མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མི་དང་མིའི་བར་གྱི་བརྩེ་བ་འཛིན་རྒྱུ་གལ་ཆེན་ཡིན་པ་ལས་དབང་ཡོད་བྱེད་པའི་དུས་ཚོད་ཡོལ་བ་རེད།

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༤
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་གིས་བྱང་ཆུབ་སེམས་ཀྱི་ཉམས་ལེན་གྱིས་ལུས་སེམས་གཉིས་ཀར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད།  ཚེ་བསྒྲུབ་བྱེད་པའི་ཐབས་ལམ་ཡག་ཤོས་དེ་ཡིན། ཞེས་གསུངས་སོང་།

༧གོང་ས་མཆོག་གིས་ནུབ་བྷང་གྷལ་ས་ལུ་སྒར་སྲད་རྒྱུད་གྲྭ་ཚང་དུ་གསུང་ཆོས་བསྩལ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༡༢།༡༤

དེ་རིང་ཕྱི་ཚེས་༡༤ ཉིན་གྱི་སྔ་དྲོའི་ཆུ་ཚོད་ ༨།༠༠ ཐོག་རྒྱ་གར་ནུབ་བྷང་གྷལ་ས་ལུ་སྒར་དུ་ཡོད་པའི་སྲད་རྒྱུད་གྲྭ་ཚང་དུ། ༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས་སེམས་བསྐྱེད་ཀྱི་གསུང་ཆོས་སྩལ་སྐབས། དེ་རིང་རྒྱ་གར་ཤར་ཕྱོགས་ཀྱི་མི་མང་རྣམས་ལ་ཐུག་འཕྲད་བྱས་ཏེ་ཆོས་འབྲེལ་སོགས་བྱུང་བར་ཡག་པོ་ཞེ་དྲགས་བྱུང་། ས་ཐག་རིང་ཡང་ངོས་རང་གི་གཟུགས་པོ་མ་བདེ་བ་གང་ཡང་མ་བྱུང་། འབྲས་ལྗོངས་ཁུལ་གྱི་སེར་སྐྱ་མི་མང་རྣམས་དད་འདུན་བརྩེ་གཅིག་ཡིན་པ་ཧ་ཅང་ཡག་པོ་བྱུང་། ངོས་ཀྱིས་སློབ་སྦྱོང་ལ་དོ་སྣང་བྱ་དགོས་པའི་འབོད་སྐུལ་ཞུས་པ་ཡིན། སྤྱིར་ཆོས་དད་བྱེད་མིན་སོ་སོའི་རང་དབང་རེད། ཆོས་བྱེད་པ་ཡིན་ཚེ་ཆོས་ཀྱི་འགྲོ་སྟངས་གང་འདྲ་ཡིན་མིན་ཤེས་དགོས་པའི་ནན་སྐུལ་ཞུས་ཡོད། འབྲས་ལྗོངས་མི་མང་གིས་དགའ་བོ་ཞེ་དྲགས་བྱེད་ཀྱི་འདུག་ལ། ངོས་ཀྱི་གཟུགས་པོའང་བདེ་ཐག་ཆོད་བྱུང་།

རང་བཞིན་དོན་ནི་རབ་སྒྲུབ་ཕྱིར།། བྱང་ཆུབ་སེམས་ནི་བསྐྱེད་པ་བགྱི། ཞེས་པ་དེ་ང་ཚོས་ཉིན་ལྟར་འདོན་གྱི་ཡོད་པ་ལྟར་གཞན་དོན་བསྒྲུབ་པ་དང་། རང་དོན་སེམས་ཀྱི་ཞི་བདེ། ལུས་ཀྱི་འཕྲོད་བསྟེན་སོགས་བསྒྲུབ་པར་བྱང་ཆུབ་ཀྱི་སེམས་རེད། བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་བཏང་ཚེ་གཞན་ལ་ཕན་པ་དང་། རང་ཉིད་ཀྱི་འཕྲོད་བསྟེན་སོགས་ལ་ཕན་ཐོགས་འདུག ངོས་རང་གིས་ཞོགས་པ་ཡར་ལངས་པ་དང་མཉམ་དུ། ཐོག་མར་རྟེན་འབྲེལ་བསྟོད་པ་བཏོན་ནས་རྟེན་འབྱུང་དེ་ཁོ་ན་ཉིད་སེམས་ལ་དྲན་པ་བྱས་པ་ཡིན། དེ་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་བཏང་དུས། སེམས་ཀྱི་ཞི་བདེ་ལ་བསྟེན་ནས་ལུས་ཀྱི་འབྱུང་བ་ཐམས་ཅད་སྙོམས་པའི་ཕན་ཐོགས་འདུག དམིགས་བསལ་སྨན་ཟ་དགོས་པ་གང་ཡང་མེད། གཟུགས་པོ་ལྷོད་ལྷོད་བྱས་ཏེ་སྡོད་ཀྱི་འདུག ཆོས་ཟེར་དུས་འདོན་པ་བཏོན་པ་དང་། ཚོགས་འཚོགས་པའི་སྲོལ་ལ་གོ་རྒྱུ་མེད། ཆོས་ཟེར་བ་དེ་སོ་སོའི་བསམ་བློ་བཏང་ནས་མ་འདུལ་བ་འདུལ་བར་བྱེད་པ་དང་། མ་ཞི་བ་དེ་ཞི་བར་བྱེད་དགོས། འགོག་བདེན་སོགས་ལམ་སང་བསམ་བློ་འཁོར་མི་ཐུབ་མོད། སེམས་འགྱུར་བ་འགྲོ་ཐུབ་པ་དེ་སུ་ཡིན་རུང་བསམ་བློ་གཏོང་དགོས་པ་ཞིག་ཆགས་ཡོད། ཅེས་གསུངས།

ཡང་༧གོང་ས་མཆོག་གིས། ངོས་རང་རྒྱ་གར་ཤར་ཕྱོགས་འབྲས་ལྗོངས་ཁུལ་དུ་ཕྱིན་པ་ཡིན། ཡུལ་མི་རྣམས་ལ་དངོས་གནས་དད་པ་འདུག ནང་པའི་ཆོས་ཟེར་དུས་ཞབས་བརྟན་བྱེད་པ་དང་། རྔ་བརྡུང་བ། སྦུགས་དཀྲོལ་བ་སོགས་མ་རེད། སངས་རྒྱས་ཀྱི་ཆོས་ཟེར་དུས་བསམ་བློ་བཏང་ནས་ཡོང་རྒྱུ་ཞིག་རེད། བློ་སྦྱངས་ཏེ་སེམས་ལ་མ་རུང་བ་བྱེད་མཁན་གྱི་ཉོན་མོངས་དུག་གསུམ་ངོ་ཤེས་དགོས་པ་དང་། ཉོན་མོངས་པའི་ལྡོག་ཕྱོགས་ཀྱི་བློ་ལ་རིམ་བཞིན་གོམས་ཏེ། ཉོན་མོངས་ཤུགས་ཆུང་དུ་གཏོང་བ་ནི་སངས་རྒྱས་ཆོས་ཀྱི་ཐུན་མོང་མ་ཡིན་པའི་འགྲོ་སྟངས་ཤིག་རེད། དེང་སང་འཛམ་གླིང་དུའང་ཕན་ཐོགས་ཀྱི་འདུག དེང་སྐབས་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་ཞིག་བཤད་ཀྱི་ཡོད། ང་ཚོ་མིའི་སྤྱི་ཚོགས་ནང་དུ་སྡོད་སྐབས་བརྩེ་བ་ཡོད་ན་ཕན་ཚུན་འཆམ་མཐུན་དང་། དཀའ་ངལ་སེལ་རོགས་བྱ་རྒྱུ་གལ་ཆེན་པོ་རེད། ངོས་ཀྱིས་རྟག་པར་ཆོས་ལུགས་དང་མ་འབྲེལ་བའི་བཟང་སྤྱོད་ཟེར་བ་དེ་བོད་པའི་སྤྱི་ཚོགས་གཅིག་པོའི་ནང་དུ་མིན་པར་རྒྱ་གར་དང་ཕྱི་རྒྱལ་ཁག་ཏུའང་དེ་ལྟར་བཤད་ཀྱི་ཡོད། ཆོས་དད་ཡོད་མེད་ལ་མ་བལྟས་པར་སེམས་པ་བཟང་པོ་བྱ་རྒྱུ་གལ་ཆེན་པོ་རེད། ཅེས་གསུངས་སོང་།

༧མགོན་པོ་གང་ཉིད་མཆོག་གིས། མི་ཚེ་ནི་ཐོག་མར་ཨ་མའི་འོ་མ་སྦྱིན་པ་ནས་བཟུང་མགོ་ཚུགས་པ་དང་། བདེ་སྐྱིད་ནི་ཨ་མའི་བྱམས་བརྩེ་འོག་ནས་བྱུང་བ་རེད། མི་ཚེ་གང་བོར་ཨ་མའི་བྱམས་བརྩེའི་འོག་ནས་གཅེས་སྐྱོང་བྱས་པའི་ཚོར་བ་ཉམས་པ་མེད་པར་གནས་དགོས། ཆོས་ཁས་ལེན་མིན་ལ་མ་བལྟས་པར་མི་ཚེ་གང་བོའི་ནང་དུ་སེམས་པ་བཟང་པོ་བྱ་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ང་ཚོས་འཛམ་གླིང་ཞི་བདེ་ཟེར་གྱི་ཡོད་ཀྱང་། ང་དང་ཁྱོད་ཀྱི་ཕྱོགས་ཞེན་གྱི་ཐོག་ནས་གོ་མཚོན་བེད་སྤྱོད་བྱས་ཏེ་འཁྲུག་འཛིང་བྱུང་ཡོད། དེང་སང་འཛམ་གླིང་ཐོག་གོ་མཚོན་བཀག་སྡོམ་བྱེད་པར་དོ་སྣང་གསར་བ་ཞིག་བྱུང་ཡོད། གཙོ་བོ་སེམས་རྒྱུད་ཀྱི་ང་རྒྱལ་དང་། ཕྲག་དོག ཞེ་སྡང་སོགས་ཤུགས་ཆུང་དུ་གཏོང་ཐུབ་ཚེ། དོན་དང་མཐུན་པའི་ཞི་བདེ་ཡོང་ཐུབ་ཀྱི་རེད། ཆོས་ལུགས་འདྲ་མིན་ལྟ་གྲུབ་སོགས་སྣ་ཚོགས་པ་ཡོད་ཀྱང་ཞི་བདེ་ཁ་གཅིག་གྲགས་སུ་འདོད་ཀྱི་ཡོད། སེམས་སུ་ཞི་བདེ་དང་། ཆགས་སྡང་གི་བློ་ཉུང་དུ་བཏང་ན་གོ་མཚོན་དགོས་ཀྱི་མེད་པ་རེད། ངའི་མི་ཚེ་ནང་དུ་ཆ་བཞག་ཀྱང་འཛམ་གླིང་དམག་ཆེན་དང་པོ་དང་གཉིས་པ་བརྒྱབ་ཡོད། དམག་ཆེན་གསུམ་པ་རྒྱལ་ཁབ་མང་པོས་གྲ་སྒྲིག་བྱས་ཏེ་བསྡད་པ་རེད། ང་ཚོའི་ཨ་མས་བསྐྱངས་པའི་བྱམས་བརྩེ་ལ་ཤེས་ཡོན་སྡེ་ཚན་ནས་དོ་སྣང་བྱ་དགོས་པ་ཞིག་རེད། ཞི་བདེ་ཟེར་བ་དེ་སེམས་ཀྱི་ཞི་བདེར་གོ་དགོས་པ་གལ་ཆེན་རེད། འཛམ་གླིང་ཐོག་གི་མི་ཚང་མ་ཨ་མའི་བྱམས་བརྩེ་འོག་ཏུ་འཚར་ལོངས་བྱུང་བ་གཅིག་ཡིན་པ་དང་། མིའི་སྤྱི་ཚོགས་འདི་བྱམས་བརྩེ་ལྡན་པའི་སྤྱི་ཚོགས་ཤིག་ཆགས་པའི་ཆ་རྐྱེན་ཚང་ཡོད། མི་གཅིག་གྱུར་གྱི་འདུ་ཤེས་ཐོག་ནས་མི་དང་མིའི་བར་གྱི་བརྩེ་བ་འཛིན་རྒྱུ་གལ་ཆེན་པོ་རེད་ལ།  མི་དང་མིའི་བར་དུ་དབང་ཡོད་བྱེད་པའི་དུས་ཚོད་ཡོལ་བ་རེད། ཅེས་གསུངས།

ཡང་མགོན་པོ་གང་ཉིད་མཆོག་གིས། ང་ཚོ་མི་གཅིག་གྱུར་ཡིན་ཡང་རྒྱལ་ཁབ་མི་འདྲ་བ་དང་ལམ་ལུགས་མི་འདྲ་བའི་ཐོག་ནས་ཕྱོགས་ཁག་ཏུ་དབྱེ་བཞིན་ཡོད་པ་ནོར་འཁྲུལ་རེད། ང་ཚོས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག སེམས་ཅན་ཐམས་ཅད་ཉེ་རིང་ཆགས་སྡང་གཉིས་དང་བྲལ་བའི་བཏང་སྙོམས་ལ་གནས་བར་གྱུར་ཅིག་ཅེས་འདོན་བཞིན་ཡོད་པ་མ་ཟད། དེ་ལྟར་བསམ་བློ་གཏོང་པའི་ནུས་པ་ཆེན་པོ་རེད། མི་གཅིག་གྱུར་གྱི་འདུ་ཤེས་ཀྱི་ཐོག་ཕན་ཚུན་རོགས་རམ་བྱ་རྒྱུ་མ་གཏོགས། ཕྱོགས་ཞེན་བྱེད་པའི་དུས་ཚོད་རྫོགས་པ་རེད། འཛམ་གླིང་ཞི་བདེ་ཟེར་བ་དེ་གནམ་ནས་འབབ་རྒྱུ་མེད་ཅིང་། ས་ནས་སྐྱེ་རྒྱུའང་མེད། ཞི་བདེ་བསྐྲུན་མཁན་མི་ཡིན་པ་རེད། མིའང་དང་པོ་ཉིད་ནས་ཞི་བདེ་སྐྲུན་མཁན་ཞིག་མ་རེད། མི་ནི་བྱམས་བརྩེའི་རང་བཞིན་ལྡན་པ་ཞིག་རེད། སེམས་ཀྱི་ཞི་བདེར་དོ་སྣང་མ་བྱས་པར་ཕྱི་དངོས་པོའི་སྟོབས་ཤུགས་ལ་བསམ་བློ་གཏོང་བཞིན་ཡོད། མི་གཅིག་གྱུར་ཐོག་ནས་ཀུན་ལ་ཕན་བདེ་བསྒྲུབ་པ་གལ་ཆེན་པོ་རེད། ཅེས་གསུངས།

མཇུག་ཏུ། ངོས་རང་ལ་ཆ་བཞག་ན་བྱང་ཆུབ་ཀྱི་སེམས་སྒོམ་པ་དེ་ངོས་ཀྱིས་ཉམས་ལེན་གྱི་གཙོ་བོ་ཆགས་ཡོད་ཅིང་། དེའི་རང་བཞིན་གྱིས་སེམས་ལ་ཞི་བདེ་ཡོང་བ་དང་། འཕྲོད་བསྟེན་གྱི་ཐོག་ཕན་ཐོགས་ཆེན་པོ་རེད་ལ། ཚེ་བསྒྲུབ་ཡག་ཤོས་དེ་རེད། ངོས་རང་ལ་ཁྱེད་ཚོས་ཏཱ་ལའི་བླ་མ་ཟེར་ནས་དགའ་བོ་བྱེད་ཀྱི་ཡོད། ངོས་ལ་དགའ་བོ་ཡོད་ན་གཞན་ཕན་གྱི་བློ་སྦྱོང་རྒྱུ་ཧ་ཅང་གལ་ཆེན་པོ་རེད། ངོས་རང་གིས་བྱང་ཆུབ་ཀྱི་སེམས་སྒོམ་ཡོད་པས་སེམས་ཞི་བདེར་རང་བཞིན་གྱིས་གནས་བསྡད་ཡོད། སུ་དང་འགྲོགས་ཀྱང་བྱམས་བརྩེ་མ་གཏོགས་ཕྲག་དོག་སོགས་ཡོང་གི་མི་འདུག ཆོས་གྲོགས་ཚོས་བྱང་ཆུབ་ཀྱི་སེམས་སྒོམ་རོགས། བྱང་ཆུབ་ཀྱི་སེམས་སྟོན་པའི་གཞུང་བྱང་ཆུབ་སེམས་པའི་སྤྱོད་པ་འཇུག་པ་དེ་བདག་གཞན་མཉམ་གཅེས་ཀྱི་བློ་སྦྱོང་བར་ཡག་པོ་འདུག ངོས་ཀྱིས་ཀྱང་རྟག་ཏུ་འདོན་བཞིན་ཡོད། དབུ་མ་འཇུག་པའི་ནང་དུའང་གཞན་ཕན་གྱི་བློ་ཡག་པོ་གསུངས་ཡོད། ཉིན་རེ་བཞིན་གང་ཐུབ་བྱང་ཆུབ་ཀྱི་སེམས་ཉམས་ལེན་བྱོས། རྒྱལ་བ་རིན་པོ་ཆེའི་འགྲམ་ནས་ཆོས་འབྲེལ་ཐོབ་པའི་སྙིང་བོ་བྱང་ཆུབ་ཀྱི་སེམས་སྒོམ་རྒྱུ་དེ་རེད། ཅེས་གསུངས།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Tibet Trade. Photo: Kathmandu Post
Mobile App

ཕྱི་ཟླ་ ༨ པར་རྒྱ་གར་གྱི་ཚོང་པ་རྣམས་བོད་ནང་དངོས་སུ་ཤར་གཏོང་བྱ་རྒྱུ་ཡིན་འདུག

ཆུ་ཚོད་ ༥ སྔོན་ལ།
༧གོང་ས་མཆོག གསུང་འཕྲིན།

༧གོང་ས་མཆོག་གིས་ལ་དྭགས་ཀྱི་གཞོན་སྐྱེས་ཚོར་དམིགས་བསལ་གསུང་འཕྲིན་བསྩལ།

ཆུ་ཚོད་ ༧ སྔོན་ལ།
༸གོང་ས་མཆོག གསར་འགྱུར།

༧གོང་ས་མཆོག་གིས་དབྱིན་ཇིའི་སྲིད་བློན་གསར་བར་འཚམས་འདྲི་མཛད།

༢༠༢༦/༠༧/༢༡
ཕྱི་ལོ་ ༢༠༡༦ ལོར་བླ་རུང་སྒར་གཏོོར་བཤིག་གཏོང་སྐབས།
Mobile App

གསེར་རྟ་བླ་རུང་སྒར་གྱི་གྲྭ་ཤག་གཅིག་སྟོང་ལྷག་གཏོར་བཤིག་གཏང་རྒྱུ་ཡིན་འདུག

༢༠༢༦/༠༧/༢༡
༸གོང་ས་མཆོག གསར་འགྱུར།

སངས་རྒྱས་པའི་ཆོས་ཀྱི་སེམས་བཟང་པོ་བྱེད་པ་ནི་འཛམ་གླིང་འདིར་ཕན་ཐོགས་ཡོད་པ་ཞིག་ཡིན།

༢༠༢༦/༠༧/༢༠
ཕྱི་ལོ་ ༢༠༢༦  ལོའི་འཛམ་གླིང་རྐང་སྤོལ་འགྲན་ཚོགས་ཀྱི་རྟིང་རྩོད་འགྲན་སྡུར་ཁྲོད་སི་པེན་རྒྱལ་ཁབ་ཀྱིས་གསེར་གྱི་བུམ་པ་དེ་བཀྱགས་སོང་།
Mobile App

སི་པེན་གྱིས་ཕྱི་ལོ་ ༢༠༢༦ ལོའི་འཛམ་གླིང་རྐང་སྤོལ་གྱི་གསེར་བུམ་བཀྱགས་སོང་།

༢༠༢༦/༠༧/༢༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese