མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་དྲིལ་བཀའ་བློན་མཆོག་ནས་ཡུ་རོབ་ནང་གཞུང་འབྲེལ་ཕྱོགས་ཕེབས་གནང་བཞིན་པ།

བོད་ཀྱི་དུས་བབ།
༢༠༢༣/༡༢/༡༦
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ནས་བོད་མིའི་སྒྲིག་འཛུགས་ཀྱི་ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་ཅེཀ་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ས་པ་རག་ (Prague) ཏུ་གཞུང་འབྲེལ་ཕྱོགས་ཕེབས་གནང་སྟེ་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་སོགས་སུ་མཇལ་འཕྲད་གནང་འདུག

Kalon Norzin Dolma with the member of All Tibet Group, comprising President (Senator) Jacqueline Eustache, Senator Brinio Annick Billon, Senator Marie Mercier, Senator Samantha Cazebonne and Secretary Thierry Munier in the French Senate hall in Paris.

ཟླ་འདིའི་ཕྱི་ཚེས་ ༡༤ ཉིན་གྱི་སྔ་དྲོར་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ཚོགས་ཁང་དུ། ཕྱི་དྲིལ་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཧྥ་རན་སིའི་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་ (Jacqueline Eustache) མཆོག་དང་། གྲོས་ཚོགས་གོང་མའི་འཐུས་མི་བྷི་རི་ནིའོ་ཨེ་ནིཀ་ (Brinio Annick Billon) ལགས། གྲོས་ཚོགས་གོང་མའི་འཐུས་མི་མཱེ་རི་ (Marie Mercier) ལགས་དང་འཐུས་མི་ས་མན་ཐཱ་ (Samantha Cazebonne) ལགས། དྲུང་ཆེ་ཐཱེ་རི་མུ་ནཱིར་ (Thierry Munier) ལགས་བཅས་དང་ལྷན་དུ་ཞོགས་ཟས་མཉམ་རོལ་གྱིས་བོད་དོན་ཐོག་ལ་གླེང་མོལ་གནང་ཡོད་འདུག

དེ་ནས་བཀའ་བློན་མཆོག་ནས་ཧྥ་རན་སིའི་གྲོས་ཚོགས་གོང་མའི་ནང་གཟིགས་སྐོར་གནང་གྲུབ་མཚམས་ཧྥ་རན་སི་གཞུང་གི་གནད་ཡོད་དཔོན་རིགས་ཁག་ཅིག་དང་ཐུག་འཕྲད་གནང་སྟེ། བོད་དོན་སྐོར་བཀའ་མོལ་གནང་ཡོད་པ་མ་ཟད། བཀའ་བློན་མཆོག་གིས། པེ་རི་སིའི་གྲོང་སྡེའི་སྤྱི་ཁྱབ་གཞོན་པ་ཇིན་ལུཀ་རོ་མེ་རོ་ (Jean-Luc Romero) ལགས་དང་ཐུག་འཕྲད་ཀྱིས། བོད་དོན་སྤྱི་དང་། ཧྥ་རན་སིར་གནས་སྡོད་བོད་མིའི་གནས་སྟངས། བོད་མིའི་གཟའ་མཇུག་སློབ་གྲྭ་ཚོགས་ཡུལ་སྐོར་སོགས་ཀྱི་ཐོག་ལ་བཀའ་མོལ་གནང་ཡོད་འདུག དེའི་རྗེས་ཧྥ་རན་སིའི་རྒྱལ་སྤྱིའི་རླུང་འཕྲིན་ཁང་ (France Radio International) ཞེས་པའི་གསར་ཁང་གི་བཅའ་འདྲི་དང་ལེན་གནང་ཡོད་འདུག་ལ། པེ་རི་སི་རྫོང་ཨང་ ༡༡ གི་སྤྱི་ཁྱབ་ཧྥ་རན་ཁོའེ་སི་ (Francois Vauglin) ལགས་དང་ཐུག་འཕྲད་གནང་སྟེ། བོད་དོན་དང་བོད་མིར་མུ་མཐུད་དུ་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུས་ཡོད་འདུག

ཕྱི་ཚེས་ ༡༤ ཉིན་གྱི་ཕྱི་དྲོར་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་གིས་ཐའེ་ཝན་གཞུང་ཚབ་ཧྥ་རན་ཁོའེ་སི་ཝུ་ (Francois Wu) ལགས་དང་ལས་རོགས་རྣམ་པ། བོད་དོན་རྒྱབ་སྐྱོར་བ། ཧྥ་རན་སིའི་གསར་འགོད་པ་དང་རྩོམ་པ་པོ་པེ་རི་ (Pierre Antoine Donnet) ལགས་དང་ཐུག་འཕྲད་གནང་ཡོད་འདུག་ལ། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་བཀའ་བློན་མཆོག་ཕྱིར་རྒྱ་གར་དུ་ཕེབས་འཆར་ཡོད་འདུག

Kalon Norzin Dolma’s meeting with Els van Hoof, Chair of Foreign Affairs Committee.

 ཕྱི་ཚེས་ ༡༢ ཉིན་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་སྦེལ་ཇེམ་དུ་ཕེབས་འབྱོར་བྱུང་བ་དང་། ཕྱི་ཚེས་ ༡༣ ཉིན་བཀའ་བློན་ནོར་འཛིན་སྒྲོལ་མ་མཆོག་སྦེལ་ཇེམ་གྲོས་ཚོགས་ཀྱི་ཕྱི་འབྲེལ་ལས་དོན་ཚོགས་ཆུང་གི་ཚོགས་གཙོ་ཨེལ་སི་ཝན་ཧུ་ཧྥི་ (Els Van Hoof) མཆོག་དང་འབྲེལ་ཡོད་ལས་བྱེད་ལྷན་དུ་ཐུག་འཕྲད་གནང་སྟེ། བཀའ་བློན་མཆོག་གིས། བོད་ནང་གི་ཛ་དྲག་གནས་སྟངས་དང་། རྒྱ་ནག་གཞུང་གིས་བོད་ནང་གི་བྱིས་པ་ས་ཡ་ ༡ ཙམ་བཙན་གྱིས་གཏན་འཇགས་སློབ་གྲྭར་བཅུག་སྟེ་རྒྱ་སྒྱུར་སློབ་གསོ་སྤེལ་བཞིན་པའི་སྐོར། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་ད་ལྟའི་གནས་བབ། ༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་བཀའ་སློབ་ལམ་སྟོན་དང་གཞིས་ལུས་རྒྱ་ཆེའི་མི་མང་གི་སེམས་ཤུགས། དེ་བཞིན་རྒྱལ་སྤྱིའི་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་སོགས་ལ་བརྟེན་ནས་བོད་དོན་འཐབ་རྩོད་མུ་མཐུད་དུ་གནས་ཐུབ་སྐོར་དང་། བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་དབུ་མའི་ལམ་གྱི་སྲིད་ཇུས་ཐོག་ལ་ཤར་སྐྱོད་བྱེད་བཞིན་པའི་སྐོར་སོགས་མ་འོངས་ལས་འཆར་ཁག་གི་སྐོར་ལ་གླེང་མོལ་གནང་ཡོད་འདུག སྐབས་དེར་ཚོགས་གཙོ་ཨེལ་སི་ཝན་ཧུ་ཧྥི་མཆོག་གིས། རྒྱ་ནག་དང་འབྲེལ་བའི་གྲོས་ཚོགས་འཐུས་མིའི་མཉམ་འབྲེལ་ཚོགས་ཆུང་ (Inter Parliamentary Alliance on China) ཐོག་བོད་དོན་གླེང་སློང་གནང་རྒྱུའི་ཞལ་བཞེས་དང་། རྒྱ་ནག་གཞུང་གིས་དབྱིན་ཡིག་ཐོག་བོད་ཀྱི་མིང་བརྗེ་སྒྱུར་བཏང་བ་དང་། བོད་ཀྱི་རིག་གཞུང་རྩ་མེད་གཏོང་སླད་བོད་ཕྲུག་རྣམས་བཅའ་སྡོད་སློབ་གྲྭར་བཅུག་པའི་གནད་དོན་སོགས་ཀྱི་ཐད་ལ་བློ་འཚབ་ཡོད་སྐོར་སོགས་གསུངས་འདུག

ཉིན་དེའི་ཉིན་རྒྱབ་ཏུ་བཀའ་བློན་མཆོག་སྦེལ་ཇེམ་གཞུང་གི་གནད་ཡོད་མི་སྣ་ཁག་ཅིག་དང་ལས་བྱེད་ལྷན་དུ་ཐུག་འཕྲད་གནང་སྟེ། བོད་དོན་སྐོར་གྱི་གནད་དོན་མང་པོའི་ཐོག་ལ་གྲོས་བསྡུར་གནང་བ་དང་། སྐབས་དེར་ཕྱི་དྲིལ་བཀའ་བློན་མཆོག་གིས། བོད་མིའི་སྒྲིག་འཛུགས་ཀྱིས་བོད་རྒྱའི་དཀའ་རྙོག་སེལ་ཐབས་སུ་རྒྱ་ནག་སྲིད་གཞུང་དང་གྲོས་མོལ་བྱ་རྒྱུའི་དམ་བཅའ་བརྟན་པོ་ཡོད་ཀྱང་། ད་ལྟའི་ཆར་རྒྱ་གཞུང་གིས་བོད་ནང་དུ་དྲག་གནོན་སྲིད་ཇུས་ལག་བསྟར་བྱེད་བཞིན་པར་སྐྱོན་བརྗོད་དང་རྒྱ་གཞུང་གིས་འཛེམ་ཟོན་མེད་པར་མུ་མཐུད་དུ་ལག་བསྟར་བྱ་རྒྱུ་རེད་ཅེས་ནན་བརྗོད་གནང་བ་མ་ཟད། སྦེལ་ཇེམ་ཁུལ་གྱི་བོད་མིའི་གཟའ་མཇུག་སློབ་གྲྭའི་འཛིན་ཁང་གི་དཀའ་ངལ་སྐོར་སྙན་སེང་དང་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུས་ཡོད་འདུག་ལ། སྦེལ་ཇེམ་གཞུང་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་རྒྱུན་གནས་སླད། ཡུ་རོབ་མཐུན་ཚོགས་ཀྱིས་བོད་དོན་དམིགས་བསལ་འབྲེལ་མཐུད་པ་བསྐོ་བཞག་གནང་རྒྱུའི་ཐུགས་འགན་བཞེས་པའི་རེ་སྐུལ་ཞུས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༨ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༡༠ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese