མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

གནས་མཆོག་རྡོ་རྗེ་གདན་དུ་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད།

བོད་ཀྱི་དུས་བབ།
༢༠༢༣/༡༢/༢༩
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་མཆོག་ནས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པའི་ཐབས་ལམ་ཞིག་བསླབ་ན། ང་ཚོའི་རྒྱུད་ན་ཡོད་པའི་སྐྱོན་རྣམས་དྲི་མ་གློ་བུར་བ་རེད། དེ་རིམ་བཞིན་སྦྱངས་ཏེ་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ཐུགས་བཞིན་བསྒྲུབ་ཐུབ་པའི་ཚོད་དཔག་བྱ་ཐུབ་ཅེས་བཀའ་སློབ་བསྩལ།

གནས་མཆོག་རྡོར་གདན་དུ་༧གོང་ས་མཆོག་གིས་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་བསྩལ། བོད་མིའི་སྒྲིག་འཛུགས་ཀྱི་པར། ༢༠༢༣།༡༢།༢༩

དེ་རིང་སྔ་དྲོའི་ཆུ་ཚོད་ ༨།༠༠ ནས་ཉིན་གྲངས་གསུམ་རིང་གནས་མཆོག་རྡོ་རྗེ་གདན་གྱི་དུས་དབང་གསུང་ཆོས་ར་བ་རུ། ༸གོང་ས་རྒྱལ་བ་རིན་པོ་ཆེན་པོ་མཆོག་ནས་མགོན་པོ་ཀླུ་སྒྲུབ་ཀྱིས་མཛད་པའི་ཆོས་དབྱིངས་བསྟོད་པའི་བཀའ་ཆོས་དབུ་འཛུགས་མཛད་ཡོད་པ་དང་། ཉིན་དང་པོའི་བཀའ་ཆོས་སྐབས་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། ཆོས་ནི་འཆད་པ་པོའི་ངོས་ནས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་བཤད་དགོས་པ་དང་། ཉན་པ་པོས་ཀྱང་ཀུན་སློང་རྣམ་པར་དག་པའི་ཐོག་ནས་ཉན་དགོས་པ་གལ་ཆེན་པོ་རེད། ཆོས་ཀྱི་འཆད་ཉན་ཞེས་པ་དེ་འཇིག་རྟེན་ཆོས་བརྒྱད་ཀྱི་གཞན་དབང་དུ་ཕྱིན་ཚེ་དགོས་དོན་མ་ཚང་བ་རེད། ཆོས་ཆོས་སུ་འགྲོ་བ་ཞིག་དགོས་ཀྱི་ཡོད་པ་རེད། དེ་བས་ང་ཚོ་ཚང་མས་ཀུན་སློང་རྣམ་པར་དག་པའི་སྒོ་ནས་འཆད་ཉན་བྱེད་དགོས། འཆད་པ་པོའི་ངོས་ནས་རང་དོན་གྱི་བསམ་པ་དང་། ཞི་བདེ་དོན་གཉེར་གྱི་བསམ་པ་དང་མ་འབྲེལ་པར་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་འཛིན་པའི་ཐོག་ནས་བཤད་དགོས། ཉན་པ་པོའི་ངོས་ནས་ཀྱང་ཚེ་འདིའི་ལྟོ་གོས་གཏམ་གསུམ་དང་། མངོན་མཐོ་ཙམ་མ་ཡིན་པར་ཐམས་ཅད་མཁྱེན་པའི་གོ་འཕངས་ཐོབ་པར་བསམ་དགོས། དེ་ཡང་སེམས་ཅན་ཐམས་ཅད་ཀྱི་བསམ་པའི་བློ་དང་ལྡན་པའི་ཐོག་ནས་འཆད་པ་པོས་བཤད་པ་དང་ཉན་པ་པོས་ཉན་དགོས་ཀྱི་ཡོད། ཅེས་དང་། ང་ཚོས་བཅོམ་ལྡན་འདས་ཀྱི་གསུང་རྣམས་སེམས་སུ་ཉར་དགོས་པ་མ་ཟད། སངས་རྒྱས་ཀྱིས་སྒྲིབ་གཉིས་སྤངས་པ་མངོན་དུ་མཛད་པ་ལྟར། ང་ཚོས་ཀྱང་སྒྲིབ་གཉིས་སྤངས་ཏེ་རྣམ་མཁྱེན་རྒྱལ་བའི་གོ་འཕངས་ཐོབ་པའི་ཆེད་དུ་དམིགས་པ་དགོས། དེར་བརྟེན་སངས་རྒྱས་ཆོས་ཚོགས་མའི་ཚིག་དེ་ཧ་ཅང་ནུས་པ་ཆེན་པོ་རེད། ཅེས་གསུངས་སོང་།

ཡང་༧གོང་ས་མཆོག་ནས། ངོས་རང་གིས་ཉིན་ལྟར་སྟོང་ཉིད་ཀྱི་ལྟ་བ་སྒོམ་པར་བསམ་བློ་བཏང་དུས། སེམས་ཀྱི་རང་བཞིན་འོད་གསལ་བ་ག་ལེར་གསལ་བོ་ཆགས་ཀྱི་འདུག སེམས་ཀྱི་དྲི་མ་གློ་བུར་བ་དེ་ཅུང་ཙམ་ཤེས་ཡོང་དུས། དྲི་མ་དེར་གཉེན་པོ་བསྟེན་ཚེ་སྤངས་ཐུབ་པའི་ངེས་པ་རྙེད་ཐུབ་ཀྱི་འདུག  བློ་རིམ་གྱིས་སྦྱངས་ནས་དྲི་མ་མཐའ་དག་སྤངས་ཏེ་སངས་རྒྱས་ཀྱི་གོ་འཕངས་ཐོབ་ཐུབ་པའི་གདེང་ཚོད་རྙེད་ཀྱི་འདུག དྲི་མ་ཞེས་པ་སེམས་ཀྱི་ཉོན་མོངས་ཀྱིས་བཞག་པའི་བག་ཆགས་གློ་བུར་བ་དེ་ཆགས་ཡོད། ག་ལེར་གཉེན་པོ་བསྟེན་ཚེ་དེ་མེད་པ་གཏོང་ཐུབ་པ་མ་ཟད། མཐར་སེམས་རང་བཞིན་གྱིས་འོད་གསལ་བ་དེ་རྣམ་མཁྱེན་རྒྱལ་བའི་ངོ་བོར་འགྲོ་ཐུབ་པའི་རེ་བ་དང་སྤོབས་པ་སླེབས་ཀྱི་འདུག ད་ལྟ་ང་ཚོ་ལས་ཉོན་གྱི་གཞན་དབང་ཅན་ཡིན་ཡང་དྲི་མ་གློ་བུར་བ་རེད། དྲི་མ་གློ་བུར་བ་དེ་གཞི་རྩ་མེད་ལ་གཉེན་པོ་ཡོད་པ་ཞིག་ཡིན། ཆོས་རྣམས་ཀྱི་གནས་ལུགས་དང་སེམས་ཀྱི་རང་བཞིན་འོད་གསལ་བ་ལ་བསམ་བློ་ཡག་པོ་གཏོང་ཐུབ་ཚེ། སེམས་སུ་གདེང་ཚོད་ཡོད་པ་ཞིག་ཡོང་གི་འདུག  སེམས་ཀྱི་རང་བཞིན་འོད་གསལ་བ་དང་དྲི་མ་གློ་བུར་བ་ཡིན་པ་དེ་ང་ཚོ་ཚང་མས་སེམས་སུ་འཇོག་དགོས། ངོས་རང་གིས་བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པའི་ཐབས་ལམ་ཞིག་བསླབ་ན། ངོས་རང་གི་རྒྱུད་ན་ཡོད་པའི་སྐྱོན་རྣམས་དྲི་མ་གློ་བུར་བ་རེད། དེ་རིམ་བཞིན་སྦྱངས་ནས་སྤངས་རྟོགས་མཐར་ཕྱིན་པའི་སངས་རྒྱས་ཀྱི་ཐུགས་བཞིན་བསྒྲུབ་ཐུབ་པའི་ཚོད་དཔག་བྱ་ཐུབ་ཀྱི་འདུག ང་ཚོས་སངས་རྒྱས་ཆོས་ཚོགས་མ་འདོན་པའི་སྐབས་སུ་དེ་དག་ལ་བསམ་བློ་གཏོང་དགོས། ད་ལྟ་ང་ཚོའི་སེམས་རྒྱུད་ཉོན་མོངས་བ་དང་དེས་བཞག་པའི་བག་ཆགས་ཀྱིས་གཞན་དབང་དུ་གྱུར་ཡོད་ཀྱང་། དྲི་མ་གློ་བུར་བ་དང་སེམས་རང་བཞིན་གྱི་འོད་གསལ་བ་ཡིན་པས། ང་ཚོས་འབད་བརྩོན་ཡག་པོ་བྱས་ན་རྨོངས་པའི་གཞན་དབང་དུ་གྱུར་བ་དེ་རྣམ་མཁྱེན་གྱི་ཤེས་པར་འགྱུར་ཐུབ་པའི་ཚོད་དཔག་བྱ་ཐུབ་ཀྱི་འདུག ད་ལྟ་ང་ཚོའི་རྒྱུད་དུ་ཡོད་པའི་ཤེས་པ་མི་གསལ་བ་དེ་གློ་བུར་བ་རེད་ལ། གཉེན་པོ་བསྟེན་ཚེ་ག་ལེར་དག་ཐུབ་པ་ཞིག་རེད། སེམས་རང་བཞིན་གྱིས་འོད་གསལ་བ་དང་། དྲི་མ་གློ་བུར་བ་ལ་བསམ་བློ་ཡག་པོ་གཏོང་དགོས། སེམས་རང་བཞིན་གྱིས་འོད་གསལ་བའི་བློ་སྦྱངས་ཏེ་ངེས་པ་རྙེད་དགོས་པ་དང་། བློ་གསལ་བའི་ཆ་རྣམས་གོང་ནས་གོང་དུ་སྤེལ་དགོས། དྲི་མ་གློ་བུར་བ་དེར་གཉེན་པོ་བསྐྱེད་པའི་ཐོག་ནས་ག་ལེར་ཆུང་ཆུང་ནས་ཉུང་ཉུང་དུ་གཏོང་དགོས། ཞེས་གསུངས་སོང་།

གནས་མཆོག་རྡོར་གདན་གྱི་དུས་འཁོར་གསུང་ཆོས་ར་བའི་དད་ལྡན་སེར་སྐྱ་མི་མང་གིས་གསུང་ཆོས་ཞུ་བཞིན་པ།་དུས་བབ་ཀྱི་པར། ༢༠༢༣།༡༢།༢༩

༧མགོན་པོ་གང་ཉིད་མཆོག་གིས།  ངོས་རང་གི་ཉམས་མྱོང་གི་ཐོག་ནས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་བསམ་བློ་གཏོང་དུས། དྲི་མ་གློ་བུར་བ་ཡིན་པ་ཕལ་ཆེར་ཚོད་དཔག་བྱེད་ཐུབ་ཀྱི་འདུག ངོས་རང་གིས་སྦྱོར་ལམ་ཐོབ་པའི་ཚོད་ཐུབ་ཀྱི་འདུག ང་ཚོ་ཚང་མས་སེམས་རང་བཞིན་གྱི་འོད་གསལ་བ་དང་། དྲི་མ་གློ་བུར་བ་ཡིན་པ་ཡག་པོ་ཤེས་པ་བྱས་ཏེ། དྲི་མ་གློ་བུར་བ་དེ་ལ་གཉེན་པོ་བསྟེན་རྒྱུ་གལ་ཆེན་པོ་རེད། སྐབས་སུ་བབས་པའི་གཉེན་པོའི་མཆོག་ནི་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བ་རེད། སྟོང་ཉིད་ཀྱི་ལྟ་བས་ཉོན་སྒྲིབས་ཀྱི་གཉེན་པོ་བྱེད་པ་དང་། བྱང་ཆུབ་ཀྱི་སེམས་ཀྱིས་ཤེས་སྒྲིབས་ཀྱི་གཉེན་པོ་ཆགས་ཡོད། ང་ཚོས་སྟོང་ཉིད་ཀྱི་ལྟ་བ་དང་འབྲེལ་ནས་བྱང་ཆུབ་ཀྱི་སེམས་ལ་བསམ་བློ་ཡག་པོ་གཏང་། ཉིན་རེ་བཞིན་སེམས་ལ་གོམས་འདྲིས་བསྟེན་ཚེ། བཅོམ་ལྡན་འདས་ཀྱི་དགོངས་པ་དང་མཐུན་པ་མ་ཟད། ཁོང་གི་མངོན་དུ་མཛད་པའི་གོ་འཕངས་ཐོབ་ཐུབ་པའི་གདེང་ཚོད་རྙེད་ཀྱི་འདུག སངས་རྒྱས་བཅོམ་ལྡན་འདས་ཀྱིས་སྒྲིབ་གཉིས་སྤངས་བའི་མངོན་དུ་མཛད་པ་ལྟར། ང་ཚོས་ཀྱང་ག་ལེར་སྒྲིབ་གཉིས་སྤངས་བའི་སེམས་ཤུགས་བསྐྱེད་དགོས། བཅོམ་ལྡན་འདས་ཀྱི་ཐུགས་རྒྱུད་རང་བཞིན་འོད་གསལ་བ་རེད། དྲི་མ་གློ་བུར་བ་ཡིན་པ་དབྱེ་བ་ཁྱོན་ནས་མེད། ཆོས་ལུགས་ཚང་མ་ཧ་ཅང་ཡག་པོ་རེད། ངོས་རང་གིས་ཆོས་ལུགས་ཚང་མར་གུས་བརྩི་བྱེད་བཞིན་ཡོད། སངས་རྒྱས་བཅོམ་ལྡན་འདས་ཀྱི་ཆོས་ཀྱིས་ད་ལྟའི་ང་ཚོའི་ཤེས་པས་རྣམ་མཁྱེན་གྱི་གོ་འཕངས་ཐོབ་ཐུབ་པ་དང་སེམས་རང་བཞིན་གྱི་འོད་གསལ་བར་གསུངས་ཡོད་པ་དེ་ནུས་པ་ཆེན་པོ་དང་རླབས་ཆེན་རེད། ང་ཚོས་དེ་སེམས་སུ་འཇོག་དགོས། ཞེས་གསུངས་པ་དང་། མཇུག་ཏུ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་གནས་མཆོག་རྡོ་རྗེ་གདན་དུ་ངོས་རང་ལ་བཤད་ལུང་ཐོབ་པ་རྣམས་རོབ་ཙམ་ཞུས་ཡོད། ངོས་རང་གིས་ཉིན་མཚན་དུས་དྲུག་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་ཧ་ཅང་བསམ་བློ་གཏོང་བཞིན་ཡོད། ཆོས་གྲོགས་རྣམས་ཀྱིས་ཀྱང་བྱང་ཆུབ་ཀྱི་སེམས་དང་སྟོང་ཉིད་ཀྱི་ལྟ་བར་གང་ཐུབ་ཀྱིས་དགོངས་པ་བཞེས་ཏེ་ཉམས་ལེན་བྱེད་རོགས། ཚེ་འདི་ཙམ་མ་རེད། ཇི་སྲིད་ནམ་མཁའ་གནས་པ་དང་།། འགྲོ་བ་ཇི་སྲིད་གནས་གྱུར་བ།། དེ་སྲིད་བདག་ནི་གནས་གྱུར་ནས།། འགྲོ་བའི་སྡུག་བསྔལ་སེལ་བར་ཤོག ། ཅེས་ནམ་མཁའ་མ་གསལ་བར་དུ་ཚང་མས་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་ཤོག ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

མགྲིན་ཚབ་པ་བསྟན་འཛིན་ལེགས་བཤད་ལགས། པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས། ༢༠༢༦།༨།༡༤
Mobile App

བོད་མིའི་སྒྲིག་འཛུགས་ཀྱིས་གསེར་རྟ་བླ་རུང་སྒར་གཏོར་མཚམས་འཇོག་དགོས་པའི་རེ་སྐུལ་ཞུས། 

ཆུ་ཚོད་ ༡༢ སྔོན་ལ།
New Zealand's security agency said in a report that a Chinese organization with close ties ​to the government in Beijing had sought to install ground-based space infrastructure in the country through a local company. | REUTERS
Mobile App

ནེའུ་ཛི་ལན་ཌིས་རྒྱ་ནག་གི་གསང་ཉུལ་གྱི་ལས་དོན་འཇུས།

ཆུ་ཚོད་ ༡༣ སྔོན་ལ།
Archaeological sites in Tibet that Professor Mark Aldenderfer gave talks on.
Mobile App

རྒྱ་ནག་གཞུང་གིས་ཞང་ཞུང་ནི་བོད་བརྒྱུད་ནང་བསྟན་ཆོས་ལུགས་ཀྱི་འབྱུང་ཁུངས་ཡིན་པར་སྒྲུབ་བཞིན་འདུག

༢༠༢༦/༠༨/༡༣
Former Chinese Premier Zhu Rongji (C) leaves after the opening of the 19th National Congress of the Communist Party of China at the Great Hall of the People in Beijing, China October 18, 2017. REUTERS/Jason Lee
Mobile App

རྒྱ་ནག་གི་སྲིད་བློན་ཟུར་པ་ཀྲུའུ་རོང་ཅི་འདས་གྲོངས་སུ་གྱུར། 

༢༠༢༦/༠༨/༡༣
པར་འགྲེལ། law.asia དྲ་ཚིགས་ཀྱི་པར།
Mobile App

རྒྱ་ནག་གཞུང་གིས་ཕྱི་སྡོད་ཕྱུག་བདག་ཚོར་དངུལ་ཁྲལ་གྱི་ཉེས་ཆད་གཅོད་ཀྱིན་ཡོད་འདུག

༢༠༢༦/༠༨/༡༣
Brahma Chellaney  is an Indian geostrategist and columnist.Photo : Sri Lanka Campaign for Peace & Justice
Mobile App

རྒྱ་ནག་གིས་ཞིབ་བཤེར་གྱི་ལག་པ་རིང་དུ་བརྐྱངས་ནས་རྒྱལ་སྤྱིའི་ལྟ་སྟངས་ལ་འགྱུར་བ་གཏོང་བཞིན་ཡོད།

༢༠༢༦/༠༨/༡༢

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese