་གངས་ཤུད་རྩེད་འགྲན་འདི་ནི་ཕྱི་ལོ་ ༢༠༢༡ ལོའི་ཟླ་ ༧ པར་ཨོ་རྩལ་ལྷན་ཚོགས་ཀྱིས་གཏན་འབེབས་བྱས་ཤིང་། ཕྱི་ལོ་ ༢༠༢༦ ལོའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ཆེད་བཙུགས་པའི་ལས་གཞི་གསར་པ་ཞིག་ཡིན་འདུག འདས་ལོའི་ཕྱི་ཟླ་ ༥ ནང་རྒྱལ་ཁབ་ཁག་གི་རྩེད་འགྲན་པ་རྣམས་འདེམས་ཐོན་བྱུང་སྟེ། ཡུ་རོབ་ཏུ་རྩེད་འགྲན་དངོས་སུ་སྦྱོང་བརྡར་བྱེད་མགོ་བཙུགས་ཡོད་འདུག

ཕྱི་ལོ་ ༢༠༢༡ ལོར་རྒྱ་ནག་གི་རི་ཁུལ་རྒྱང་རྒྱུག་འགྲན་བསྡུར་བསྡུས་ཏེ་སྤྱི་ལེ་ ༤༢ དང་སྤྱི་ལེ་ ༢༡ གི་མི་སྒེར་གྱི་ལུས་རྩལ་འགྲན་བསྡུར་བྱས་ཡོད་པ་དང་། བུད་མེད་ཀྱི་རྒྱང་རྒྱུག་ཁྲོད་བོད་རིགས་བུ་མོ་ཚེ་བརྟན་གཡུ་སྒྲོན་ལགས་ཀྱིས་དུས་ཡུན་ཆུ་ཚོད་ ༡ དང་སྐར་མ་ ༣༩ དང་སྐར་ཆ་ ༣༤ ནང་སྤྱི་ལེ་ ༢༡ གི་རྒྱང་རྒྱུག་འགྲན་སྡུར་ཁྲོད་ཨང་དང་པོ་ཐོབ་འདུག་ལ།   བུ་མོ་ཨ་ཉི་ལགས་ལ་རི་ཁུལ་རྒྱང་རྒྱུག་ནང་ཨང་ལྔ་པ་དང་། གནམ་གང་བུ་ཁྲིད་ལགས་ལ་ཨང་བདུན་པ་བཅས་ཐོབ་ཡོད་འདུག

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese