མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༠
Share on FacebookShare on TwitterShare on EmailShare on Whatsapp

མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་སུ་རྒྱ་གཞུང་ཉེན་རྟོག་པས་ཉིན་ལྔའི་རིང་ཁ་ཏ་སློབ་གསོ་ཟེར་བ་བྱས་ཏེ་ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་ཀློད་གྲོལ་བཏང་ཡོད་འདུག

མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་ལགས་གཉིས་ནས་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲ་ཤིས་ཀྱི་གཡག་མགྲོན་ཁང་གི་མདུན་དུ་ཞི་བའི་ལས་འགུལ་སྤེལ་བཞིན་པ། པར་འདི་གར་གསར་ཁང་ལ་མཁོ་སྤྲོད་གནང་།

འདི་གའི་གསར་འགོད་པར་བོད་མི་ཞིག་གིས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ལྷ་ས་གྲོང་ཁྱེར་ཉེན་རྟོག་པས་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ཀྱི་བཟའ་ཟླ་ཆོས་སྐྱོང་ལགས་ཀློད་གྲོལ་བཏང་ཡོད་ཀྱང་། ད་ལྟ་ད་དུང་མགོན་པོ་སྐྱིད་ལགས་གང་དུ་འཛིན་བཟུང་བཀག་ཉར་བྱས་ཡོད་པ་དང་ཀློད་གྲོལ་གཏོང་མིན་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་ཀྱི་མེད་པ་རེད།

གནས་ཚུལ་མཁོ་སྤྲོད་པས། ད་རེས་རྒྱ་གཞུང་ཉེན་རྟོག་པས་ཆོས་སྐྱོང་ལགས་ཉིན་གྲངས་ལྔའི་རིང་བཀག་ཉར་བྱས་ཏེ་མ་འོངས་པར་ཞུ་གཏུགས་ལས་འགུལ་རིགས་མི་སྤེལ་བ་སོགས་ཀྱི་ཁ་ཏ་སློབ་གསོ་བརྒྱབ་འདུག ཅེས་བརྗོད་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་མགོན་པོ་སྐྱིད་ལགས་དང་ཆོས་སྐྱོང་གཉིས་ཀྱིས་ཞི་འབོད་ལས་འགུལ་སྤེལ་བཞིན་པའི་སྐབས་ཉེན་རྟོག་པ་སྐོར་ཞིག་ཡོང་ནས། ཁོང་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཡོད་པ་དང་། དེ་སྔ་མགོན་པོ་སྐྱིད་ལགས་གཅིག་པུ་རྒྱ་གཞུང་ཉེན་རྟོག་པས་འཛིན་བཟུང་བཙན་ཁྲིད་བྱས་རྗེས་ཀློད་གྲོལ་བཏང་ཡོད་ཀྱང་། སྐབས་དེར་བཟའ་ཟླ་ཆོས་སྐྱོང་ལགས་ཀྱང་འཛིན་བཟུང་བྱས་ཡོད་པ་མ་ཟད། ཁོང་གཉིས་འཛིན་བཟུང་བྱས་རྗེས་གང་དུ་བཀག་ཉར་བྱས་ཡོད་མེད་སོགས་ཀྱི་གནས་ཚུལ་གང་ཡང་ཤེས་རྟོགས་ཐུབ་མེད་པ་རེད།

ད་རེས་རྒྱ་གཞུང་ཉེན་རྟོག་པས་ཆོས་སྐྱོང་ལགས་འཛིན་བཟུང་བྱས་ཏེ་ལུས་སེམས་གཉིས་ལ་དཀའ་ངལ་དང་སྡུག་སྦྱོང་མནར་གཅོད་ག་འདྲ་བཏང་ཡོད་མེད་ཤེས་རྟོགས་ཐུབ་ཀྱི་མེད་ཀྱང་། རྒྱ་གཞུང་ཉེན་རྟོག་པས་བོད་མི་རྣམས་གང་བྱུང་འཛིན་བཟུང་བཀག་ཉར་བྱས་ཏེ་མི་ཆོས་ལས་འདས་པའི་མནར་གཅོད་གཏོང་གི་ཡོད་པ་ནི་རྒྱུན་ལྡན་ཞིག་ཡིན་པ་མ་ཟད། དེ་སྔ་རྒྱ་གཞུང་གིས་འཛིན་བཟུང་དང་བཙོན་འཇུག་བྱས་པའི་བོད་མི་ཆབ་སྲིད་བཙོན་པ་ཟུར་བ་ཡོངས་ཀྱིས་ཁ་གཅིག་གྲགས་ཐོག་ནས་རྒྱའི་བཙོན་ཁང་དུ་དམྱལ་བ་མི་ཡུལ་དུ་ལྷུང་བ་ལྟ་བུའི་མནར་གཅོད་བཏང་བའི་བརྒྱུད་རིམ་ཉན་བཟོད་དཀའ་བ་བཤད་རྒྱུ་ཡོད་པ་རེད།

ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་ཁོང་མོའི་གཅུང་པོ་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་དྲང་བདེན་བྱུང་མེད་པ་དང་། རྡོ་རྗེ་བཀྲ་ཤིས་ཀློད་གྲོལ་གཏོང་དགོས་པ། ཁོང་མོ་གཅུང་པོ་ལ་ཐུག་ཏུ་འཇུག་དགོས་པའི་རེ་འདུན་སོགས་བཏོན་ཏེ། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲྭ་བཞི་བཙོན་ཁང་སོགས་ཀྱི་མདུན་དུ་ཕྱག་འཚལ་བ་དང་སྐད་འབོད་རྒྱག་པ་སོགས་ཀྱི་ཞུ་འབོད་ལས་འགུལ་མཚམས་མ་བཞག་པར་ད་བར་སྤེལ་ཡོད་ལ། ཁོང་མོས་ཞི་འབོད་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད། རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་གཙོ་བྱས་པའི་བཟའ་ཟླ་ཆོས་སྐྱོང་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་བཅས་ལ་ལས་འགུལ་སྤེལ་ཡུལ་ནས་སྔ་གཞུག་ཏུ་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་དང་རུབ་རྡུང་བཏང་བ། སྡིགས་ར་སྐུལ་བ་སོགས་དྲང་བདེན་མིན་པ་དང་མནར་གཅོད་བཏང་བའི་བརྒྱུད་རིམ་མང་པོ་བྱུང་མྱོང་བ་རེད།

བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ལ་ཕྱི་ལོ་ ༢༠༡༠ ལོར་གསང་བའི་ཐོག་ནས་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ཕྱི་ལོ་ ༢༠༢༠ ལོ་སྟེ་ཁོང་བཙོན་འཇུག་བྱས་ཏེ་ལོ་ ༡༠ ཕྱིན་པའི་སྐབས་དེར་ཁོང་གི་ཁྲིམས་རྩོད་པ་དང་ནང་མི་ཚོས་ཐེངས་མང་དྲང་བདེན་མིན་པའི་ཁྲིམས་ཆད་དེར་བསྐྱར་ཞིབ་དགོས་པའི་རེ་བ་བཏོན་ཡོད་ཀྱང་དོན་འབྲས་ཐོན་མེད་པར་བརྟེན། འདས་ལོའི་ཕྱི་ཟླ་ ༡༠ ཙམ་ནས་བཟུང་ཁོང་གི་གཅེན་མོ་མགོན་པོ་སྐྱིད་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་སོགས་ཀྱིས་ལྷ་སའི་འབྲིང་རིམ་མི་མང་ཁྲིམས་ཁང་ཟེར་བའི་མདུན་དུ་ཞི་རྒོལ་ལས་འགུལ་བསྟུད་མར་སྤེལ་ཡོད་པ་དང་། ཉེན་རྟོག་པས་ཁོང་ཚོར་ཐེངས་མང་འདྲི་རྩད་བྱས་ཏེ་སྡིགས་ར་བསྐུལ་ཡོད་འདུག

གསར་འགོད་པ། སྐལ་བཟང་སྦྱིན་པ།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese