མདུན་ངོས།
About Us
  • English
Advertisement
བོད་ཀྱི་དུས་བབ།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese
No Result
ཆ་ཚང་གཟིགས།
བོད་ཀྱི་དུས་བབ།
English
No Result
ཆ་ཚང་གཟིགས།

དགེ་བཤེས་ལྷ་རམས་པར་ཕྱག་ཁྱེར་སྩལ་བའི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས།  

བོད་ཀྱི་དུས་བབ།
༢༠༢༤/༠༡/༠༣
Share on FacebookShare on TwitterShare on EmailShare on Whatsapp

༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དགེ་ལྡན་ལུགས་བསམ་གཙུག་ལག་སློབ་གཉེར་ཁང་གི་དགེ་བཤེས་ལྷ་རམས་པ་ ༤༡༣ ལ་ཕྱག་ཁྱེར་བསྩལ་བའི་མཛད་སྒོར་ཆིབས་བསྒྱུར་བཀའ་དྲིན་བསྐྱངས་བ།

ཕྱི་ཟླ་ ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་ ༤༡༣ ལ་ཕྱག་ཁྱེར་བསྩལ། དུས་བབ་ཀྱི་པར།

དེ་རིང་ཕྱི་ཟླ་ ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག  དགའ་ལྡན་ཁྲི་རིན་པོ་ཆེ་མཆོག་ནས་གདན་ས་གསུམ་དང་བཀྲ་ཤིས་ལྷུན་པོ། ར་སྟོད་གྲྭ་ཚང་བཅས་ཀྱི་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་དགེ་འདུན་པ་གྲངས་ ༤༡༣ ལ་ཕྱག་ཁྱེར་གནང་ཡོད་ཅིང་། སྐབས་དེར་༧མགོན་པོ་གང་ཉིད་ཀྱིས་བོད་ཀྱི་ནང་བསྟན་སློབ་གཉེར་བྱེད་སྟངས་དེ་ཧ་ཅང་ཁྱད་འཕགས་ཅན་ཞིག་ཡིན་སྐོར་སོགས་ཀྱི་བཀའ་སློབ་བསྩལ་སོང་།

དེ་ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། དེ་རིང་འདིར་ལྷ་རམས་པའི་ཕྱག་འཁྱེར་དབུལ་རྒྱུ་རེད། ང་ཚོ་བོད་གངས་ཅན་གྱི་བསླབ་པ་སློབ་གཉེར་བྱེད་སྟངས་ནི་ཧ་ལས་པ་ཞིག་རེད། ཐའེ་ལན་ཌི་དང་འབར་མ། ཝེ་ཐི་ནམ་སོགས་སུ་ངོས་ལ་ནང་པ་ངོ་ཤེས་པ་མང་པོ་ཡོད། ཡིན་ནའང་། ལོ་མང་པོར་དཔེ་ཆར་ལྟ་མཁན་ཧ་ཅང་ཉུང་ཉུང་རེད། རེ་ཟུང་ཡོད་ཤས་ཆེ་མ་གཏོགས་མང་ཆེ་བ་དཔེ་ཆར་ལྟ་བར་དོ་སྣང་མེད་པར་སྒོམ་བརྒྱབ་ནས་སྡོད་པ་ལ་དོ་སྣང་ཆེ་བ་ལྟ་བུ་འདུག ང་ཚོ་བོད་ལ་དཔེ་ཆར་ལྟ་བར་དང་དོད་ཧ་ཅང་ཤུགས་ཆེན་པོ་ཡོད་པ་རེད། ངོས་རང་ལ་མཚོན་ན་ཆུང་ཆུང་སྐབས་ནས་དཔེ་ཆར་བལྟ་བ་དང་། དཔེ་ཆར་ལྟ་དུས་ཚིག་གི་འབྲུ་རྙེད་པ་ཙམ་དུ་མ་ཟད། དེ་ལ་དཔྱད་པ་བྱེད་ཀྱི་ཡོད། ང་ཚོའི་རྟགས་གསལ་གྱི་འགྲོ་སྟངས་ནི་ཧ་ཅང་ཡག་པོ་ཞིག་རེད། བརྡར་ཤ་བཅད་ནས་འགྲོ་བ་ནི་ཧ་ཅང་གལ་ཆེན་པོ་རེད། ཅེས་གསུངས་སོང་།

ཕྱི་ཟླ་ ༡ ཚེས་ ༣ ཉིན་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་དབུ་བཞུགས་ཐོག་དགེ་བཤེས་ལྷ་རམས་པའི་བསླབ་པ་མཐར་སོན་པ་ ༤༡༣ ལ་ཕྱག་ཁྱེར་བསྩལ། ཐད་གཏོང་གི་པར།

ཡང་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ནས། འདིར་སློབ་གཉེར་གནང་མཁན་ཁྱོད་ཚོ་ཚང་མར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་། ཚང་མས་སློབ་གཉེར་གནང་ནས་ཧུར་ཐག་བྱས་པ་རེད། སློབ་གཉེར་གནང་ནས་གོ་རྟོགས་ཡོད་པ་དེ་ལག་ལེན་དུ་བསྐྱལ་ནས། ཐོག་མར་ཐོས་བྱུང་གི་ཤེས་རབ་དང་། དེ་ནས་བསམ་བྱུང་གི་ཤེས་རབ། མཐའ་མར་སྒོམ་བྱུང་གི་ཤེས་རབ་རྒྱུད་དུ་སྐྱེས་ཏེ་ས་ལམ་བགྲོད་ཐུབ་པ་ཞིག་དགོས། ངོས་རང་ལ་མཚོན་ན་བྱང་ཆུབ་ཀྱི་སེམས་གང་ལ་གང་འཚམ་ཡོད་པ་རེད། སྟོང་ཉིད་ཀྱི་ལྟ་བར་བསམ་བློ་བཏང་ཡོང་དུས་སྦྱོར་ལམ་ནས་ཡར་འགྲོ་བའི་ཚོད་དཔག་བྱེད་ཀྱི་ཡོད་ལ། རེ་བ་རྒྱག་གི་ཡོད། ཅེས་དང་། འཛམ་གླིང་གི་མི་སྤྱི་དང་སངས་རྒྱས་པའི་ཆོས་ལ་དོ་སྣང་ཡོད་མཁན་ཚོར་མིག་དཔེར་མཚོན་ཐུབ་པ་ཞིག་གི་ཐོག་ནས་སངས་རྒྱས་པའི་ཆོས་པ་ཞིག་གིས་ཆོས་ལ་བསམ་བློ་བཏང་། དཔྱད་པ་བྱས་ཏེ་མི་འདྲ་བ་ཞིག་འདུག་བསམ་ཏེ་མི་ཚོས་དོ་སྣང་སླེབས་པར་ཚང་མས་ཧུར་ཐག་བྱ་དགོས། བསྟན་པའི་ཞབས་འདེགས་སྒྲུབ་ཟེར་བ་ནི་དེ་འདྲ་ཞིག་རེད། ཚང་མས་འཆར་ཅན་ཡིན་བསམ་པ་མིན་པར་ཉིན་རེ་བཞིན་དུ་ཐོས་བསམ་སྒོམ་གསུམ་གྱི་ཐོག་ནས་བློ་ལ་ཡར་རྒྱས་ཡོད་པ་ཞིག་དང་། གྲོགས་པོ་ཚོར་འགྲེལ་བཤད་དང་། སྟོན་ཐུབ་པ་ཞིག་བྱུང་ན་བསྟན་པའི་ཞབས་འདེགས་སྒྲུབ་ཀྱི་ཡོད།  ཚང་མས་ཧུར་ཐག་གནང་རོགས། ཞེས་གསུངས་སོང་།

གསར་འགོད་པ། དཔལ་ལྡན།

རྩོམ་སྒྲིག་པ། པདྨ་མཚོ།

འབྲེལ་ཡོད་གསར་འགྱུར།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་དགུ་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

སྐབས་བཅོ་བརྒྱད་པའི་གྲོས་ཚོགས་ཚོགས་དུས་གཉིས་པ་མཇུལ་བསྒྲིལ་སོང་། 

སྐར་མ ༢༢ སྔོན་ལ།
THE MONK AND THE GUN (དྲ་རྒྱའི་པར།)
Featured Blogger

སྔ་དྲགས་པའི་དམངས་གཙོ་དང་རྙིང་དྲགས་པའི་མེ་མདའ་།

ཆུ་ཚོད་ ༣ སྔོན་ལ།
རྒྱ་ནག་དམངས་གཙོ་དོན་གཉེར་བ་རྣམས་ཀྱིས་ངོ་རྒོལ་བྱེད་བཞིན་པ། པར་ཝང་ཌན་གྱི་ངོ་དེབ་ནས་བླངས།
Mobile App

ཞི་ཅིན་ཕིན་ལ་ངོ་རྒོལ་བྱེད་མཁན་བོད་རིགས་གཅིག་པུ་རེད་དམ།

ཆུ་ཚོད་ ༤ སྔོན་ལ།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་གཉིས་པའི་ལས་ཉིན་བརྒྱད་པར། པར་བོད་ཀྱི་བརྙན་འཕྲིན་ཚན་པས་ཐད་གཏོང་ལས་བླངས།
Mobile App

བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་རྣམས་ནི་ང་ཚོའི་སྒལ་ཚིགས་ལྟ་བུ་རེད་ཅེས་གསུངས་སོང་། 

༢༠༢༦/༠༩/༢༤
པར་བོད་ཀྱི་དུས་བབ་ཀྱིས་བསྒྲིགས།
Mobile App

འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་གྲོས་གཞིའི་ནང་ཚུད་དགོས་ཟེར།  

༢༠༢༦/༠༩/༢༤
Liu Zhenli (left) and Zhang Youxia, are former members of China's top military authority. Photos: Handout, EPA
Mobile App

རྒྱ་ནག་གི་མཐོ་རིམ་དཔོན་རིགས་གཉིས་དམག་སྲིད་ཏང་གསུམ་གྱི་ཁོངས་ནས་ཕྱིར་ཕུད་བྱས།

༢༠༢༦/༠༩/༢༤

དཔྱད་མཆན་སྤེལ། Cancel reply

Your email address will not be published. Required fields are marked *

སྤྱི་ཚོགས་དྲ་གནས།

ཁྱབ་བསྒྲགས།

དྲ་ངོས་ཀྱི་གནས་ཚུལ་ཚང་མའི་པར་དབང་བོད་ཀྱི་དུས་བབ་ལ་ཡོད།

གློག་འཕྲིན།

editor@tibettimes.net | office@tibettimes.net

ཁ་པར།

+91-98823-47075 | +91-92189-38041 | +91-81972-44372

Welcome Back!

OR

Login to your account below

Forgotten Password?

Retrieve your password

Please enter your username or email address to reset your password.

Log In

Add New Playlist

No Result
ཆ་ཚང་གཟིགས།
  • གསར་འགྱུར།
    • ༸གོང་ས་མཆོག གསར་འགྱུར།
    • བཙན་བྱོལ།
    • བོད་ནང་།
    • རྒྱལ་སྤྱི།
    • རྒྱ་ནག
    • ༧གོང་ས་མཆོག གསུང་འཕྲིན།
  • རྩོམ་ཡིག།
    • བསམ་ཚུལ།
    • སྒྱུར་རྩོམ།
  • བརྙན་མཛོད།
    • གླེང་མོལ།
    • མེ་ལོང་།
    • ང་ཡི་བཙན་བྱོལ་བ།
    • གངས་ཕྲུག
    • དྲ་བརྙན་གསར་འགྱུར།
  • ཁྱབ་བསྒྲགས།
    • གླ་ཡོད་ཁྱབ་བསྒྲགས།
    • དུས་བབ་ཀྱི་གསལ་བསྒྲགས།
    • གླ་ཡོད་རིན་གོང་།
  • པར་མཛོད།
    • ང་ཚོའི་པར།
    • གསང་འགྱུར་པར་རིས།
  • དཔེ་དེབ།
  • རྩོམ་སྒྲིག་པའི་གཏམ།
  • ང་ཚོའི་སྐོར།
    • བོད་ཀྱི་དུས་བབ་ཀྱི་བྱུང་རིམ།
    • རྩ་ཆེའི་གསུང་འཕྲིན་ཁག
    • English
    • Chinese