མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

མགོན་པོ་སྐྱིད་ལགས་ཀློད་གྲོལ་བཏང་འདུག

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༢
Share on FacebookShare on TwitterShare on EmailShare on Whatsapp

ཟླ་འདིའི་ཕྱི་ཚེས་ ༢༡ ཉིན་རྒྱ་གཞུང་ཉེན་རྟོག་པས་བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་ལགས་ཉིན་གྲངས་དགུའི་རིང་འཛིན་བཟུང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་འདུག

བདེན་པའི་འཐབ་རྩོད་པ་མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་གཉིས་ནས་ཞི་བའི་ལས་འགུལ་སྤེལ་བཞིན་པ། བོད་ཀྱི་དུས་བབ་ཀྱི་པར། ༡༣།༡༢།༢༠༢༣

ད་རེས་བཀག་ཉར་ཁང་དུ་རྒྱའི་ལས་བྱེད་པས་མགོན་པོ་སྐྱིད་ལགས་སུ་སྡུག་སྦྱོང་མནར་གཅོད་བཏང་བའི་གནས་ཚུལ་ཤེས་རྟོགས་ཐུབ་ཀྱི་མེད་ནའང་། མགོན་པོ་སྐྱིད་ལགས་སུ་བཟའ་ཟླ་ཆོས་སྐྱོང་ལགས་དང་གཅིག་མཚུངས་ཀྱིས་རྗེས་ཕྱོགས་ཞི་འབོད་ལས་འགུལ་རིགས་མི་སྤེལ་བའི་ཁ་ཏ་སློབ་གསོ་བྱས་ཡོད་པ་མིང་བརྗོད་འདོད་མེད་པའི་མི་ཞིག་གིས་འགྲེལ་བརྗོད་གནང་བྱུང་།

ཟླ་འདིའི་ཕྱི་ཚེས་ ༡༣ ཉིན་ཨ་ཅག་མགོན་པོ་སྐྱིད་དང་བཟའ་ཟླ་ཆོས་སྐྱོང་གཉིས་ཀྱིས། རྡོ་རྗེ་བཀྲ་ཤིས་ལགས་སུ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པ་བསྐྱར་ཞིབ་དགོས་པའི་ཞི་འབོད་ལས་འགུལ་སྤེལ་སྐབས། རྒྱ་གཞུང་ཉེན་རྟོག་པས་ཁོང་གཉིས་འཛིན་བཟུང་བཙན་ཁྲིད་བྱས་ཏེ་གར་ཡོད་མི་ཤེས་པར་གྱུར་བ་དང་། ཟླ་འདིའི་ཕྱི་ཚེས་ ༡༨ ཉིན་གྱི་སྔ་དྲོར་ཆོས་སྐྱོང་ལགས་ཉིན་ལྔའི་རིང་འཛིན་བཟུང་བཀག་ཉར་བྱས་རྗེས་ཀློད་གྲོལ་བཏང་ཡོད་པ་རེད།

ཨ་ཅག་མགོན་པོ་སྐྱིད་ལགས་ཀྱིས་ཕྱི་ལོ་ ༢༠༢༢ ཙམ་ནས་བཟུང་ཁོང་མོའི་གཅུང་པོ་བོད་ཀྱི་ཚོང་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་དྲང་བདེན་བྱུང་མེད་པ་དང་། རྡོ་རྗེ་བཀྲ་ཤིས་ཀློད་གྲོལ་གཏོང་དགོས་པ། ཁོང་མོ་གཅུང་པོ་ལ་ཐུག་ཏུ་འཇུག་དགོས་པའི་རེ་འདུན་སོགས་བཏོན་ཏེ། ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་གྲྭ་བཞི་བཙོན་ཁང་སོགས་ཀྱི་མདུན་དུ་ཕྱག་འཚལ་བ་དང་སྐད་འབོད་རྒྱག་པ་སོགས་ཀྱི་ཞུ་འབོད་ལས་འགུལ་མཚམས་མ་བཞག་པར་ད་བར་སྤེལ་ཡོད་ལ། ཁོང་མོས་ཞི་འབོད་ལས་འགུལ་སྤེལ་བའི་བརྒྱུད་རིམ་ཁྲོད། རྒྱ་གཞུང་ཉེན་རྟོག་པས་མགོན་པོ་སྐྱིད་ལགས་གཙོ་བྱས་པའི་བཟའ་ཟླ་ཆོས་སྐྱོང་ལགས་དང་གཅེན་པོ་རྡོ་རྗེ་ཚེ་བརྟན་བཅས་ལ་ལས་འགུལ་སྤེལ་ཡུལ་ནས་སྔ་གཞུག་ཏུ་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་པ་དང་རུབ་རྡུང་བཏང་བ། སྡིགས་ར་སྐུལ་བ་སོགས་དྲང་བདེན་མིན་པ་དང་མནར་གཅོད་ཀྱི་བརྒྱུད་རིམ་མང་པོ་བརྒྱུད་མྱོང་བ་རེད།

ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོའི་རྗེས་སུ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་བོད་མི་ཞི་རྒོལ་བར་རྒྱབ་སྐྱོར་དང་བཙན་བྱོལ་བོད་མིའི་སྤྱི་ཚོགས་ལ་དངུལ་འབོར་ཆེན་གྱིས་ཞལ་དེབས་སྤྲད་ཡོད་ལུགས་སོགས་བརྗོད་ནས་འཛིན་བཟུང་བྱས་པ་དང་།  ཕྱི་ལོ་ ༢༠༡༠ ཟླ་ ༦ ་ཚེས་ ༢༦ ཉིན་ལྷ་སར་གསང་བའི་ངང་ཁྲིམས་རྭ་ཚོགས་ཏེ་རྡོ་རྗེ་བཀྲ་ཤེས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་འཛུགས་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་ནའང་། ད་བར་རྡོ་རྗེ་བཀྲ་ཤིས་ལགས་དང་ཁོང་གི་ཁྲིམས་རྩོད་པ། ད་དུང་ནང་མི་སོགས་ཀྱིས། རྡོ་རྗེ་བཀྲ་ཤིས་ལགས་སུ་རྒྱ་གཞུང་གིས་ཉེས་འཛུགས་བྱས་ཏེ་དྲང་བདེན་མིན་པའི་ཁྲིམས་ཐག་བཅད་པར་ངོས་ལེན་རྩ་བ་ནས་བྱེད་ཀྱི་མེད་པ་མ་ཟད། ད་ལྟ་ད་དུང་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་མོ་མགོན་པོ་སྐྱིད་དང་ཁྱོ་ག་ཆོས་སྐྱོང་ལགས། གཅེན་པོ་རྡོ་རྗེ་ཚེ་བརྟན་ལགས་བཅས་ཀྱིས་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་ཁྲིམས་ཆད་བསྐྱར་ཞིབ་དགོས་པ་དང་བཙོན་གྲོལ་གཏོང་དགོས་པ་སོགས་ཀྱི་ཞི་འབོད་ལས་འགུལ་སྤེལ་མུས་ཡིན་པ་རེད།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་ཀྱི་བསྒྲིགས།
བསམ་ཚུལ།

རྒྱ་ནག་གི་ཆུ་མཛོད་ཆེན་མོ་དེ་ནི་གཙང་པོའི་སྟོད་རྒྱུད་ཀྱི་ཆུའི་འབར་རྫས་ཤིག་རེད།

༢༠༢༦/༠༩/༡༣
AfD party members celebrate victory in Saxony-Anhalt on Sunday [Matthias Schrader/AP]
Mobile App

གཡས་ཐལ་རིང་ལུགས་པའི་མགོ་འཕངས་ཇེ་མཐོ་རེད།

༢༠༢༦/༠༩/༡༡
Hong Kong’s Tiananmen vigil organizers handed lengthy prison terms
Mobile App

དྲུག་བཞིའི་དོན་རྐྱེན་རྗེས་དྲན་ཞུ་མཁན་གསུམ་ལ་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༩/༡༡
ངོ་རྒོལ་ལས་འགུལ་སྤེལ་སྐབས། གཞོན་ནུ་ལྷན་ཚོགས་ཀྱི་པར།
Mobile App

ཞི་ཅིན་ཕིན་རྒྱ་གར་དུ་ཡོང་བར་ངོ་རྒོལ་ཡོད།

༢༠༢༦/༠༩/༡༡
Hong Kong's then Chief Executive Tung Chee-hwa listens during a Legislative Council meeting, October 14, 2004. (REUTERS)
Mobile App

ཧོང་ཀོང་གི་སྤྱི་ཁྱབ་ཏོང་ཅན་ཧྭའི་ཚེ་སྲོག་དང་ལྷན་དུ་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཞེས་པའི་སྲིད་ཇུས་མཇུག་བསྒྲིལ།

༢༠༢༦/༠༩/༡༠
Advertisement for App

བོད་ཀྱི་ཟློས་གར་ཚོགས་པའི་ལས་བྱེད་ས་མིག་གསལ་བསྒྲགས།

༢༠༢༦/༠༩/༡༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese