མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

 དགེ་བའི་རྩ་བ་ཐམས་ཅད་གྱི་ནང་ནས་གལ་ཆེ་ཤོས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དེ་རེད་ཅེས་གསུངས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཉིན་དགུ་པའི་ཐོག་༧དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ།

༧དཔལ་ས་སྐྱ་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༢ བ། འཇིག་རྟེན་ཞི་བདེའི་སྨོན་ལམ་གྱི་ངོ་དེབ་ལས་བླངས། ༢༠༢༤།༠༡།༠༣

དེ་རིང་ཕྱི་ཚེས་ ༣ ཉིན་གནས་མཆོག་རྡོ་རྗེ་གདན་དུ། དཔལ་ས་སྐྱའི་འདུས་མང་ཡོངས་ཀྱིས་ཇི་ལྟར་གསོལ་བ་བཏབ་པ་ལྟར།༧དཔལ་ས་སྐྱ་འཇིག་རྟེན་ཞི་བདེའི་སྨོན་ལམ་ཆེན་མོ་ཐེངས་ ༣༢ པའི་ཉིན་དགུ་པའི་ཐོག་༧དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས་བྱང་ཆུབ་སེམས་བསྐྱེད་ཀྱི་སྡོམ་པ་བསྩལ་སོང་།

༧དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག་གིས། སེམས་བསྐྱེད་ཅེས་པ་དེ་ཧ་ཅང་གལ་ཆེན་པོ་རེད། གང་ཡིན་ཟེར་ན་སེམས་བསྐྱེད་ཐོབ་ནས་སངས་རྒྱས་བར་དམ་བཅའ་བ་དང་མགོ་ཚུགས་ཀྱི་ཡོད། བྱང་ཆུབ་སེམས་སྐྱེས་གྱུར་ན་སྐད་ཅིག་གིས།།འཁོར་བའི་བཙོན་རྭར་བསྡམས་པའི་ཉམ་ཐག་རྣམས།། བདེ་གཤེགས་རྣམས་ཀྱི་སྲས་ཞེས་བརྗོད་བྱ་ཞིང་།།འཇིག་རྟེན་ལྷ་མིར་བཅས་པའི་ཕྱག་བྱར་འགྱུར།། ཞེས་གསུངས་བ་བཞིན། སེམས་བསྐྱེད་ནི་མ་འོངས་བར་སངས་རྒྱས་བར་རྟེན་དུ་འཁྱེར་བ་དགོས་པ་ཞིག་རེད། ང་ཚོར་རྟེན་ཐོབ་དཀའ་བ་རྟེན་འབྱུང་གི་མི་ལུས་ཐོབ་པ་དང་། མཇལ་དཀའ་བ་སངས་རྒྱས་ཀྱི་བསྟན་པ་མཇལ་བའི་དུས་སྐབས་བཟང་པོ་འདིར། ཆོས་བྱས་ཏེ་ལམ་སྣེ་མ་ཟིན་པ་ཡིན་ན་ཚེ་ངེས་པ་མེད་པ་རེད། སྐྱེ་བའི་མཐའ་མར་ཤི་དགོས། ག་དུས་ཤི་བའང་སུས་ཀྱང་ལབ་ཐུབ་ཀྱི་མེད། ཤི་བའི་གནས་སྐབས་སུ་སོ་སོའི་དགེ་སྡིག་གང་བསགས་ཡོད་པ་དེའི་རྗེས་སུ་འབྲང་རྒྱུ་མ་གཏོགས། སོ་སོའི་འདེམས་ཀ་བྱ་རྒྱུ་མེད་པ་རེད། དེ་བས་ད་ལྟ་ང་ཚོ་རང་དབང་ཡོད་པའི་སྐབས་དཀར་པོ་དགེ་བའི་ཆོས་ལ་ལམ་སྣེ་ཟིན་པ་ཞིག་ངེས་པར་དུ་དགོས་པ་རེད། འཛམ་གླིང་དུ་ཆོས་ལུགས་འདྲ་མིན་ཡོད་པ་ཚང་མས་མི་ལ་ཕན་ཐོགས་པ་ཤ་སྟག་ཡོད་ཀྱང་། སྐྱོན་ཀུན་སེལ་དང་ཡོན་ཏན་ཀུན་རྫོགས་ནི་སྟོན་པ་ཐུབ་པའི་དབང་པོ་བཞིན་མེད་པ་ཞིག་ཡིན་དུས། ཐར་བ་ཐམས་ཅད་མཁྱེན་པའི་གོ་འཕངས་རྙེད་ཐུབ་ཀྱི་མེད་པ་རེད། ང་ཚོའི་སྟོན་པ་ཐུགས་རྗེ་ཅན་ནི་འཁོར་བ་ལས་གྲོལ་བ་དང་། ཐམས་ཅད་མཁྱེན་པའི་ཡེ་ཤེས་མངོན་དུ་མཛད་དེ། རང་ཉིད་ཀྱིས་ཇི་ལྟར་མཛད་པ་བཞིན་གཞན་ལའང་དེ་ལྟར་དུ་ལམ་བསྟན་ཡོད།

༧དཔལ་ས་སྐྱ་གོང་མ་བདག་ཁྲི་རིན་པོ་ཆེ་མཆོག འཇིག་རྟེན་ཞི་བདེའི་སྨོན་ལམ་གྱི་ངོ་དེབ་ལས་བླངས། ༢༠༢༤།༠༡།༠༣

སྟོན་པ་བཅོམ་ལྡན་འདས་ཀྱིས་ཆོས་བསམ་གྱིས་མི་ཁྱབ་པ་གསུངས་ཡོད་ཀྱང་། མདོར་བསྡུས་ན་ཐེག་པ་ཆེ་ཆུང་གཉིས་སུ་བསྡུས་ཡོད་ཅིང་། ཐེག་པ་ཆུང་བའི་ལམ་གྱིས་རང་ཉིད་ཞི་བར་བྱེད་པ་ཙམ་ལས་གཞན་དོན་རྒྱ་ཆེན་པོ་འབྱུང་ཐུབ་ཀྱི་མེད། ཐེག་པ་ཆེན་པོ་ནི་བསམ་པ་དང་སྦྱོར་བ་གང་ཅིའི་ཐད་རྒྱ་ཆེན་པོ་ཡིན་པ་མ་ཟད། རང་གཞན་གཉིས་ཀྱི་དོན་ཐམས་ཅད་ཕུན་སུམ་ཚོགས་པ་བསྒྲུབ་ཐུབ་པས། ཐེག་ཆེན་ལམ་དུ་ནན་ཏན་གྱིས་འཇུག་དགོས་པ་གལ་ཆེན་པོ་རེད། ཐེག་པ་ཆེན་པོའི་ལམ་གྱི་གཞི་དང་ངོ་བོ་གྱུར་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དེ་རེད། ཅེས་གསུངས་སོང་།

ཡང་༧བདག་ཁྲི་རིན་པོ་ཆེ་མཆོག་གིས། སྤྱིར་བཏང་སེམས་ཅན་གྱི་དབང་བོ་རབ་འབྲིང་ཐ་གསུམ་ལ་བསྟུན་ཏེ། བྱང་ཆུབ་ཀྱི་སེམས་ལ་བསླབ་བྱ་རིམ་པ་མང་པོ་གསུངས་ཡོད། འགྲོ་འདུག་སྤྱོད་གསུམ་ཐོག་རང་ཉིད་ཀྱིས་ཅི་ཞིག་བྱེད་ཀྱི་ཡོད་ཀྱང་། སེམས་ཅན་ཐམས་ཅད་ཀྱི་ཆེད་དུ་སངས་རྒྱས་དགོས་པའི་བསམ་པ་ནམ་ཡང་མི་འདོར་པར་སྙིང་དབུས་སུ་བཅང་རྒྱུ་ནི་བསླབ་བྱ་ནང་ནས་གལ་ཆེ་ཤོས་དེ་ཡིན། ཞེས་དང་། དགེ་བའི་རྩ་བ་ཐམས་ཅད་གྱི་ནང་ནས་གལ་ཆེ་ཤོས་ནི་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་རྒྱུ་དེ་རེད། བྱང་ཆུབ་ཀྱི་སེམས་ལ་ཡུད་ཙམ་དུ་སེམས་བསྐྱེད་པས་ཀྱང་ཕན་ཡོན་བསམ་གྱི་མི་ཁྱབ་པ་རེད། ཅེས་གསུངས་སོང་།

གསར་འགོད་པ། བྱམས་པ་ཚེ་རིང་།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

པར་མིས་བཟོས་རིག་ནུས་ཀྱིས་བསྒྲིགས།
Editorials

ང་ཚོའི་སྨྲ་ལྕེར་གསོན་ཤུགས་རྒྱས་ཀྱིན་འདུག

སྐར་མ ༥༩ སྔོན་ལ།
Mobile App

ཆབ་སྲིད་དགོད་བརྙན་དང་དམར་པོའི་ཞི་འཐབ། ཀྲུང་ནན་ཧེ་[i]ཡི་“འཐབ་ཇུས་སྦྲིད་སྨན”།

༢༠༢༦/༠༩/༡༩
 ནང་སྲིད་བཀའ་བློན་དཔལ་ལྡན་དོན་འགྲུབ་མཆོག་གིསལན་འདེབས་གསལ་བཤད་གནང་བཞིན་པ།བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར།
Mobile App

དྷ་སའི་སྡོད་ཁང་ ༢༡༨ ཀྱི་དཀའ་ངལ་གསལ་ཐབས་གནང་རྒྱུ་ཡིན་འདུག 

༢༠༢༦/༠༩/༡༩
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་གསུམ་པ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་པར། ༢༠༢༦།༩།༡༨
Mobile App

སྤྱི་འཐུས་སྒེར་གྱི་གྲོས་ཆོད་གྲོས་འཆར་གཉིས་ཟགས་པ་དང་གཅིག་སྤྱི་མོས་གཏན་འབེབས་བྱུང་། 

༢༠༢༦/༠༩/༡༨
ཕྱི་སྲིད་ལྷན་ཁང་གི་པར།
གསར་འགྱུར།

ཊོམ་དང་ཞི་གཉིས་ཀྱི་མཇལ་འཕྲད་སྐབས་གླེང་སློང་བྱེད་སྲིད་པའི་གནད་དོན་བཅུ།

༢༠༢༦/༠༩/༡༨
Anthropic-threat-intelligence-report-september-2026
Mobile App

རྒྱ་ནག་གཞུང་གིས་རྒྱལ་མཚམས་ལས་བརྒལ་བའི་དྲ་རྒྱའི་དྲག་གནོན་ལག་བསྟར་བྱེད་བཞིན་འདུག

༢༠༢༦/༠༩/༡༨

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese