མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༣
Share on FacebookShare on TwitterShare on EmailShare on Whatsapp

༸གོང་ས་རྒྱལ་བ་རིན་པོ་ཆེ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་ནས་སེམས་ཀྱི་གནས་ལུགས་ལ་བརྟག་དཔྱད་བྱ་རྒྱུ་དཔེ་གལ་ཆེན་པོ་ཡིན་སྐོར་བཀའ་སློབ་བསྩལ་སོང་།

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གནས་མཆོག་རྡོ་རྗེ་གདན་དུ་འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས། ༢༠༢༣།༡༢།༢༣་

དེ་རིང་ཕྱི་ཟླ་ ༡༢ ཚེས་ ༢༣ ༸གོང་ས་རྒྱལ་བ་རིན་པོ་མཆོག་གནས་མཆོག་རྡོ་རྗེ་གདན་གྱི་མཆོད་རྟེན་རིན་པོ་ཆེ་མཆོག་གི་དྲུང་དུ་ཞབས་ཀྱིས་བཅགས་ནས། འཛམ་གླིང་ཞི་བདེའི་སྨོན་ལམ་གྱི་ཚོགས་མགོན་དུ་ཆིབས་བསྒྱུར་བསྐྱངས་གནང་སོང་ལ། དེ་བཞིན་དེ་རིང་གི་སྨོན་ལམ་དེའི་ཐོག་ས་སྐྱ་གོང་མ་ཁྲི་འཛིན་རིན་པོ་ཆེ་མཆོག་དང་། དགའ་ལྡན་ཁྲི་པ་རྗེ་བཙུན་བློ་བཟང་བསྟན་འཛིན་མཆོག་སོགས་ཕྱི་ནང་གི་བསྟན་བདག་བླ་ཆེན་རྣམས་དང་། རྒྱལ་ཁབ་ ༣༣ ཙམ་ནས་ནང་པའི་བླ་སྤྲུལ་དགེ་འདུན་པ་ ༢༠༠༠ ཙམ་ཕེབས་ཡོད་འདུག

སྐབས་དེར་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གིས། དེ་རིང་ཆོས་གྲོགས་ཚང་མར་ཞུ་རྒྱུ་ལ། ངོས་རང་གཙོས་ང་རང་ཚོ་ཚང་མ་སངས་རྒྱས་བཅོམ་ལྡན་འདས་ཀྱི་གནས་ཁྱད་པར་ཅན་འདིར་རུག་རུག་བྱས་ནས་འདུས་ཡོད་པ་རེད། སྟོན་པས་རྟེན་འབྱུང་ནང་དེ་ཁོ་ན་ཉིད་གསུངས་པ་དེ་ཐུན་མོང་མ་ཡིན་པ་ཞིག་ཆགས་འདུག དེ་དང་འདྲ་བའི་རྟེན་འབྱུང་གི་ལྟ་བ་དེ་རང་དོན་ཡིད་བྱེད་ཀྱི་བློ་དང་འདྲེས་པ་ཡིན་ན།། ཉེ་རང་དགྲ་བཅོམ་པའི་གོ་འཕང་ཐོབ་རྒྱུ་ཞིག་དང་། རྟེན་འབྱུང་གི་ལྟ་བ་དེ་བྱང་ཆུབ་ཀྱི་སེམས་ཀྱིས་འཛིན་དུས།  སྒྲིབ་གཉིས་སྤང་པའི་བྲལ་བའི་ཡོན་ཏན་མངོན་པར་བྱ་ཐུབ་རྒྱུ་ཞིག་ཆགས་ཀྱི་ཡོད་པས། སེམས་ཀྱི་གནས་ལུགས་བརྟག་དཔྱད་བྱ་རྒྱུ་དཔེ་གལ་ཆེན་པོ་འདུག  ཅེས་གསུངས་སོང་།

ཡང་མགོན་པོ་གང་ཉིད་ཀྱིས། ངོས་རང་ལ་ཆ་བཞག་ནའང་བཅོམ་ལྡན་འདས་ཀྱི་རྗེས་འབྲང་དགེ་སློང་ཞིག་ཡིན་པས། ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་སྐོར་ལ་ལོ་མང་པོར་སློབ་སྦྱོང་བྱས་ནས་སྒོམ་མཁན་ཞིག་ཆགས་ཡོད། དེ་རིང་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་ནས་ཆོས་འཁོར་སྐོར་སའི་གནས་ཁྱད་པར་ཅན་འདིར། བཅོམ་ལྡན་འདས་ཀྱི་ཟབ་པ་དང་རྒྱ་ཆེ་བའི་ལམ་གྱི་སྐོར་ལ་རྗེས་འདེད་བྱ་རྒྱུ་བྱུང་བ་དེ་ཧ་ཅང་གི་སྐལ་བ་བཟང་པོ་ཡིན། འཛམ་གླིང་འདིའི་སྒང་གི་སེམས་ཅན་ཐམས་ཅད་དང་ཡང་སྒོས་མི་ཚང་མས་སྡུག་བསྔལ་མི་འདོད་ཅིང་བདེ་བ་འདོད་མཁན་ཤ་སྟག་རེད། ཡིན་ན་ཡང། སྡུག་བསྔལ་དང་བདེ་བའི་རྒྱུ་བཙལ་བཅད་ནས་བསམ་བློ་གཏོང་མཁན་ཉུང་ཉུང་ཆགས་འདུག  ཅེས་དང་། བདག་ཅག་གི་སྟོན་པ་བཅོམ་ལྡན་འདས་ཀྱིས་གསུངས་པ་དེ་ང་རང་ཚོས་ལག་ལེན་བསྟར་ནས། སེམས་མ་འདུལ་བ་དེ་འདུལ་བར་བྱོས། སེམས་མ་ཞི་བ་དེ་ཞི་བ་བྱོས།  དེ་འདྲ་ཞིག་ལ་ངོས་རང་གི་ཉམས་མྱོང་གི་ཐོག་ནས་ལོ་མང་པོ་ཞིག་ལ་བསམ་བློ་གཏོང་ཡོང་དུས། སེམས་ནང་དུ་ཆགས་སྡང་སྐྱེ་རྒྱུ་དེ་ཧ་ལམ་མེད་པ་ཞིག་ཡོང་གི་ཡོད། དཔེར་ན། བོད་ནང་དུ་དཀའ་ངལ་མང་པོ་ཞིག་འཕྲད་ཀྱིན་ཡོད་རེད་དེ། དཀའ་ངལ་དེ་དག་ལ་སྙིང་རྗེ་སྐྱེས་པ་མ་གཏོགས་ཁོང་ཁྲོ་གཏན་ནས་ལང་གི་མི་འདུག  དེ་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་བསླབ་བྱས་སེམས་ལ་འགུལ་སྐྱོད་ཐེབས་པ་ཞིག་ཆགས་བསྡད་ཡོད་རེད། བྱས་ཙང་། ཆོས་གྲོགས་ཚང་མས་སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ལ་སློབ་སྦྱོང་བྱས་ནས། རང་རྒྱུད་ལ་སྐྱེས་ནས་ཕྱིན་ཚེ་དངོས་གནས་དྲང་གནས་ཞི་བདེ་ཡོང་ཐུབ་རྒྱུ་ཞིག་དང་། དེ་ལ་བརྟེན་ནས་ཚེ་རབས་ནས་ཚེ་རབས་སེམས་རྒྱུད་འདུལ་པོ་ཞིག་གི་ཐོག་ནས་འགྲོ་ཐུབ་རྒྱུ་ཞིག་རེད།  ཅེས་སོགས་གསུངས་སོང་།

དེ་བཞིན་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་གི་མཛད་འཆར་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༢༩ ནས་ཉིན་གྲངས་གསུམ་རིང་༸གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བར་ཆོས་འབྲེལ་དང་། ཕྱི་ལོ་ ༢༠༢༤ ཟླ ༡ ཚེས་ ༡ ཉིན་༸གོང་ས་རྒྱལ་བ་རིན་པོ་ཅེ་མཆོག་ལ་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་ཡིན་འདུག

གསར་འགོད་པ། དཔལ་ལྡན།

འབྲེལ་ཡོད་གསར་འགྱུར།

པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦།༦།/༢༧
Mobile App

ཆེས་མཐོའི་ཁྲིམས་ཞིབ་ཁང་གིས་ཁ་མཆུ་ཨང་ ༢༢ པ་རྒྱུན་སྐྱོང་མ་ཐུབ་པའི་ཐག་གཅོད་གནང་འདུག

༢༠༢༦/༠༦/༢༧
སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས། ༢༠༢༦/༦/༢༧
༧གོང་ས་མཆོག གསུང་འཕྲིན།

ཝེ་ནེ་སུ་ཝེ་ལར་ས་ཡོམ་གྱི་གོད་ཆག་བྱུང་བར་ཐུགས་སྨོན་མཛད།

༢༠༢༦/༠༦/༢༧
ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད། བོད་ཀྱི་དུས་བབ་གསར་ཁང་གི་པར། ༢༠༢༦།༥།༢༦
Mobile App

ལྡོག་གཏུག་གི་ཁ་མཆུ་རྩིས་མེད་བཏང་ཡང་ཁ་མཆུ་ ༢༢ པ་རང་འཇགས་གནས་ཡོད།

༢༠༢༦/༠༦/༢༦
Mobile App

བོད་རང་བཙན་གཙང་མ་ཡིན་པའི་ལོ་རྒྱུས་ཀྱི་བདེན་དཔང་བློས་གཏོང་ཐུབ་ཀྱི་མེད།

༢༠༢༦/༠༦/༢༦
རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ། བོད་ཀྱི་དུས་བབ་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་གངས་ལྗོངས་གནའ་དེང་ཤེས་རིག་སློབ་གླིང་སྒོ་བརྒྱབ།

༢༠༢༦/༠༦/༢༥
སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་། སྐུ་པར་བོད་ཀྱི་དུས་བབ་གསར་ཁང་གིས་སྒྲིག་སྦྱོར་བྱས།
༸གོང་ས་མཆོག གསར་འགྱུར།

སེན་ཊི་པོལ་གྲོང་ཁྱེར་དུ་༸སྐུའི་འཁྲུངས་སྐར་བྱམས་བརྩེའི་ཉིན་མོར་སྲུང་གཙི་ཞུ་རྒྱུའི་གཏན་འབེབས་གནང་།

༢༠༢༦/༠༦/༢༥

མཆན། 1

  1. ལྷ་རྡོ་རྗེ། says:
    ལོ་ 3 སྔོན།

    (རང་དོན་ཡེ་ཤེས་ཀྱི་བློ་དང་འབྲེལ་བ་ཡིན་ན།) ཞེས་བཀོད་འདུག་པ་ནོར་བ་ཡིན། རང་དོན་ཡིད་བྱེད་ཀྱི་བློ་དང་འདྲེས་པ་ཡིན་ན། ཞེས་འགོད་དགོས།
    (ཆགས་བཞག་ནའང་། ) ཆ་བཞག་ནའང་།
    (གོ་འཕངས་) གོ་འཕང་
    (ལག་ལེག) ལག་ལེན་
    (སྐྱེས་རྒྱུ་) སྐྱེ་རྒྱུ་
    (ཕྱིན་ཚེ་) ཕྱིན་ཆད་

    Reply

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese