མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དབྱིན་ཇིའི་གྲོས་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་དད་མོས་རང་དབང་སྲུང་དགོས་པའི་བགྲོ་གླེང་བྱས་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༥
Share on FacebookShare on TwitterShare on EmailShare on Whatsapp

དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག་དབྱིན་ཇིའི་གྲོས་ཚོགས་ནང་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དད་མོས་རང་དབང་སྲུང་སྐྱོབ་དགོས་པའི་བགྲོ་གླེང་འཚོགས།

སྐབས་དེར་དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་ཤན་ནོན་ (Jim Shannon) ལགས་ཀྱིས་བོད་ཀྱི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་བཞིན་པ། དབྱིན་ཇིའི་གྲོས་ཚོགས་ཀྱི་པར། ༡༤།༡༢།༢༠༢༣

ཁ་སང་དབྱིན་ཇིའི་གྲོས་ཚོགས་ཀྱི་ཚོགས་ཁང་དུ། དབྱིན་ཇིའི་གྲོས་ཚོགས་ཀྱི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་(APPG) རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་སྣེ་འཁྲིད་འོག རྒྱ་ནག་གཞུང་གིས་བོད་ཀྱི་ཆོས་དད་རང་དབང་ལ་རྡོག་རོལ་བཞིན་པའི་གནས་སྟངས་སོགས་ཀྱི་སྐོར་ལ་གླེང་སློང་གནང་བ་དང་བསྟུན། དབྱིན་ཇིའི་གྲོས་ཚོགས་ནས་བོད་དོན་དང་འབྲེལ་བའི་གནད་དོན་ཆེན་པོ་ལྔ་སྲུང་སྐྱོབ་དང་རྒྱ་ནག་ལ་བོད་དོན་གླེང་སློང་བྱ་དགོས་པ་སོགས་ཀྱི་སྐུལ་མ་བཏང་འདུག

སྐབས་དེར་དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་ཤན་ནོན་ (Jim Shannon) ལགས་ཀྱིས། ང་ཚོའི་གྲོས་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་བལ་ཡུལ་དུ་བསྐྱོད་པ་བརྒྱུད་ཤེས་རྟོགས་བྱུང་བ་བཞིན། ད་ལྟ་བལ་ཡུལ་ནང་གི་བོད་མི་ཚོར་སྐྱབས་བཅོལ་བའི་ཡིག་ཆ་སྤྲོད་ཀྱི་མེད་པ་དང་། དམིགས་བསལ་ནང་པ་དང་གྲང་ཉུང་མི་རིགས་ཀྱི་ཆོས་ལུགས་སྡེ་ཁག་གི་གནས་སྟངས་ལ་ང་ཚོར་བློ་འཚབ་ཡོད། ཅེས་དང་། བལ་ཡུལ་ནང་གི་བོད་མི་ཚོར་དགོས་ངེས་ཀྱི་ཡིག་ཆ་ཁག་ངེས་པར་སྤྲོད་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་རང་དབང་སྲུང་སྐྱོབ་དགོས་པའི་བགྲོ་གླེང་དང་འབྲེལ། རྒྱ་ནག་གིས་བོད་ནང་གི་བོད་མིའི་སྐད་ཡིག་རིག་གཞུང་དང་བཙན་ཁྲིད་བཙོན་འཇུག འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གིན་ཡོད་ཅིང་། ཕྱི་ལོ་ ༢༠༢༡ ལོའི་ཨ་རིའི་རྒྱལ་སྤྱིའི་ཆོས་དད་རང་དབང་གི་སྙན་ཐོའི་ནང་།  བོད་ནང་གི་དགེ་འདུན་པ་ཚོར་ཆབ་སྲིད་ཀྱི་སློབ་གསོ་སྤྲོད་བཞིན་ཡོད་པ་མ་ཟད། ཉིན་རེའི་ཆོས་ཕྱོགས་ཀྱི་བྱེད་སྒོ་མཐའ་དག་ལ་དམ་དྲག་བྱེད་བཞིན་ཡོད། རྒྱ་ནག་གཞུང་གིས་ཐབས་ལམ་འདྲ་མིན་གྱི་ཐོག་ནས་བོད་ཀྱི་ནང་ཆོས་ལ་དམ་དྲག་བྱེད་བཞིན་པ་ནི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་གྲོས་མཐུན་དོན་ཚན་ ༡༨ པར་འགལ་ཡོད།

རྒྱ་ནག་དམར་ཤོག་ཚོགས་པས་བོད་ནང་ཆབ་སྲིད་དང་འབྲེལ་བའི་བཙོན་པ་སྟོང་ཕྲག་མང་པོ་འཛིན་བཟུང་བྱས་ཡོད་ཅིང་། དེའི་ཁྲོད་ཀྱི་མང་ཤོས་ཤིག་ནི་ཆོས་དད་རང་དབང་དང་འབྲེལ་བའི་བཙོན་པ་ཆགས་ཀྱི་ཡོད། རྒྱ་ནག་གིས་འཛིན་བཟུང་འོག་ཡོད་པའི་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་རྡུང་རྡེག་བཏང་སྟེ། སྨན་བཅོས་དང་ཁྲིམས་གཏུག་ཀྱི་ཁོར་ཡུག་མཐུན་སྦྱོར་བྱེད་ཀྱི་མེད་པ་དང་། དེ་མཚུངས་བཞིན་ཡུ་གུར་མི་མང་ས་ཡ་མང་པོར་དྲག་གནོན་བྱེད་བཞིན་ཡོད་སྟབས། དབྱིན་ཇིའི་ངོས་ནས་རྒྱལ་སྤྱིའི་ཁྲིམས་སྒྲིག་དང་འགལ་བའི་བྱ་སྤྱོད་དེ་དག་ལ་འགྱུར་བ་བཏང་སྟེ། རྒྱ་ནག་ནང་འགྲོ་བ་མིའི་ཐོབ་ཐང་གོང་མཐོར་དང་གྲང་ཉུང་མི་རིགས་ཀྱི་ཆོས་དད་རང་དབང་སྲུང་སྐྱོབ་དང་ཁོང་ཚོའི་དཀའ་ངལ་སེལ་ཐབས་བྱ་དགོས་པའི་སྐུལ་མ་བཏང་འདུག

རྒྱ་གཞུང་གིས་དམ་དྲག་ཤུགས་ཆེན་བྱེད་བཞིན་པའི་གནས་སྟངས་འོག བོད་ནང་གི་གནས་ཚུལ་མང་པོ་ཞིག་ཤེས་རྟོགས་འབྱུང་རྒྱུ་ཁག་པོ་ཡིན་པ་དང་། དམིགས་བསལ་གྱིས་ཆོས་ལུགས་རང་དབང་དང་འབྲེལ་བའི་གནས་ཚུལ་ལ་དམ་དྲག་བྱེད་བཞིན་ཡོད་པ་མ་ཟད། རྒྱ་ནག་གིས་བོད་བརྒྱུད་ནང་བསྟན་ཆོས་ལུགས་རྒྱ་བསྒྱུར་བྱེད་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། གནས་མཇལ་སོགས་ཚུད་པའི་ཆོས་ལུགས་ཀྱི་བྱེད་སྒོ་ཁག་རྒྱ་སྲོལ་ཅན་དུ་བསྒྱུར་བཞིན་ཡོད་པ་དང་། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་རྒྱ་གར་ནང་སྐྱབས་བཅོལ་དུ་ཕེབས་དགོས་བྱུང་བ་དང་། ད་ལྟ་རྒྱ་ནག་གིས་བོད་ཀྱི་ཆོས་སྲིད་གཉིས་ལ་དབང་སྒྱུར་བྱེད་བཞིན་པའི་ཁྲོད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་འཛིན་བཟུང་བཀག་ཉར་གྱིས་གར་སོང་ཆ་མེད་དུ་གྱུར་བ། བོད་བརྒྱུད་ནང་བསྟན་གྱི་དབུ་འཁྲིད་ལ་དབང་སྒྱུར་ཐབས་བྱེད་བཞིན་ཡོད་སྐོར་སོགས་བརྗོད་འདུག

ཡང་བགྲོ་གླེང་སྐབས་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་གནས་ཚུལ་ལུང་འདྲེན་དང་འབྲེལ་ནས། ད་ལྟ་རྒྱ་ནག་གིས་བོད་མི་རྣམས་ལ་དབུ་འབྱེད་བྱས་ཏེ། འདྲ་མཉམ་མིན་པའི་ལས་ཀ་དང་གླ་ཆ། འགྲིམ་འགྲུལ་ལ་བཀག་སྡོམ། ཐོབ་ཐང་ལག་འཁྱེར་སོགས་རྒྱ་རིགས་ནང་ལྟར་སྤྲོད་ཀྱི་མེད་པ་མ་ཟད། བོད་མི་ཚོ་རང་ཡུལ་ན་མི་སེར་ཨང་གཉིས་པ་ཆགས་ཡོད། ཉེ་ལམ་ནས་རྒྱ་ནག་གིས་བོད་ཀྱི་སྐད་ཡིག་རྩ་མེད་གཏོང་ཐབས་སུ་བོད་ཀྱི་བྱིས་པ་ས་ཡ་གཅིག་ལྷག་ཕ་མ་དང་ཁ་བྲལ་དུ་བཏང་སྟེ། བཅའ་སྡོད་སློབ་གསོའི་ལམ་ལུགས་ནང་རྒྱ་ཡིག་ཁོ་ནས་སློབ་གསོ་སྤྲོད་ཀྱི་ཡོད། རྒྱ་ནག་གིས་བོད་ནང་གི་བོད་མི་ཚོར་བོད་ཀྱི་སྐད་ཡིག་སྦྱོང་མ་བཅུག་པ་དང་། བོད་ནང་མི་སེལ་སྤེལ་བའི་སྲིད་ཇུས་ལག་བསྟར་གྱིས། བོད་མི་རྣམས་ལ་ལས་ཀ་དང་སློབ་གསོ། འཕྲོད་བསྟེན། ཚོང་ལས་སོགས་ཀྱི་གོ་སྐབས་འདྲ་མཉམ་མེད་ཁར། ཞིང་ཆེན་རིམ་པ་དང་ས་གནས་རིམ་པའི་དམར་ཤོག་ཚོགས་པའི་དཔོན་རིགས་དང་དམག་མི། གཞུང་གི་ལས་བྱེད་པ་བཅས་ཀྱི་གྲས་སོགས་སུ་བོད་མིའི་གྲངས་འབོར་ཧ་ཅང་ཉུང་ཉུང་ཡིན་པ་དང་། རྒྱ་ནག་གིས་བོད་ཀྱི་གཏེར་ཁ་སྔོག་འདོན་བྱེད་བཞིན་པ་དང་འབྲེལ། ཞིང་འབྲོག་གི་བོད་མི་ས་ཡ་ ༢ ལྷག་བཙན་གྱིས་གནས་སྤོར་བྱེད་དུ་བཅུག་ཡོད་སྟབས། གནད་དོན་དེ་དག་གི་ཐོག་ནས་རྒྱ་ནག་གིས་ཁྱོན་ཡོངས་ནས་བོད་ནང་སྲིད་དབང་སྒེར་གཅོད་རིང་ལུགས་ཀྱི་སྲིད་ཇུས་ལག་བསྟར་ནན་མོ་བྱེད་བཞིན་པ་མཚོན་ཡོད

སྐབས་དེར་དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱི་ཚོགས་གཙོ་དང་གྲོས་ཚོགས་འཐུས་མི་སྐུ་ཞབས་ཇིམ་ཤན་ནོན་ (Jim Shannon) ལགས་ཀྱིས་བོད་ཀྱི་ཆོས་དད་རང་དབང་གི་གནས་སྟངས་སྐོར་ལ་གསུང་བཤད་གནང་བཞིན་པ། དབྱིན་ཇིའི་གྲོས་ཚོགས་ཀྱི་པར། ༡༤།༡༢།༢༠༢༣

སྐུ་ཞབས་ཇིམ་ཤན་ནོན་ (Jim Shannon) ལགས་ཀྱིས། རྒྱ་ནག་གཞུང་གིས་ཐབས་ཤེས་ཡོད་རྒུ་བཏོན་ནས་བོད་མི་སྤྱིའི་འགྲོ་འདུག་སྤྱོད་གསུམ་ལ་བརྒྱུད་ལམ་འདྲ་མིན་གྱི་ཐོག་ནས་སྟངས་འཛིན་བྱེད་བཞིན་པ་མངོན་གསལ་ཡིན་པ་དང་། ལོ་རེའི་ཟླ་བཅུ་གཉིས་རིང་བོད་ནང་གི་བོད་མི་རྣམས་གང་བྱུང་འཛིན་བཟུང་བྱེད་བཞིན་པའི་གནས་ཚུལ་མང་དག་ཅིག་བྱུང་གི་ཡོད་སྐོར་གླེང་སློང་གནང་བ་དང་འབྲེལ། ཟླ་འདིའི་ཕྱི་ཚེས་ ༡༢ ཉིན་བོད་སྐྱེ་རྒུ་མདོ་ཁུལ་ནས་མ་ཎི་སྟོང་རྡོ་ ༢༥༠ ཁྲི་གསོལ་ཞུས་པར་བརྟེན། རྒྱ་ནག་གིས་མང་ཚོགས་ལ་འཇིགས་སྐུལ་དང་མགོ་སྐོར་བཏང་ཡོད་སྐོར་གྱི་ཉེས་མིང་གཡོགས་ནས། ལས་གཞི་བཀག་སྡོམ་བྱས་ཏེ་གཙོ་འགན་འཁུར་མཁན་བློ་དགའ་དང་ཉི་མ། ཚེ་དར། རིན་ཆེན་ཞེས་པའི་སྐྱེས་པ་བཞི་བཙན་འཁྲིད་བྱས་ཡོད་པའི་གནས་ཚུལ་ལུང་འདྲེན་གནང་སོང་བ་མ་ཟད། དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། གོང་བརྗོད་གནད་དོན་དེ་དག་དང་འབྲེལ་ནས་དབྱིན་ཇིའི་གྲོས་ཚོགས་ཀྱིས་བོད་ཀྱི་ཆོས་དད་རང་དབང་གི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས་པ་དང་། རྒྱ་ནག་གཞུང་ལ་གནད་དོན་དེ་དག་གླེང་སློང་དགོས་པའི་འབོད་སྐུལ་ཡང་ཞུས་སོང་།

མཇུག་ཏུ། དབྱིན་ཇིའི་རྒྱལ་ཡོངས་གྲོས་ཚོགས་འཐུས་མིའི་རྒྱལ་སྤྱིའི་ཆོས་དད་རང་དབང་ལྷན་ཚོགས་ཀྱིས། བོད་ཀྱི་ཆོས་དད་རང་དབང་དང་འབྲེལ་ནས་དབྱིན་ཇིའི་གཞུང་ནས་འགན་ལེན་སྲུང་དང་བསྒྲུབ་དགོས་པའི་འབོད་སྐུལ་དོན་ཚན་ལྔ་ཐེར་འདོན་གནང་སོང་། དེ་དག་ནི། གཅིག་བོད་མི་རྣམས་ལ་རང་གི་ཆོས་ལུགས་ཀྱི་སྲོལ་རྒྱུན་ལྟར་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་འདེམས་པའི་ཐོབ་ཐང་སྲུང་སྐྱོབ་བྱ་དགོས། གཉིས་༧པཎ་ཆེན་སྐུ་ཕྲེང་བཅུ་པ་ཆེན་པོ་མཆོག་ཀློད་གྲོལ་གཏོང་དགོས། གསུམ་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་ཀློད་གྲོལ་གཏོང་དགོས། བཞི་བོད་མི་རྣམས་ལ་རྒྱ་ནག་དམར་ཤོག་ཚོགས་པའི་གནོན་ཤུགས་གང་ཡང་མེད་པའི་ཐོག་ནས་ཆོས་ལུགས་དད་མོས་ཀྱི་རང་དབང་སྤྲོད་དགོས། ལྔ་བོད་མི་རྣམས་ལ་བོད་ཀྱི་སྐད་ཡིག་སྦྱོང་བ་དང་ཉར་ཚགས་བྱེད་པའི་རང་དབང་དགོས་བཅས་པ་རེད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

Mobile App

ཨ་མའི་དུས་ཆེན་ཉིན་མོར་ཨ་མར་ཕྱིར་དྲན་གསོན་པོ་ཞིག

ཆུ་ཚོད་ ༡༧ སྔོན་ལ།
Mobile App

འདི་ལོ་བོད་པའི་སློབ་གྲྭ་ཁག་གི་ཡིག་རྒྱུགས་འཕྲོད་པའི་བརྒྱ་ཆ་ ༩༨།༥༨ རེད་འདུག

༢༠༢༦/༠༥/༡༥
ttt
Mobile App

རྩོད་རྙོག་ཟེར་བ་དེ་བཟང་ཕྱོགས་སུ་བསྒྱུར་རྒྱུའི་ཐབས་ལམ་ཡོད།

༢༠༢༦/༠༥/༡༥
༸གོང་ས་མཆོག གསར་འགྱུར།

༸གོང་ས་མཆོག་གིས་ཌ་སི་མོན་ཊུ་ཊུ་དམ་པ་དེ་ཉིད་སྙིང་ནས་བརྩེ་བའི་གྲོགས་པོ་ཞིག་ཡིན་གསུངས།

༢༠༢༦/༠༥/༡༥
Donald Trump and Xi Jinping at a bilateral meeting. Photograph: Alex Wong/Getty Images
Mobile App

ཨ་རིའི་སྲིད་འཛིན་ཊོམ་ཕུ་མཆོག་དང་རྒྱ་ནག་གི་མགོ་ཁྲིད་ཞི་ཅིན་ཕིང་གཉིས་ཐུག་འཕྲད་གནང་།

༢༠༢༦/༠༥/༡༤
ཕྱག་འཁྱེར་གནང་བ།
Mobile App

ཀིརྟིའི་བྱེས་པ་གྲྭ་ཚང་གི་ཆེས་མཐོའི་བོད་ཀྱི་རིག་གནས་སློབ་གཉེར་ཁང་གི་སློབ་ཐོན་པ་ ༢༢ ལ་ཕྱག་འཁྱེར་གནང་།

༢༠༢༦/༠༥/༡༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese