མདུན་ངོས།
About Us
  • English
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

ཕྱི་ལོ་ ༢༠༢༣ ལོར་རྒྱ་ནག་ནི་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་དང་པོ་དེ་ཆགས།

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

ཕྱི་ལོ་ ༢༠༢༣ ལོར་འཛམ་གླིང་རྒྱལ་ཁབ་ ༡༨༠ ནང་ནས་ཁྱོན་གསར་འགོད་པ་ ༧༧༩ འཛིན་བཟུང་བཙོན་འཇུག་བྱས་ཡོད་པ་དང་རྒྱ་ནག་ནི་གསར་འགོད་པ་བཙོན་འཇུག་བྱེད་མཁན་མང་ཤོས་དེ་ཆགས་འདུག

རྒྱ་ནག་སོགས་གསར་འགོད་རང་དབང་ཆེས་སྡུག་པའི་རྒྱལ་ཁབ་ལྔ་། འབྲེལ་ཡོད་མཐུན་ཚོགས་དེའི་པར།

ཕྱི་ལོ་ ༢༠༢༣ ལོ་ཡི་ཉིན་མཐའ་མ་དེར་ཧྥ་རན་སིའི་རྒྱལ་ས་པེ་རི་སི་རུ་ཡོད་པའི་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ (Reporters Without Borders) ཀྱིས་སྙན་ཐོ་བཏོན་པའི་ནང་། ཕྱི་ལོ་ ༢༠༢༣ ལོར་གསར་འགོད་པ་ ༧༧༩ འཛིན་བཟུང་བཙོན་འཇུག་བྱས་ཡོད་པའི་ཁྲོད་ནས་རྒྱལ་ཁབ་མི་འདྲ་བ་ ༤༥ ཡི་གསར་འགོད་པ་ ༥༤༧ ཙམ་གྱིས་བཙོན་ཁང་དང་ཡང་ན་བཟང་བཙོན་དུ་བཅུག་སྟེ་ལོ་གསར་ཡང་བཙོན་ཁང་དུ་སྲུང་གཙི་བྱས་ཡོད་འདུག  བཙོན་འཇུག་བྱས་པའི་གསར་འགོད་པ་ཕལ་མོ་ཆེ་ཨེ་ཤ་ཡའི་རྒྱལ་ཁབ་རྒྱ་ནག་དང་། ཝི་ཌི་ནམ་ (Vietnam)། བྷེ་ལ་ར་སི་ (Belarus)། འབར་མ་བཅས་ནས་ཡིན་འདུག་ལ། འདས་ལོར་རྒྱ་ནག་གིས་གསར་འགོད་པ་ ༡༣༥ བཙོན་ཁང་དུ་བཅུག་ཡོད་པའི་ཁྲོད་ནས་གསར་འགོད་པ་ ༡༢༡ བཙོན་ཁང་དུ་ཡོད་མུས་ཡིན་པར་བརྟེན། ཕྱི་ལོ་ ༢༠༢༣ ལོའི་འཛམ་གླིང་ཡོངས་ཀྱི་གསར་འགོད་པའི་བཙོན་ཁང་ཆེ་ཤོས་དང་པོ་དེ་རྒྱ་ནག་དང་། འབར་མའི་ནང་གསར་འགོད་པ་ ༨༤ བཙོན་ཁང་དུ་བཅུག་ཡོད་པས། གསར་འགོད་པའི་བཙོན་ཁང་ཆེ་ཤོས་གཉིས་པ་དེ་འབར་མ་ཆགས་འདུག་པ་མ་ཟད། འབར་མ་ནི་བཙོན་འཇུག་ཁྲིམས་ཐག་གཅོད་མཁན་དུས་ཡུན་རིང་ཤོས་དེའང་ཆགས་འདུག

དེ་འབྲེལ་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་ཁི་རི་སི་ཊོ་ཧྥི་ (Christophe Deloire) ལགས་ཀྱིས། གསར་འགོད་པ་རེ་རེ་འཛིན་བཟུང་བྱས་པ་དེས་གསར་འགོད་ལས་དོན་བསྒྲུབ་པ་འགོག་གི་ཡོད་ཅིང་། མ་འོངས་པར་གསར་འགོད་ལས་རིགས་བསྒྲུབ་པར་འཇིགས་སྐུལ་བྱེད་ངེས་རེད། དེ་ཡང་གསར་འགོད་པ་དང་དེའི་ལས་རོགས་བརྒྱ་ཕྲག་དང་སྟོང་ཕྲག་མང་པོས་འཛིན་བཟུང་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་ལས་གྲོལ་ཐབས་ཁོ་ནར་འཇིགས་སྣང་སྐྱེ་བ་དེས། གསར་འགོད་པར་སྡིགས་ར་སྐུལ་བ་ཞིག་ལ་ངོས་འཛིན་གྱི་ཡོད་པར་བརྟེན། སྒེར་གྱི་ཆབ་སྲིད་ཀྱི་ཕན་གནོད་དང་མིའི་བྱུས་ངན། དེ་བཞིན་འཛིན་བཟུང་དང་བཙོན་འཇུག་བྱ་རྒྱུའི་ཉེན་ཁ་ཡོད་པ་སོགས་རྒྱུ་རྐྱེན་འདྲ་མིན་ལ་བརྟེན་ནས་གསར་འགོད་པས་དངོས་ཡོད་གནས་ཚུལ་དང་གསར་འགྱུར་སྤེལ་ཐུབ་ཀྱི་མེད་པ་མ་ཟད། གསར་འགོད་པ་ས་ཡ་མང་པོའི་གསར་འགོད་རང་དབང་རྩིས་མེད་རྡོག་རོལ་གཏོང་གི་ཡོད་པ་རེད། ཅེས་བརྗོད་འདུག

ད་དུང་སྤྱི་ཁྱབ་དྲུང་ཆེ་ཁི་རི་སི་ཊོ་ཧྥི་ལགས་ཀྱིས། ངས་ཕོ་མོ་དབྱེར་མེད་ཀྱིས་སྲིད་དབང་སྒེར་གཅོད་གཞུང་གི་ཁ་གཏད་དུ་ལངས་མཁན་གསར་འགོད་པ་ཡོངས་ཀྱི་སྙིང་སྟོབས་ལ་གུས་བཀུར་ཞུ་ཡི་ཡོད། ངས་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་མི་རྣམས་དང་། དམིགས་བསལ་གྱིས་འཛམ་གླིང་རྒྱལ་ཁབ་ ༡༣༠ ལྷག་གི་ནང་ཡོད་པའི་མཐུན་ཚོགས་ཀྱི་ལས་བྱེད་ཡོངས་ཀྱིས་འཛམ་གླིང་གི་གསར་འགོད་པ་ཀློད་གྲོལ་གཏོང་སླད། ཐབས་ཤེས་ཡོད་རྒུ་རྩལ་དྲུག་སྟོན་པ་དང་གསར་འགོད་པ་དེ་དག་ཀློད་གྲོལ་ཆེད་འབད་བརྩོན་བྱས་དང་བྱེད་མུས་ཡིན་པའི་ཚོགས་མི་རྣམས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཞེས་བརྗོད་འདུག

འདས་ལོར་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་འཛམ་གླིང་རྒྱལ་ཁབ་ ༡༨༠ ཙམ་གྱི་གསར་འགོད་རང་དབང་དང་གསར་འགོད་པའི་གནས་སྟངས་སོགས་ལ་ཉམས་ཞིབ་བྱས་པ་བརྒྱུད་སྙན་ཐོ་ཞིག་བཏོན་པའི་ནང་། ཕྱི་ལོ་ ༢༠༢༣ ལོའི་ནང་ཨབ་གྷ་ནི་སི་ཐན་དང་ཨུ་རུ་སུ། ཝི་ཌི་ནམ་ (Vietnam) བཅས་ནི་གསར་འགོད་པར་ཆེས་ཉེན་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ལ་ངོས་འཛིན་བྱས་འདུག དེ་ཡང་། ཨབ་གྷ་ནི་སི་ཐན་གྱི་རྒྱལ་ཁབ་ཏུ་ཏ་ལི་བྷན་སྲིད་གཞུང་གིས་སྲིད་དབང་བཟུང་བ་ནས་བཟུང་། གསར་འགོད་པས་གནས་ཚུལ་སྤེལ་བ་དང་གནས་ཚུལ་བརྒྱུད་སྤེལ་བྱེད་པར་དཀའ་ངལ་འཕྲད་ཀྱི་ཡོད་པ་མ་ཟད། སྲིད་གཞུང་གིས་གསར་འགོད་པར་དྲག་གནོན་ཤུགས་ཆེན་བྱེད་ཀྱི་ཡོད་པར་བརྟེན། ཨབ་གྷ་ནི་སི་ནི་གསར་འགོད་རང་དབང་མེད་པའི་ཐོག་ཡུལ་དེའི་གསར་འགོད་པར་ཆེས་ཉེན་ཚབས་ཆེ་བའི་རྒྱལ་ཁབ་ཅིག་ཡིན་སྐོར་སོགས་བཀོད་འདུག

བུད་མེད་གསར་འགོད་པར་བཙོན་འཇུག་ཁྲིམས་ཐག་བཅད་པའི་སྐོར་ལ་རྒྱུས་ལོན་བྱས་པ་བརྒྱུད། ཕྱི་ལོ་ ༢༠༡༩ ནས་བཟུང་བུད་མེད་གསར་འགོད་པ་གཅིག་ཀྱང་ལོ་ངོ་ ༡༠ ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་མེད་ཀྱང་། ཕྱི་ལོ་ ༢༠༢༣ ལོ་སྟེ་འདས་ལོར་བུད་མེད་གསར་འགོད་པ་བརྒྱད་ལ་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པའི་ཁྲོད། བུད་མེད་གསར་འགོད་པ་ ༦ ལ་ལོ་ ༡༠ ལྷག་གི་བཙོན་འཇུག་ཁྲིམས་ཐག་བཅད་འདུག དེ་ཡང་ཨི་རན་སྲིད་གཞུང་གིས་ཡུལ་དེའི་གསར་འགོད་པ་ལྕམ་ཨེ་ལཱ་ཧེ་ (Elaheh Mohammadi) ལ་ལོ་ངོ་ ༡༢ ཀྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གསར་འགོད་པ་ལྕམ་ནི་ལུ་ཧྥར་ (Niloofar Hamedi) ལ་ལོ་ངོ་ ༡༣ གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག ད་དུང་བྷེ་ལ་ར་སི་ནས་ཡིན་པའི་གསར་འགོད་པ་ལྕམ་མེ་རི་ནཱ་ (Maryna Zolatava) དང་གསར་འགོད་པ་ཆཱེ་ཀི་ནཱ་ (Liudmila Chekina)། གསར་འགོད་པ་ཝེ་ལེ་རི་ཡཱ་ (Valeriya Kastsiuhova) བཅས་ལ་ལོ་ ༡༠ ནས་ ༡༢ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག་ལ། ཤར་ཨ་ཧྥེ་རི་ཀའི་རྒྱལ་ཁབ་བྷུ་རུན་ཌི་ (Burundi) ནས་ཡིན་པའི་གསར་འགོད་པ་ལྕམ་ཧྥོ་ལོ་རི་ཡེན་ (Floriane Irangabiye) ལ་ལོ་བཅུའི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག གཞན་ཡང་། ལྷོ་ཨ་ཧྥེ་རི་ཀའི་ས་ཧ་རའི་བཙོན་ཁང་དུ་བུད་མེད་གསར་འགོད་པ་གཉིས་ལ་ལོ་ངོ་ ༡༠ ཙམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་འདུག

ཡང་སྙན་ཐོ་དེའི་ནང་འབར་མའི་གསར་འགོད་པ་སའེ་ཛོ་ཐའེ་ཀེ་ (Sai Zaw Thaike) ཡིས་གནས་ཚུལ་ལོག་འགྲེལ་དང་དཀྲུག་སློང་གི་གསར་འགྱུར་སོགས་སྤེལ་བའི་ཉེས་མིང་འོག་ཁོ་ལ་ལོ་ངོ་ ༢༠ ཡི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པར་བརྟེན། འབར་མ་ནི་འཛམ་གླིང་ནང་གི་བཙོན་འཇུག་ཁྲིམས་ཆད་ཆེས་རིང་ཤོས་གཅོད་མཁན་དེ་ཆགས་ཡོད་པའང་གསལ་འདུག

ཕྱི་ལོ་ ༢༠༢༢ ཟླ་ ༡༢ ཚེས་ ༣༡ ཉིན་རྒྱལ་མཚམས་མེད་པའི་གསར་འགོད་མཐུན་ཚོགས་ཀྱིས་གསར་འགོད་པའི་གནས་སྟངས་དང་འབྲེལ་བའི་སྙན་ཐོ་བཏོན་པའི་ནང་། འཛམ་གླིང་གི་གསར་འགོད་པ་ཁྱོན་མི་གྲངས་ ༥༦༩ འཛིན་བཟུང་དང་བཙོན་འཇུག་བྱས་ཡོད་པ་ལྟར། འཛམ་གླིང་རྒྱལ་ཁབ་མང་པོའི་ནང་གསར་འགོད་རང་དབང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་པས་གསར་འགོད་པ་མང་པོ་འཛིན་བཟུང་དང་། སྡུག་སྦྱོང་མནར་གཅོད་ཚད་མེད་གཏོང་བ། མ་ཉེས་ཁ་གཡོགས་སོགས་བྱས་ཏེ་གསར་འགོད་པའི་མི་ཚེ་དང་ཉིན་རེའི་འཚོ་བའི་སྟེང་དཀའ་ངལ་ཆེན་པོ་ཡོང་གི་ཡོད་པ་དང་། གནས་ཚུལ་རྒྱུས་ལོན་དང་ཁྱབ་སྤེལ་བྱས་པར་དྲག་གནོན་སོགས་བྱས་ཏེ་བརྡབ་གསིག་མང་པོ་ཡོང་གི་ཡོད་སྐོར་བཀོད་འདུག

གསར་འགོད་པ། བསྟན་འཛིན་ཕུར་བུ།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

(File image) Sikyong Penpa Tsering and Representative Thinlay Chukki with Hon. Michael Brand, Member of the German Parliament and Parliamentary State Secretary to the German Government.
Mobile App

རྒྱ་ནག་གི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་འདེད་ཀྱི་ཁྲིམས་ཟེར་བར་ངོ་རྒོལ་བསྒྲགས་གཏམ་སྤེལ། 

ཆུ་ཚོད་ ༦ སྔོན་ལ།
China Steps Up Road Works In Arunachal Area It Controls Since 1959. Photo: Satellite Image 2026 Vantor
Mobile App

རྒྱ་ནག་གཞུང་གིས་བོད་ཧིན་མཐའ་མཚམས་སུ་གཞུང་ལམ་གསར་རྒྱག་བྱས་འདུག 

ཆུ་ཚོད་ ༩ སྔོན་ལ།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་གྱི་བཅའ་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ། ༢༠༢༦།༧།༡ པར་བོད་ཀྱི་དུས་བབ་གསར་ཁང་གིས་བསྒྲིགས།
Mobile App

གཞུང་ཁོངས་མིན་པའི་ཚོགས་སྡེ་ཁག་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་ཟེར་བའི་ཁྲིམས་ལག་བསྟར་བྱས་པར་ངོ་རྒོལ་ལས་འགུལ་སྤེལ།

༢༠༢༦/༠༧/༠༡
སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག ༢༠༢༦།༧།༡ དབུས་བོད་མིའི་སྒྲིག་འཛུགས་ཀྱི་པར།
Mobile App

རྒྱལ་ཚོགས་ཀྱིས་རྒྱ་ནག་གི་ཁྲིམས་འཆར་གསར་པར་ཞིབ་དཔྱོད་དགོས་པའི་ནན་སྐུལ།

༢༠༢༦/༠༧/༠༡
Mobile App

མིང་ཚིག་གི་གཡོ་ཁྲམ་འོག་གི་མི་རིགས་རྩ་མེད་ཀྱི་ལྐོག་གཡོ།

༢༠༢༦/༠༦/༣༠
Chinese businessman Guo Wengui, or Miles Guo, in 2018Photo Getty
Mobile App

ཀོ་ཝན་ཀོའུ་ལ་མི་ལོ་སུམ་ཅུ་ཡི་བཙོན་འཇུག་ཁྲིམས་ཐག་བཅད།

༢༠༢༦/༠༦/༣༠

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese